མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུའུ་ཁུ་རེན་གྱི་ཟིང་འཁྲུག་སླར་ཡང་མགོ་བཙུཊ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཡུའུ་ཁུ་རེན་གཞུང་དང་གྱེན་ཚོགས་པའི་བར་ཟླ་གཅིག་རིང་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་གྲོས་མོལ་བྱུང་ཡོད་ཀྱང་ཁ་སང་ཡང་བསྐྱར་ཕན་ཚུན་བར་མེ་མདའ་རྒྱག་རེས་བྱས་ཏེ་མི་འགའ་བསད་ཡོད་འདུག

ཟླ་སྔོན་མའི་ ༢༢ ཉིན་ཡུའུ་ཁུ་རེན་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལཱ་རུ་སི་ (Belarus)ཡི་རྒྱལ་སར། ཡུའུ་ཁུ་རེན་གཞུང་དང་ཡུའུ་ཁུ་རེན་ནང་གི་གྱེན་ལོག་ཚོགས་པ་གཉིས་ཀྱིས་ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་ཁག་ནང་ཟླ་གཅིག་རིང་ཕན་ཚུན་འཇབ་རྒོལ་མི་བྱེད་པའི་གྲོས་མོལ་བྱུང་ཡོད་ཀྱང་། ཁ་སང་གྱེན་ལོག་པ་ཚོས་གྲོང་ཁྱེར་ཌོན་ནེ་ཊི་སི་ཀི་ (Donetsk) ཡི་གནམ་ཐང་གཙོས་ཨུ་རུ་སུའི་ཉེ་འགྲམ་གྱི་ས་མཚམས་ཌེ་བྷལ་ཊི་སེ་ཧུད་ (Debaltseve) དང་ཞི་ཆཱ་སི་ཌེ་(Shchastye) བཅས་ཀྱི་ཤར་ཕྱོགས་ཁུལ་དུ་འཇབ་རྒོལ་བྱས་ཏེ། གཞུང་གི་ལས་བྱེད་གཉིས་དང་གཞན་མི་དྲུག་ལ་རྨས་སྐྱོན་འཚབ་ཆེན་བཟོས་ཡོད་སྟབས། ཡུའུ་ཁུ་རེན་གཞུང་གིས་འཇིགས་སྐུལ་རིང་ལུགས་གྱེན་པ་ཚོགས་པ་ཚོས་གྲོས་མོལ་ལ་རྩིས་མེད་བཏང་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག

གནས་ཚུལ་འདིའི་ཐད་གྱེན་ལོག་ཚོགས་པའི་མཐོ་རིམ་དམག་དཔོན་བྷ་སོ་ལིན་ (Basulin) རོའུ་ཊར་གསར་འགོད་པར། ཉེ་བའི་ཆུ་ཚོད་ ༢༤ རིང་ཌོན་ནེ་ཊི་སུ་ཀི་གྲོང་ཁྱེར་ནང་དུ་ཡུའུ་ཁུ་རེན་དམག་དཔུང་གིས་ཁོ་ཚོའི་ འཐབ་འཛིང་པ་གསུམ་བསད་པ་དང་། ཁྱོན་མི་ ༣༢ ལ་རྨས་སྐྱོན་བཟོས་ཡོད་འདུག་ལ། ཁོ་ཚོས་གཞུང་གི་དམག་དཔུང་གྲོང་ཁྱེར་ནས་མཐར་བསྐྲོད་གཏོང་བར་དམིགས་ཡུལ་གཙོ་བཟུང་ནས་འགོག་སྲུང་བྱེད་ཀྱི་ཡོད་ཅེས་བརྗོད་འདུག 

ཁ་སང་ཨ་རིས་སྣེ་འཁྲིད་པའི་ནུབ་ཕྱོགས་མཉམ་འབྲེལ་དམག་དཔུང་ (NATO) གི་སྤྱི་ཁྱབ་དྲུང་ཆེ་གསར་པ་སྐུ་ཞབས་སི་ཊོལ་ཊེན་བྷ་གྷི་ (Jens  Stoltenberg) ལགས་ཀྱིས།  ཨུ་རུ་སུས་གྲང་དམག་རྗེས་ཀྱི་གྲོས་མཐུན་སྣང་མེད་བཞག་ཏེ་ཡུའུ་ཁུ་རེན་གྱི་རང་སྐྱོང་མངའ་ཁུལ་ཁུ་རེ་མཱེ་ (Crimea) བཙན་བཟུང་བྱས་སྟབས། ནུབ་ཕྱོགས་མཉམ་འབྲེལ་དམག་དཔུང་མཐུན་གྲོགས་རྒྱལ་ཁབ་ཚོའི་ནང་གི་ས་གནས་གང་ལའང་ཆེད་གཏོང་ཐུབ་ཀྱི་ཡོད་ཅེས་བརྗོད་ཡོད་འདུག

ཟླ་འགའི་སྔོན་ཨུ་རུ་སུས་ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་ནང་ཡོད་པའི་ཨུ་རུ་སུའི་སྐད་བཤད་མཁན་ལ་སྲུང་སྐྱོབ་བྱེད་པའི་བདག་དབང་ཡོད་ཚུལ་བརྗོད་དེ། ཡུའུ་ཁུ་རེན་གྱི་ས་མཚམས་སུ་དམག་དཔུང་གྲ་སྒྲིག་དང་འགྲེམ་འཇོག་གི་གནས་སྟངས་ཛ་དྲག་ཆགས་སྐབས། ནུབ་ཕྱོགས་མཉམ་འབྲེལ་དམག་དཔུང་གིས་ཀྱང་ཡུ་རོབ་ཤར་ཕྱོགས་ཀྱི་འཐུས་མིའི་རྒྱལ་ཁབ་ཚོའི་ནང་དམག་དཔུང་འགྲེམ་འཇོག་གིས་ཨུ་རུ་སུར་རྣམ་འགྱུར་བསྟན་ཡོད་འདུག

ད་ལོའི་ཟླ་ ༢ ནང་ཡུའུ་ཁུ་རེན་ནང་སྲིད་དོན་གྱི་ཟིང་འཁྲུག་བྱུང་བ་ནས་བཟུང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུའུ་ཁུ་རེན་ཤར་ཕྱོགས་ནང་གི་གྱེན་ལོག་པ་ཚོར་ཨུ་རུ་སུས་ལྐོག་ནས་མཚོན་ཆ་དང་དཔལ་འབྱོར་རོགས་སྐྱོར་བྱེད་ཀྱིན་ཡོད་པ་མཚམས་འཇོག་ཡོང་ཆེད། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱིས་ཨུ་སུ་རུར་དཔལ་འབྱོར་ཉེས་ཆད་རིམ་པ་གསུམ་བཏང་ཡོད་པ་མ་ཟད། ཨུ་རུ་སུས་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱེད་པར་མཚམས་འཇོག་མ་བྱས་ཚེ་དཔལ་འབྱོར་ཉེས་ཆད་རིམ་པ་བཞི་བ་གཏོང་རྒྱུར་གྲ་སྒྲིག་བྱས་ཡོད་འདུག

ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་སྐྱོན་འཛུགས་ལ་ཁས་ལེན་བྱས་མེད་པ་མ་ཟད། ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཏང་བ་དེ་དྲང་བདེན་མིན་སྐོར་དང་། ཨུ་རུ་སུས་ཡུ་རོབ་དང་ཨ་རི་གཉིས་ནས་ནང་འདྲེན་བྱེད་བཞིན་པའི་སྔོ་ཚལ་དང་ཤ་རིགས།  རྒྱུན་སྤྱོད་མཁོ་ཆས་རིགས་ལེན་རྒྱུ་མཚམས་འཇོག་བྱས་ཡོད་པ་དང་། འབྱུང་འགྱུར་ཨུ་རུ་སུས་རྒྱལ་སྤྱིའི་འགྲུལ་སྐྱོད་གནམ་གྲུ་ཨུ་རུ་སུའི་བར་སྣང་ནས་འཕུར་སྐྱོད་བྱེད་པར་བཀག་འགོག་དང་། སོལ་རླངས་གཏོང་མཚམས་འཇོག་རྒྱུ་ཡིན་པ་སོགས་ཀྱི་ཉེན་བརྡ་བཏང་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཡུའུ་ཁུ་རེན་གྱི་དཀའ་རྙོག་ཐོག་ནས་འཛམ་གླིང་ཤར་ནུབ་གཉིས་སུ་ཕྱེས་ཏེ་རྒྱལ་ཁབ་ཚང་མའི་དཔལ་འབྱོར་ལ་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་སྟབས། ཨུ་རུ་སུས་ངེས་པར་དུ་ཡུའུ་ཁུ་རེན་གྱི་དཀའ་རྙོག་སེལ་ན་ཚང་མར་ཁེ་ཕན་ཆེན་པོ་ཡོད་ཚུལ་བརྗོད་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese