མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་བྱང་ཀོ་རི་ཡའི་གྲོས་མོལ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ལྷོ་བྱང་ཀོ་རི་ཡའི་མཐོ་རིམ་དཔོན་རིགས་ཐུག་འཕྲད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་ཁག་སེལ་ཐབས་ལ་གྲོས་མོལ་བྱས་ཡོད་འདུག 

ཟླ་སྔོན་མའི་ཚེས་ ༡༩ ཉིན་ནས་བཟུང་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཨེན་ཆོན་ (Incheon) ནང་འཚོགས་བཞིན་པའི་ཨེ་ཤ་ཡའི་རྩེད་འགྲན་གྱི་མཇུག་བསྡོམས་མཛད་སྒོ་དང་བསྟུན་ཏེ། དེ་རིང་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇོན་ཨང་ལག་འོག་གི་དབང་ཆ་ཆེ་ཤོས་ཨང་གཉིས་པ་ཧེ་ཝང་ (Hwang Pyong-so) དང་ངལ་རྩོལ་ཚོགས་པའི་མགོ་ཁྲིད་ཆུ་རེ་ཡོན་(Choe Ryong-hae)སོགས་དཔོན་ཁག་ཅིག་ལྷོ་ཀོ་རི་ཡར་སྐྱོད་དེ། ལྷོ་ཀོ་རི་ཡའི་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་ཀེ་ཧལ་ཇི་ (Ryoo Kihl-jae) དང་། རྒྱལ་སྲུང་སློབ་སྟོན་པ་ཀེམ་ཀེ་ཝང་(Kim Kwan-jin) རྣམ་གཉིས་ཐུག་འཕྲད་ཀྱིས། རྒྱལ་ཁབ་གཉིས་བར་གྱི་ས་མཚམས་རྩོད་རྙོག་དང་མི་སྣའི་འགྲོ་འོང་། དམག་དོན་དང་ཚོང་དོན་སོགས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཐབས་ལ་གྲོས་མོལ་བྱས་ཡོད་པ་མ་ཟད། མ་འོངས་པར་གྲོས་མོལ་འདི་མུ་མཐུད་མཇུག་སྐྱོང་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག འདི་ནི་ལོ་ ༥ རྗེས་ལྷོ་བྱང་ཀོ་རི་ཡའི་མཐོ་རིམ་དཔོན་རིགས་བར་གྲོས་མོལ་གནང་བ་ཐོག་མ་དེ་ཆགས་ཡོད་འདུག  

འདིའི་ཐད་ལྷོ་ཀོ་རི་ཡའི་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་མགྲིན་ཚབ་པ་ལེམ་ (Lim Byeong Cheol) གྱིས། “ད་རེབ་ཀྱི་གྲོས་མོལ་འདི་ནི་ལྕམ་པག་གྷེན་ཧེ་མཆོག་ལྷོ་ཀོ་རི་ཡའི་སྲིད་འཛིན་ཆགས་རྗེས་ཀྱི་གྲོས་མོལ་ཐོག་མ་དེ་ཆགས་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་འགྲོ་རྒྱུར་ཡིད་ཆེས་བྱེད་བཞིན་ཡོད།’’ཅེས་བརྗོད་འདུག དེ་བཞིན་བྱང་ཀོ་རི་ཡའི་ཧེ་ཝང་(Hwang Pyong-so) གིས་ཀྱང་། “གྲོས་མོལ་འདི་བརྒྱུད་དེ་ཕན་ཚུན་གྱི་གནས་ཚུལ་མང་དག་ཅིག་རྒྱུས་ལོན་ཐུབ་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་འགྲོ་རྒྱུའི་རེ་བ་ཡོད།”ཅེས་བརྗོད་འདུག

༢༠༠༩ ལོར་ལྷོ་ཀོ་རི་ཡིའི་སྲིད་འཛིན་བརྒྱད་པ་ཀེམ་དྷེ་ཇུན་ (Kim Dae-jung)འདས་གྲོངས་སྐབས། བྱང་ཀོ་རི་ཡའི་ཀེམ་ཡང་གྷོན་ (Kim Yang-gon) དང་ཀེམ་ཀི་ནམ་ (Kim Ki Nam) གཉིས་ལྷོ་ཀོ་རི་ཡར་བསྐྱོད་དེ་འདས་པོར་མྱ་ངན་ཞུས་ཡོད་པ་མ་ཟད། སྐབས་དེའི་ལྷོ་ཀོ་རིའི་སྲིད་འཛིན་ལི་མེ་ཡུང་ (Lee Myung-bak)དང་ཐུག་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་མོལ་བྱས་ཏེ་འབྲེལ་ལམ་བསྐྱར་གསོ་བྱུང་ཡོད།

༢༠༡༣ ལོའི་ཟླ་ ༢ ཚེས་ ༢༥ ཉིན་ལྕམ་པག་གྷེན་ཧེ་ (Park Geun-hye)ལྷོ་ཀོ་རི་ཡའི་སྲིད་འཛིན་ཆགས་རྗེས། ལྷོ་བྱང་ཀོ་རི་ཡའི་མཚོ་ཁུལ་དུ་ཨ་རིའི་མཚོ་དམག་དང་ལྷོ་ཀོ་རི་ཡའི་མཚོ་དམག་བར་མཉམ་ལས་དམག་སྦྱོང་བྱ་རྒྱུའི་གྲོས་མཐུན་བཞག་སྟེ་ད་བར་དམག་སྦྱོང་ཐེངས་བཞི་ཙམ་བྱས་ཡོད་སྟབས། ༢༠༡༤ ལོའི་ཟླ་ ༦ ཚེས་ ༢༦ ཉིན་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ ༣ དང་། ཚེས་ ༢༩ ཉིན་ ༢ བཅས་ད་བར་ཤུགས་ཚད་འབྲིང་ཆུང་གཉིས་ཀྱི་སྒྱོགས་མདེལ་ ༤༦ ཙམ་ཚོད་ལྟ་བྱས་པ་མ་ཟད། བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་པག་གྷན་ཧེ་མཆོག་ནི་སྨད་ཚོང་མ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད།

 ཉེ་ལམ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་ཀྱང་། ༢༠༡༤ ལོའི་ཟླ་ ༢ ཚེས་ ༡༢ ནས་ ༡༤ ཉིན་བར་ལྷོ་བྱང་ཀོ་རི་ཡའི་བློན་ཆེན་རིམ་པའི་ཚོགས་འདུ་ཚོགས་ཏེ་ཟླ་ ༢ ཚེས་ ༢༠ ཉིན་བྱང་ཀོ་རི་ཡའི་ཀུམ་སྒང་ཡུལ་སྐོར་སྤྲོ་འཆམ་ས་གནས་སུ་ཁ་བྲལ་སོང་བའི་ནང་མི་ཐུག་འཕྲད་དང་། ༢༠༡༤ ལོའི་ཟླ་ ༩ ཚེས་ ༡༩ ཉིན་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡར་ཚོགས་བཞིན་པའི་ཨེ་ཤ་ཡའི་རྩེད་འགྲན་ལ་མཉམ་བཞུགས་སོགས་བྱས་ཡོད།

 ༡༩༨༦ ལོར་བྱང་ཀོ་རི་ཡས་ལྷོ་རི་ཡའི་རྒྱལ་ས་སཱོལ་ནང་ཚོགས་པའི་ཨེ་ཤ་ཡའི་རྩེད་འགྲན་དང་། ༡༩༨༨ ལོའི་དབྱར་ཁའི་ཨོ་ལོམ་པིག་ལ་མཉམ་བཞུགས་བྱས་མེད་ཀྱང་། ཀེམ་དྷེ་ཇུན་ (Kim Dae-jung)ལྷོ་ཀོ་རི་ཡའི་སྲིད་འཛིན་གནང་སྐབས་ཀྱི་ ༢༠༠༢ ལོའི་ལྷོ་ཀོ་རི་ཡའི་བྷུ་སན་གྲོང་ཁྱེར་ (Busan) ནང་ཚོགས་པའི་ཨེ་ཤ་ཡའི་རྩེད་འགྲན་དང་། ༢༠༠༥ ལོར་ཨེན་ཆོན་གྲོང་ཁྱེར་ནང་ཚོགས་པའི་ཨེ་ཤ་ཡའི་རྩེད་འགྲན་ལ་མཉམ་བཞུགས་བྱས་ ཡོད།

ལྷོ་ཀོ་རི་ཡའི་གཙུག་ལག་སློབ་ཆེན་གྱི་བྱང་ཀོ་རི་ཡའི་གནད་དོན་ཆེད་མཁས་པ་ཡང་མཱོ་ཇེན་ (Yang Moo-Jin) གྱིས། “ད་རེབ་བྱང་ཀོ་རི་ཡ་གཞུང་གིས་ལྷོ་ཀོ་རི་ཡར་ཚོགས་པའི་ཨེ་ཤ་ཡའི་རྩེད་འགྲན་ཐོག་མཉམ་བཞུགས་བྱས་པ་མ་ཟད། དེ་རིང་བྱང་ཀོ་རི་ཡའི་མཐོ་རིམ་དཔོན་རིགས་ཀྱི་སྐུ་ཚབ་ཚོགས་ཆུང་ལྷོ་ཀོ་རི་ཡར་སྐོར་སྐྱོད་ཀྱིས་རྒྱལ་ཁབ་གཉིས་བར་གྱི་དཀའ་རྙོག་ཞི་འགྲིག་ཡོང་རྒྱུར་གྲོས་མོལ་གནང་ཡོད་སྟབས། དེ་ནི་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡ་དང་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱེད་ཀྱིན་ཡོད་པའི་མཚོན་རྟགས་གལ་ཆེན་ཞིག་ཆགས་ཡོད།”ཅེས་བརྗོད་འདུག  

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese