མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་སྤྲུལ་སྐུ་ཞིག་ལ་ཨི་བྷོ་ལ་ནད་ཡམས་འགོས་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་པའི་སྤྲུལ་སྐུ་ཞིག་གི་ཡང་སྲིད་ལ་ངོས་འཛིན་བྱས་ཡོད་པའི་ཨ་རིའི་དཔར་པ་ཞིག་ལ་ཨི་བྷོ་ལ་ནད་ཡམས་འགོས་ཡོད་སྟབས་ད་ལྟ་ཨ་རིར་སྨན་བཅོས་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཚེས་ ༦ ཉིན་ཨ་རིའི་ཆེད་གཏོང་གནམ་གྲུས་ཨ་ཧྥི་རི་ཀའི་ནུབ་ཕྱོགས་ནས་ཨ་རིའི་མི་སེར་ལ་ཨི་བྷོ་ལ་ནད་ཡམས་ཕོག་ཡོད་མཁན་གྱི་ནད་པ་ལྔ་པ་དེ་ཨ་རིའི་ནང་སྨན་བཅོས་བྱེད་དུ་འཁྲིད་ཡོང་ཡོད་འདུག

དབྱིན་ཡིག་གི་གསར་ལམ་ཁག་ནང་གནས་ཚུལ་བཀོད་པ་ལྟར་ན། ཐེངས་འདིར་ཨ་རིའི་མི་སེར་ཡིན་པའི་ཨི་བྷོ་ལ་ནད་ཡམས་ཕོག་མཁན་ལྔ་པ་དེ་ནི། ནུབ་ཕྱོགས་རྒྱལ་ཁབ་ཏུ་སྙན་གྲགས་ཡོད་པའི་བོད་པའི་བླ་མ་ཆོས་ཀྱི་རྒྱ་མཚོ་དྲུང་པ་རིན་པོ་ཆེ་ (Chögyam Trungpa Rinpoche)མཆོག་གིས་ཁམས་ཀརྨ་དགོན་པའི་ཁམས་ཉུལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་དང་འབྲེལ། ཁོང་གི་བུ་ཚབ་ཏུ་གསོ་སྐྱོང་བྱས་ཡོད་པའི་ཨ་ཤོ་ཀ་སྨུག་པོ་ (Ashoka Mukpo)ཞེས་པ་ཁོང་ཡིན་སྐོར་འཁོད་འདུག

ད་ལྟ་ཁོང་ཨ་རིའི་ནེ་བྷར་སི་ཁཱ་སྨན་ཁང་ (Nebraska Medical Centre)ཞེས་པར་སྨན་བཅོས་བྱེད་བཞིན་ཡོད་ཅིང་། ཁ་སང་འདིའི་ཐད་ཨ་རིའི་ནེ་བྷར་སི་ཁཱ་སྨན་ཁང་གི་སྨན་ཞབས་པའི་མགོ་གཙོ་རོ་སེ་ལ་མོར་རེ་སེ་ལགས་ཀྱིས་བརྗོད་དོན། “ཁོང་ལ་ཆེད་ལས་མཁས་པས་སྨན་བཅོས་བྱེད་བཞིན་ཡོད་པ་མ་ཟད། ཉིན་ཞག་ཕྲུགས་གཅིག་ལ་ལྟ་རྟོག་བྱེད་མཁན་ཡོད་ཀྱང་། ད་ལྟ་ན་ཚ་འདིར་དགོས་ངེས་ཀྱི་སྨན་བཅོས་མེད་སྟབས་དྲག་སྐྱེད་ཡོང་རྒྱུ་ཁག་པོ་ ཆགས་ཡོད།”ཅེས་བརྗོད་འདུག

འདིའི་ཐད་ཨ་ཤོ་ཀ་སྨུག་པོའི་ཨ་ཕ་སྨན་པ་མེ་ཅལ་ལི་ཝེ་(Dr Mitchell Levy) ལགས་ཀྱིས་གསར་འགོད་ལྷན་ཚོགས་སར་བརྗོད་དོན། “ཨ་ཤོ་ཀ་སྨུག་པོ་གནམ་གྲུ་ནས་འབབ་དུས་རོགས་པ་མི་དགོས་པར་གོམ་པ་སྤོ་ཐུབ་ཀྱི་ ཡོད་པ་མ་ཟད། ང་ཚོར་ལག་པ་གཡུག་སྟེ་འཚམས་འདྲི་ཞུས་བྱུང་། སྨན་པས་ཁོ་སྨན་ཁང་དུ་འཁྲིད་སྐབས་ཁོར་ཞེད་སྣང་དང་བློ་འཚབ་ཏོག་ཙམ་ཡོང་གི་ཡོད་པ་ཞིག་མཐོང་སོང་། ཁོ་ལེ་བྷེར་རི་ཡ་ནས་ཨ་རིར་མ་འཐོན་སྔོན་དང་བསྡུར་ན་ད་ལྟ་ན་ཚ་སྡུག་ཏུ་ཕྱིན་མེད་སྟབས། ང་ཚོས་སྨན་བཅོས་བྱས་ཏེ་མགྱོགས་པོར་ཁོ་དྲག་སྐྱེད་ཡོང་བར་རེ་བ་བྱེད་བཞིན་ཡོད།”ཅེས་བརྗོད་འདུག  

ཁོའི་ཨ་མ་དྷེ་ནཱ་སྨུག་པོ་ (Diana Mukpo) ལགས་ཀྱིས། “ཁོས་ན་ཚ་དེ་ཇི་ལྟར་འགོས་པ་གསལ་པོ་ཤེས་ཀྱི་མེད་ཀྱང་། ཁོས་མི་ཞིག་གི་རླངས་འཁོར་གཙང་མ་བཟོས་ཡོད་སྟབས། རླངས་འཁོར་དེའི་བཙོག་ཆུ་བརྒྱུད་ནས་ན་ཚ་དེ་འགོས་པ་ཞིག་ཡིན་པར་དོགས་པ་སྐྱེ་བྱེད་བཞིན་འདུག དེ་སྔོན་ཨ་ཤོ་ཀ་སྨུག་པོ་ལེ་བྷེར་རི་ཡ་ནང་ལས་ཀ་བྱས་མྱོང་ཡོད་སྟབས། ཡུལ་དེའི་ནང་ཨི་བྷོ་ལ་ནད་ཡམས་ཁྱབ་བརྡལ་ཕྱིན་ཏེ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་བྷེར་རི་ཡའི་མང་ཚོགས་ཀྱི་དཀའ་ངལ་ཤེས་རྟོགས་ཐུབ་ཆེད། ཁོ་ལེ་བྷེར་རི་ཡའི་ནང་ཕྱིན་ཏེ་ཨ་རིའི་ (NCB) གསར་འགྱུར་བརྒྱུད་ལམ་གྱི་པར་པའི་ལས་དོན་དེ་གཉེར་བ་རེད།”ཅེས་བརྗོད་འདུག

༢༠༡༢ ལོ་ནས་བཟུང་ཨ་ཤོ་ཀ་སྨུག་པོས་ལེ་བྷེར་རི་ཡའི་རྒྱལ་ས་མོན་རོ་ཝེ་ཡའི་(Monrovia) རྒྱུན་གནས་ཐུབ་པའི་གློག་ཤུགས་འཕེལ་རྒྱས་རྟོག་ཞིབ་ཁང་ (Sustainable Development Institute) ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པའི་ནང་ལོ་གཉིས་རིང་ཉམས་ཞིབ་པའི་ལས་ཀ་བྱས་ཡོད་པ་དང་། ༢༠༡༤ ལོའི་ཟླ་ ༥ ནང་ཨ་རིར་ཕྱིར་ལོག་བྱས་ཡོད་ཀྱང་། ཟླ་ ༩ ནང་ནེ་ཇེ་རི་ཡ་ནང་བསྐྱོད་དེ་ས་གནས་ཡུལ་མི་ཚོར་ཨི་བྷོ་ལ་ནད་ཡམས་སྐོར་ལ་གོ་རྟོགས་སྤེལ་ཡོད་ཅིང་། ཟླ་ ༡༠ ཚེས་ ༢ ཉིན་ཁོང་ལེ་བྷེར་རི་ཡའི་རྒྱལ་སར་ཨ་རིའི་(NBC)གསར་ཁང་གི་རང་དབང་གི་གསར་འགོད་པའི་ལས་དོན་སྒྲུབ་སྐབས། ཨི་བྷོ་ལ་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་། སྐབས་དེར་ཁོང་ལ་ལེ་བྷེར་རི་ཡའི་རྒྱལ་སར་ཡོད་པའི་རྒྱལ་མཚམས་མེད་པའི་སྨན་པའི་ལྷན་ཚོགས་ཀྱི་སྨན་པ་(Doctors Without Borders) ཚོས་སྨན་བཅོས་བྱས་ཡོད་འདུག 

ཟླ་འདིའི་ཚེས་ ༦ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ད་བར་ཨི་བྷོ་ལ་ནད་ཡམས་ཁྱབ་བརྡལ་འགྲོ་ཡུལ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ནང་ལས་དོན་སྒྲུབ་མཁན་ཨ་རིའི་མི་སེར་ ༥ ལ་ནད་ཡམས་དེ་འགོས་ཡོད་སྟབས། ནད་ཡམས་འདི་སྔོན་འགོག་ཆེད་རྒྱལ་སྤྱིའི་གནམ་ཐང་ཁག་ཏུ་བརྟག་དཔྱད་དང་དམ་དྲག་ཆེ་རུ་གཏོང་རྒྱུའི་ལས་འཆར་ཞིག་སྒྲིག་ཡོད་སྐོར་བརྗོད་འདུག་ལ། དེ་རིང་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཨི་བྷོ་ལ་ནད་ཡམས་འདི་སྨན་བཅོས་ཆེད་མཁས་པ་ཚོར་ཡང་འགོ་རྒྱུའི་ཉེན་ཁ་ཡོད་པའི་བརྡ་བཏང་འདུག

ད་བར་ཨི་བྷོ་ལ་ནད་ཡམས་ཀྱིས་རྐྱེན་པས་མི་ ༣༤༠༠ ལྷག་ཤི་ཡོད་པ་དང་། མི་ ༧༥༠༠ ཙམ་ལ་ན་ཚ་དེ་འགོས་ཡོད་སྐོར་ཕྱིར་བསྒྲགས་བྱས་ཡོད་འདུག

རང་ལོ་ ༣༣ ཡིན་པའི་ཨ་ཤོ་ཀ་སྨུག་པོ་ (Ashoka Mukpo)ལགས་ནི། ལོ་རབས་བདུན་བཅུའི་ནང་བོད་ཀྱི་ནང་ཆོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་དར་སྤེལ་མཛད་མཁན་གྱི་བོད་པའི་བླ་མ་ཆོས་ཀྱི་རྒྱ་མཚོ་དྲུང་པ་རིན་པོ་ཆེའི་ (Chögyam Trungpa Rinpoche)བཟའ་ཟླ་ཐོག་མ་དྷེ་ནཱ་སྨུག་པོ་ (Diana Mukpo) ཡི་བུ་ཡིན་པ་དང་། ཁོང་གི་བུ་ཚབ་ཀྱང་ཡིན་འདུག ཨ་ཤོ་ཀ་སྨུག་པོ་ཟླ་བརྒྱད་ལ་སོན་སྐབས་དྲུང་པ་རིན་པོ་ཆེ་མཆོག་གིས་ཁམས་ཀརྨ་དགོན་པའི་ཁམས་ཉུལ་རིན་པོ་ཆེའི་སྐུ་ཕྲེང་དགུ་པར་ངོས་འཛིན་གནང་ཡོད་པ་དང་། ༢༠༠༢ ལོར་ཁོང་བོད་ནང་བསྐྱོད་སྐབས་ཁྲིད་འདོན་གྱི་མཛད་སྒོ་ཞིག་ཀྱང་ཚོགས་ཡོད་འདུག

ཨ་ཤོ་ཀ་སྨུག་པོ་ནི་དྲུང་པ་རིན་པོ་ཆེའི་བཟའ་ཟླ་དྷེ་ནཱ་སྨུག་པོ་དང་ཁོང་གི་སྨན་པ་མེ་ཅལ་ལི་ཝེ (Dr Mitchell Levy)གཉིས་ཀྱི་བུ་ཡིན་འདུག

༡༩༦༨ ལོར་ཁོའི་ཨ་མ་དྷེ་ནཱ་སྨུག་པོ་ལོ་ ༡༥ སོན་སྐབས་དགུང་ལོ་ ༢༨ ཡིན་པའི་དྲུང་པ་རིན་པོ་ཆེར་ཐུག་སྟེ་ཆང་ས་བརྒྱབ་ཡོད་ཅིང་། ཁོང་གཉིས་ལ་བུ་ཕྲུག་གཉིས་བྱུང་ཡོད་པ་ལས་གཅིག་གི་མིང་ལ་ས་སྐྱོང་མི་ཕམ་རིན་ པོ་ཆེ་དང་། གཞན་དེའི་མིང་ལ་གེ་སར་སྨུག་པོ་ (Gesar Mukpo)ཞེས་པར་འབོད་ཀྱི་ཡོད་འདུག ༡༩༨༧ ལོར་དྲུང་པ་རིན་པོ་ཆེ་དགུང་ལོ་ ༤༨ ལ་སོན་སྐབས་འདས་གྲོངས་འགྱུར་རྗེས། བུ་ས་སྐྱོང་རིན་པོ་ཆེ་ཡིས་དྲུང་པ་རིན་པོ་ཆེས་གསར་འཛུགས་གནང་བའི་ཤམ་བྷ་ལ་(Shambhala ) ཆོས་ཚོགས་གཙོས་རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་རིན་པོ་ཆེའི་ཆོས་ཚོགས་ ༢༥༠ ཡི་བདག་སྐྱོང་འགན་ཁུར་སྒྲུབ་བཞིན་ཡོད་འདུག 

གསར་འགོད་པ། དོན་གྲུབ། 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. བློ་བཟང་ཟླ་བ། says:
    ལོ་ 11 སྔོན།

    འདིར་རིན་པོ་ཆེ་མཆོག་གི་ལོ་རྒྱུས་མདོ་བསྡུས་ཤིག་བཀོད་ཡོད། ལྷན་རྒྱས་ནས་གཟིགས་སྣང་ཡོང་བ་ཞུ།།

    ཆོས་རྒྱམ་དྲུང་པ་རིན་པོ་ཆེས་ལོ་རབས་དྲུག་ཅུ་བའི་ནང་དབྱིན་ཡིག་ཏུ་བྲིས་པའི་ཁོང་གི་སྐུ་ཚེའི་སྟོད་ཀྱི་རང་རྣམ༼བོད་དུ་སྐྱེས་པ༽ཞེས་པ་ཞིག་ཡོད་པ་དེ་ཨ་མདོ་བ་པད་མ་དབང་རྒྱལ་གྱིས་བོད་ཡིག་ཏུ་གང་འཚམ་ཞིག་བསྒྱུར་ཡོད་ལུགས་ཐོས།

    ཁོང་གི་སྐུ་ཚེ་སྨད་ཀྱི་རྣམ་ཐར་ནི་ཁོང་གི་གསང་ཡུམ་སྒྲ་ཡ་ན་སྨུག་པོ་ལགས་ཀྱིས་ལོ་ཤས་གོང་བརྩམས་པའི་དེབ་རྒན༼འབྲུག་སྒྲ། ངའི་མི་ཚེ་ཆོས་རྒྱམ་དྲུང་པ་དང་ལྷན་དུ༽ཞེས་པ་ཞིག་ཡོད་པ་དེར་གཟིགས་ན་ལེགས། སྤྱིར་དྲུང་པ་རིན་པོ་ཆེ་འདི་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེས་ངོས་འཛིན་གནང་པའི་སྤྲུལ་སྐུ་ཞིག་ཡིན་ཞིང་། ཁོང་གི་དགོན་པ་དེ་ནི་ཁམས་ཟུར་མང་བདུད་རྩི་དིལ་ཞེས་པ་དེ་རེད། ཁོང་གི་རྩ་བླ་གཅིག་ནི་གངས་ཤར་མཁན་པོ་ཞེས་པའི་སྐུ་ཚེ་དེ་ལ་རྟོགས་པ་བརྙེས་པའི་རྣལ་འབྱོར་བ་དེ་རེད། རྒྱ་གར་དུ་ཕེབས་རྗེས་སྐབས་དེའི་སྤྲུལ་སྐུ་ཆུང་ཆུང་ཚོའི་ཚོགས་པ་དེའི་དགེ་རྒན་དུ་བསྐོ་བཞག་གནང་འདུག ཨ་སྐོང་སྤྲུལ་སྐུ་དང་མཉམ་དུ་དབྱིན་ཡུལ་ལ་ཕེབས་ནས་སློབ་གཉེར་ཁྱུག་ཙམ་གནང་རྗེས་ཨ་རིར་ཕེབས། ཁོང་གི་སྐུ་ཟླ་སྒྲ་ཡ་ན་སྨུག་པོ་ལོ་ན་བཅུ་དྲུག་ཏུ་སོན་པ་དང་ཁོང་དགུང་ལོ་ཉེར་བརྒྱད་དུ་སོན་པ་གཉིས་ཀྱིས་རང་མོས་གཉེན་སྒྲིག་གནང་སྟེ་སྐབས་ཤིག་གི་རིང་ལ་སྐད་གྲགས་ཆོད། གཉེན་སྒྲིག་བྱས་པའི་དགོང་མོར་ཁོང་གི་གྲོགས་པོ་ཞིག་གིས་སྐུ་ཟླའི་མིང་ལ་ཅི་ཟེར་དྲིས་པས། སྙིང་སྡུག་ལགས། ཁྱེད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་སོང་ཞེས་སྒྲ་ཡ་ནས་བྲིས་པའི་ཁོང་གི་རྣམ་ཐར་དུ་གསལ་ལ། མོ་ཡིས་ཁྱོད་རང་ངའི་མི་ཚེའི་ནང་གི་ཨང་དང་པོ་དེ་ཡིན་ལབ་པའི་ལན་དུ། ངའི་མི་ཚེའི་ཨང་དང་པོ་དེ་དམ་པའི་ལྷ་ཆོས་དང་གཉིས་པ་དེ་ཁྱོད་རང་ཡིན་གསུངས་འདུག ཝེ་ཐི་ནམ་གྱི་དམག་འཁྲུག་གི་སྐབས་སུ་ཨ་རིའི་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་སྐྱིད་སྣང་རིང་ལུགས་པ་HIPPIEཚོ་དང་མཉམ་དུ་རོ་སྙོམས་ཀྱི་སྤྱོད་པ་ཡང་གང་འཚམ་ཞིག་བསྐྱངས།

    ནང་ཆོས་ནུབ་ཕྱོགས་སུ་སྤེལ་མ་ཐུབ་ན་<ང་གསོན་དང་མ་གསོན་མི་འདུག་ཅེས་རང་སྲོག་གཅོད་རྩིས་ཀྱང་ཐེངས་འགར་གནང་འདུག་པས། རྒྱ་གར་གྱི་ཧིན་དྷུའི་དབང་འོག་ནས་རྡོ་རྗེ་གདན་དང་ཝ་ར་ཎི་ས་སོགས་སྐྱོབ་མཁན་སིང་ག་ལའི་གནས་བརྟན་ཆེན་པོ་དྷརྨ་པཱ་ལ་གཉིས་པ་ལྟ་བུ་ཞིག་རེད། དམག་ཐག་ཆོད་རྗེས་ཁོང་གི་ལྡོམ་གྲོགས་ཚོར་སྒྲིག་ཁྲིམས་བཟོས་ནས་སྤྱོད་པ་གཙང་བའི་ནང་ཆོས་དད་ལྡན་པར་བསྒྱུར་ཏེ་རིམ་པས་ཆོས་ཚོགས་ཁག་མང་གསར་འཛུགས་གནང་ཞིང་། མཐའ་མར་འཛམ་གླིང་སྟེང་དང་ཨ་རིའི་ནང་གི་ནང་པའི་མཐོ་སློབ་ཐོག་མ་ནཱ་རོ་བ་མཐོ་སློབ་གསར་འཛུགས་བསྐྱངས་པ་དང་། ཁོང་གི་མཛད་རྗེས་ཁྲོད་ནས་གཟེངས་སུ་ཐོན་པ་གཅིག་ནི་བོད་ཀྱི་བླ་ཆེན་ཀརྨ་པ་དང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་ནུབ་ཕྱོགས་སུ་ཐོག་མར་གདན་ཞུ་མཛད་པ་དེ་རེད། ཁོང་ནི་སྔགས་འཆང་བླ་མ་ཞིག་ཡིན་པས་བདུད་རྩི་མཆོད་པ་དང་ཕྱག་རྒྱ་བསྟེན་པའི་ཐད་ལ་སྐབས་དེའི་མི་དག་གི་བྱེད་སྟངས་བཞིན་ཡང་གནང་འདུག ཡིན་ན་ཡང་དགོང་ལོ་མཐོན་པོར་མ་བཞུགས་པར་སྔ་ཙམ་ནས་གྲོངས་འདུག ད་ལྟ་ཁོང་གི་ཡང་སྲིད་ཅིག་སྔ་འགྱུར་གྲུབ་དབང་པད་ནོར་རིན་པོ་ཆེ་ཚང་གིས་ངོས་འཛིན་གྱིས་ཁོང་གི་གདན་ས་ཟུར་མང་དུ་བཞུགས་ཡོད་ཚུལ་ཐོས། ཁོང་དང་པོར་ཨ་རིར་ཕེབས་དུས་སྐུ་ཡོན་མཐོ་བ་མ་གཏོགས་འཇིག་རྟེན་གྱི་ཟང་ཟིང་ཅི་ཡང་མེད་པས་ཉི་མ་མང་པོར་ཁོང་བཟའ་འཚོ་གཉིས་ཀྱིས་འབྲས་སྐྱ་གཅིག་པོ་མཆོད་ནས་བཞུགས་ཚུལ་ཡང་རྣམ་ཐར་དུ་བྲིས་འདུག་པ་དང་། མཐའ་མར་གདུལ་བྱ་ནམ་མཁའ་ལྟ་བུར་རྒྱས་ཏེ་ནོར་ལོངས་སྤྱོད་རྒྱལ་པོ་ལྟར་ཆགས་པས་ཁོང་གིས། གྲྭ་རྐྱང་བཞིན་སྐྱེས། རྒྱལ་པོ་བཞིན་ཤི། ཞེས་པའི་གསུང་ཚིག་སྐད་གྲགས་ཅན་གཉིས་འབྲི་གནང་མཛད་པ་དང་། ཁོང་ནི་སྙན་ངག་གི་རྩ་མདུད་ཡོངས་སུ་གྲོལ་བ་ཞིག་ཡིན་པས་བོད་ཡིག་དང་ཁྱད་པར་དུ་དབྱིན་ཡིག་ནང་ཁྱད་དུ་འཕགས་པའི་སྙན་ངག་དུ་མ་བྲིས་ནས་སྐབས་དེའི་ཨ་རིའི་སྙན་ངག་པའི་གཙུག་རྒྱན་ཞིག་ཀྱང་ཁོང་གི་སྐུ་ཡོན་ལ་ཧ་ལས་ནས་བསྟོད་ཕྱག་ཕུལ་ནས་ཞབས་ལ་གཏུགས་པ་ཡོངས་གྲགས་རེད། དེ་བཞིན་ཁོང་ནི་རི་མོ་མཁས་ཅན་ཞིག་དང་ཀྲུང་གོ་བ་དང་དང་འཇར་པན་པ་བཞིན་ཡིག་ཆེན་འབྲི་བའི་སྒྱུ་རྩལ་ལ་མཁས་པས་སྒྱུ་རྩལ་ཡིག་ཆེན་ཡང་དུ་མ་ཞིག་བྲིས་འདུག དེ་བཞིན་དབྱིན་ཡིག་ནང་བོད་པའི་ནང་ཆོས་ཀྱི་ཆོས་ཚིག་གསར་བཟོ་ཡང་གང་མང་ཞིག་གནང་ཡོད་པའི་ཁྲོད་ཀྱི་གཅིག་ནི། བོད་ཡིག་ཏུ་གྲུབ་ཐོབ་ཀྱི་རྟོགས་པ་ཞེས་པར་དབྱིན་ཡིག་ཏུ་crazy wisdom སྟེ་ཡེ་ཤེས་སྨྱོན་པ་ཞེས་བཏགས་པ་ལྟ་བུའོ།། ཁྱབ་འཇུག་གི་འཇུག་པ་བཅུ་ལྟ་བུའི་ཁོང་གི་མཛད་པ་དག་མདོར་བསྡུས་ན་བཅུ་རུ་འདུ་བ་སྟེ། ནང་ཆོས་གསུངས། སྙན་ངག་གྱེར། རི་མོ་བྲིས། སྤྲོ་བསང་གནང་། བདུད་རྩི་མཆོད། རིག་མ་བསྟེན། སྐྱེས་ཆེན་བསྐོངས། ཆོས་ཚོགས་བཙུགས། དེབ་རྒན་བརྩམས། སྒོམ་སྒྲུབ་གནང་བ་བཅས་སོ།། མཐའ་སྡོམ་དྲུང་པ་རིན་པོ་ཆེ་འདི་བས་ཤམ་བྷ་ལའི་མིང་འདི་སྐུ་ཚེ་གང་བོར་བེད་སྤྱོད་གནང་སྟེ་ཤམ་བྷ་ལའི་མིང་ཅན་གྱི་ཆོས་ཚོགས་དང་། དཔེ་སྐྲུན་ཁང་། དུས་དེབ། ཆོས་མགུར། རི་མོ། སྙན་ངག དར་ཆ། གྱོན་ཆས་སོགས་གང་མང་ཞིག་གསར་བཏོད་གནང་འདུག

    Reply
  2. བློ་བཟང་ཟླ་བ། says:
    ལོ་ 11 སྔོན།

    འདིར་རིན་པོ་ཆེ་མཆོག་གི་ལོ་རྒྱུས་མདོ་བསྡུས་ཤིག་བཀོད་ཡོད། ལྷན་རྒྱས་ནས་གཟིགས་སྣང་ཡོང་བ་ཞུ།།
    ཆོས་རྒྱམ་དྲུང་པ་རིན་པོ་ཆེས་ལོ་རབས་དྲུག་ཅུ་བའི་ནང་དབྱིན་ཡིག་ཏུ་བྲིས་པའི་ཁོང་གི་སྐུ་ཚེའི་སྟོད་ཀྱི་རང་རྣམ༼བོད་དུ་སྐྱེས་པ༽ཞེས་པ་ཞིག་ཡོད་པ་དེ་ཨ་མདོ་བ་པད་མ་དབང་རྒྱལ་གྱིས་བོད་ཡིག་ཏུ་གང་འཚམ་ཞིག་བསྒྱུར་ཡོད་ལུགས་ཐོས།

    ཁོང་གི་སྐུ་ཚེ་སྨད་ཀྱི་རྣམ་ཐར་ནི་ཁོང་གི་གསང་ཡུམ་སྒྲ་ཡ་ན་སྨུག་པོ་ལགས་ཀྱིས་ལོ་ཤས་གོང་བརྩམས་པའི་དེབ་རྒན༼འབྲུག་སྒྲ། ངའི་མི་ཚེ་ཆོས་རྒྱམ་དྲུང་པ་དང་ལྷན་དུ༽ཞེས་པ་ཞིག་ཡོད་པ་དེར་གཟིགས་ན་ལེགས། སྤྱིར་དྲུང་པ་རིན་པོ་ཆེ་འདི་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེས་ངོས་འཛིན་གནང་པའི་སྤྲུལ་སྐུ་ཞིག་ཡིན་ཞིང་། ཁོང་གི་དགོན་པ་དེ་ནི་ཁམས་ཟུར་མང་བདུད་རྩི་དིལ་ཞེས་པ་དེ་རེད། ཁོང་གི་རྩ་བླ་གཅིག་ནི་གངས་ཤར་མཁན་པོ་ཞེས་པའི་སྐུ་ཚེ་དེ་ལ་རྟོགས་པ་བརྙེས་པའི་རྣལ་འབྱོར་བ་དེ་རེད། རྒྱ་གར་དུ་ཕེབས་རྗེས་སྐབས་དེའི་སྤྲུལ་སྐུ་ཆུང་ཆུང་ཚོའི་ཚོགས་པ་དེའི་དགེ་རྒན་དུ་བསྐོ་བཞག་གནང་འདུག ཨ་སྐོང་སྤྲུལ་སྐུ་དང་མཉམ་དུ་དབྱིན་ཡུལ་ལ་ཕེབས་ནས་སློབ་གཉེར་ཁྱུག་ཙམ་གནང་རྗེས་ཨ་རིར་ཕེབས། ཁོང་གི་སྐུ་ཟླ་སྒྲ་ཡ་ན་སྨུག་པོ་ལོ་ན་བཅུ་དྲུག་ཏུ་སོན་པ་དང་ཁོང་དགུང་ལོ་ཉེར་བརྒྱད་དུ་སོན་པ་གཉིས་ཀྱིས་རང་མོས་གཉེན་སྒྲིག་གནང་སྟེ་སྐབས་ཤིག་གི་རིང་ལ་སྐད་གྲགས་ཆོད། གཉེན་སྒྲིག་བྱས་པའི་དགོང་མོར་ཁོང་གི་གྲོགས་པོ་ཞིག་གིས་སྐུ་ཟླའི་མིང་ལ་ཅི་ཟེར་དྲིས་པས། སྙིང་སྡུག་ལགས། ཁྱེད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་སོང་ཞེས་སྒྲ་ཡ་ནས་བྲིས་པའི་ཁོང་གི་རྣམ་ཐར་དུ་གསལ་ལ། མོ་ཡིས་ཁྱོད་རང་ངའི་མི་ཚེའི་ནང་གི་ཨང་དང་པོ་དེ་ཡིན་ལབ་པའི་ལན་དུ། ངའི་མི་ཚེའི་ཨང་དང་པོ་དེ་དམ་པའི་ལྷ་ཆོས་དང་གཉིས་པ་དེ་ཁྱོད་རང་ཡིན་གསུངས་འདུག ཝེ་ཐི་ནམ་གྱི་དམག་འཁྲུག་གི་སྐབས་སུ་ཨ་རིའི་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་སྐྱིད་སྣང་རིང་ལུགས་པ་HIPPIEཚོ་དང་མཉམ་དུ་རོ་སྙོམས་ཀྱི་སྤྱོད་པ་ཡང་གང་འཚམ་ཞིག་བསྐྱངས།

    ནང་ཆོས་ནུབ་ཕྱོགས་སུ་སྤེལ་མ་ཐུབ་ན་ང་གསོན་དང་མ་གསོན་མི་འདུག་ཅེས་རང་སྲོག་གཅོད་རྩིས་ཀྱང་ཐེངས་འགར་གནང་འདུག་པས། རྒྱ་གར་གྱི་ཧིན་དྷུའི་དབང་འོག་ནས་རྡོ་རྗེ་གདན་དང་ཝ་ར་ཎི་ས་སོགས་སྐྱོབ་མཁན་སིང་ག་ལའི་གནས་བརྟན་ཆེན་པོ་དྷརྨ་པཱ་ལ་གཉིས་པ་ལྟ་བུ་ཞིག་རེད། དམག་ཐག་ཆོད་རྗེས་ཁོང་གི་ལྡོམ་གྲོགས་ཚོར་སྒྲིག་ཁྲིམས་བཟོས་ནས་སྤྱོད་པ་གཙང་བའི་ནང་ཆོས་དད་ལྡན་པར་བསྒྱུར་ཏེ་རིམ་པས་ཆོས་ཚོགས་ཁག་མང་གསར་འཛུགས་གནང་ཞིང་། མཐའ་མར་འཛམ་གླིང་སྟེང་དང་ཨ་རིའི་ནང་གི་ནང་པའི་མཐོ་སློབ་ཐོག་མ་ནཱ་རོ་བ་མཐོ་སློབ་གསར་འཛུགས་བསྐྱངས་པ་དང་། ཁོང་གི་མཛད་རྗེས་ཁྲོད་ནས་གཟེངས་སུ་ཐོན་པ་གཅིག་ནི་བོད་ཀྱི་བླ་ཆེན་ཀརྨ་པ་དང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་ནུབ་ཕྱོགས་སུ་ཐོག་མར་གདན་ཞུ་མཛད་པ་དེ་རེད། ཁོང་ནི་སྔགས་འཆང་བླ་མ་ཞིག་ཡིན་པས་བདུད་རྩི་མཆོད་པ་དང་ཕྱག་རྒྱ་བསྟེན་པའི་ཐད་ལ་སྐབས་དེའི་མི་དག་གི་བྱེད་སྟངས་བཞིན་ཡང་གནང་འདུག ཡིན་ན་ཡང་དགོང་ལོ་མཐོན་པོར་མ་བཞུགས་པར་སྔ་ཙམ་ནས་གྲོངས་འདུག ད་ལྟ་ཁོང་གི་ཡང་སྲིད་ཅིག་སྔ་འགྱུར་གྲུབ་དབང་པད་ནོར་རིན་པོ་ཆེ་ཚང་གིས་ངོས་འཛིན་གྱིས་ཁོང་གི་གདན་ས་ཟུར་མང་དུ་བཞུགས་ཡོད་ཚུལ་ཐོས།

    ཁོང་དང་པོར་ཨ་རིར་ཕེབས་དུས་སྐུ་ཡོན་མཐོ་བ་མ་གཏོགས་འཇིག་རྟེན་གྱི་ཟང་ཟིང་ཅི་ཡང་མེད་པས་ཉི་མ་མང་པོར་ཁོང་བཟའ་འཚོ་གཉིས་ཀྱིས་འབྲས་སྐྱ་གཅིག་པོ་མཆོད་ནས་བཞུགས་ཚུལ་ཡང་རྣམ་ཐར་དུ་བྲིས་འདུག་པ་དང་། མཐའ་མར་གདུལ་བྱ་ནམ་མཁའ་ལྟ་བུར་རྒྱས་ཏེ་ནོར་ལོངས་སྤྱོད་རྒྱལ་པོ་ལྟར་ཆགས་པས་ཁོང་གིས། གྲྭ་རྐྱང་བཞིན་སྐྱེས། རྒྱལ་པོ་བཞིན་ཤི། ཞེས་པའི་གསུང་ཚིག་སྐད་གྲགས་ཅན་གཉིས་འབྲི་གནང་མཛད་པ་དང་། ཁོང་ནི་སྙན་ངག་གི་རྩ་མདུད་ཡོངས་སུ་གྲོལ་བ་ཞིག་ཡིན་པས་བོད་ཡིག་དང་ཁྱད་པར་དུ་དབྱིན་ཡིག་ནང་ཁྱད་དུ་འཕགས་པའི་སྙན་ངག་དུ་མ་བྲིས་ནས་སྐབས་དེའི་ཨ་རིའི་སྙན་ངག་པའི་གཙུག་རྒྱན་ཞིག་ཀྱང་ཁོང་གི་སྐུ་ཡོན་ལ་ཧ་ལས་ནས་བསྟོད་ཕྱག་ཕུལ་ནས་ཞབས་ལ་གཏུགས་པ་ཡོངས་གྲགས་རེད། དེ་བཞིན་ཁོང་ནི་རི་མོ་མཁས་ཅན་ཞིག་དང་ཀྲུང་གོ་བ་དང་དང་འཇར་པན་པ་བཞིན་ཡིག་ཆེན་འབྲི་བའི་སྒྱུ་རྩལ་ལ་མཁས་པས་སྒྱུ་རྩལ་ཡིག་ཆེན་ཡང་དུ་མ་ཞིག་བྲིས་འདུག དེ་བཞིན་དབྱིན་ཡིག་ནང་བོད་པའི་ནང་ཆོས་ཀྱི་ཆོས་ཚིག་གསར་བཟོ་ཡང་གང་མང་ཞིག་གནང་ཡོད་པའི་ཁྲོད་ཀྱི་གཅིག་ནི། བོད་ཡིག་ཏུ་གྲུབ་ཐོབ་ཀྱི་རྟོགས་པ་ཞེས་པར་དབྱིན་ཡིག་ཏུ་crazy wisdom སྟེ་ཡེ་ཤེས་སྨྱོན་པ་ཞེས་བཏགས་པ་ལྟ་བུའོ།། ཁྱབ་འཇུག་གི་འཇུག་པ་བཅུ་ལྟ་བུའི་ཁོང་གི་མཛད་པ་དག་མདོར་བསྡུས་ན་བཅུ་རུ་འདུ་བ་སྟེ། ནང་ཆོས་གསུངས། སྙན་ངག་གྱེར། རི་མོ་བྲིས། སྤྲོ་བསང་གནང་། བདུད་རྩི་མཆོད། རིག་མ་བསྟེན། སྐྱེས་ཆེན་བསྐོངས། ཆོས་ཚོགས་བཙུགས། དེབ་རྒན་བརྩམས། སྒོམ་སྒྲུབ་གནང་བ་བཅས་སོ།། མཐའ་སྡོམ་དྲུང་པ་རིན་པོ་ཆེ་འདི་བས་ཤམ་བྷ་ལའི་མིང་འདི་སྐུ་ཚེ་གང་བོར་བེད་སྤྱོད་གནང་སྟེ་ཤམ་བྷ་ལའི་མིང་ཅན་གྱི་ཆོས་ཚོགས་དང་། དཔེ་སྐྲུན་ཁང་། དུས་དེབ། ཆོས་མགུར། རི་མོ། སྙན་ངག དར་ཆ། གྱོན་ཆས་སོགས་གང་མང་ཞིག་གསར་བཏོད་གནང་འདུག

    Reply
  3. རང་དབང་། says:
    ལོ་ 11 སྔོན།

    སྤྱིར་བཏང་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ཁོང་ཉིད་བླ་མ་ཡག་པོ། ཤེས་ཡོན་དང་རྟོག་པ་གཉིས་ཀ་ཚད་མཐོན་པོ་ཡོད་མཁན་ཞིག་རེད། ཡིན་ནའང་ཁོང་གིས་གསོས་ཕྲུག་ཏུ་ཉར་བའི་ཨ་ཤོ་ཀ་སྨུག་པོ་ཟེར་བ་ཁོང་སློབ་སྦྱོང་གང་འདྲ་ཞིག་ཡོད་མེད་མི་ཤེས་ཀྱང་། སྤྱོད་ལམ་གྱི་ཐོག་ནས་སྔོན་མ་ནས་ལབ་གླེང་མང་པོ་ཡོད་མཁན་ཞིག་རེད། ད་རེས་ཀྱི་གནས་ཚུལ་འདི་བརྒྱུད་ནས་བོད་པའི་མཚན་སྙན་དང་། ནང་ཆོས་དང་འབྲེལ་བའི་བླ་མ་སྤྲུལ་སྐུ་ཚོར་མིང་ཆལ་ཡོང་རྒྱུ་ཉེན་ཁ་འདུག སྤྱིར་བཏང་བསམ་བློ་ཡག་པོ་བཏང་སྟེ་གནས་ཚུལ་གྱི་མགོ་རྔ་ཆ་ཚང་མཁྱེན་པ་ཡིན་ན། ད་རེས་ཁོ་རང་ལ་ནད་ཚ་དེ་ཕོག་དོན་ཡང་གཞན་དོན་གྱི་ཆེད་དུ་ཕོག་པ་དང་། ཁོ་རང་གིས་ས་གནས་དེའི་ནང་སྤྱི་ཚོགས་ཞབས་ཞུའི་ལས་དོན་མང་པོ་སྒྲུབ་ཀྱི་ཡོད་པ་དངོས་ཡོད་རེད། ཡིན་ནའང་མང་ཚོགས་ཀྱིས་རྒྱབ་ལྗོངས་གནས་ཚུལ་མ་ཤེས་པའི་ཐོག་ནས་བོད་པའི་བླ་མ་ཞིག་ལ་ཨེ་སྦོ་ལ་ནད་ཡམས་ཕོག་འདུག་ཅེས་ཐོས་ན་གནས་ཚུལ་ཆེན་པོ་རེད། སྤྲུལ་སྐུ་ཁོ་རང་ཨ་རིའི་མི་སེར་ཞིག་ལ་ནད་ཡམས་སྡུག་ཅག་དེ་ཕོག་མཁན་མི་ལྔ་པ་དེ་རེད་ཟེར་ནས་གསར་འགྱུར་ཁག་ནང་ཤུགས་ཆེན་པོ་འགྲོ་བཞིན་འདུག ཡང་ཁ་ཤས་ཀྱིས་ཨ་རིའི་ནང་མི་དེ་ལས་མང་བར་ནད་ཚ་དེ་འགོས་ཁྱབ་ཕྱིན་ཡོད་པ་རེད་ཟེར་མཁན་ཡང་འདུག གང་ལྟར་ད་རེས་ཀྱི་གནས་ཚུལ་དེ་བོད་པ་ཚོར་མཚོན་ན་ཧ་ཅང་ཐབས་སྡུག་ཡིད་སྐྱོའི་གནས་ཚུལ་ཞིག་ཆགས་འདུག

    Reply
  4. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ཆབ་སྲིད་ཀྱི་ལས་ཀ་བྱེད་ཀྱི་མེད་ཅེས་བོད་སྤྱི་པ་འགན་ཁུར་སྣེ་ཅིག་མི་བྱེད་མཁན་ནང་ཆོས་ཁ་ལ་ཁྱེར་ཏེ་མི་མང་ཁྲི་ཕྲག་སྟོང་ཕྲག་གཡོ་འོག་ཏུ་བསྡུ་མཁན་དེ་ཚོ་དེ་འདྲ་རེད་རང་དོན་སྒྲུབ་རྒྱུ་མང་དྲག་རེད་སྤྱི་དོན་སྒྲུབ་རྒྱུ་ཉུང་དྲག་རེད།

    Reply
  5. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ཆབ་སྲིད་ཀྱི་ལས་ཀ་མེད་ཅེས་བོད་སྤྱི་པ་འགན་ཁུར་སྣེ་ཅིག་མི་བྱེད་མཁན་ནང་ཆོས་ཁ་ལ་ཁྱེར་ཏེ་མི་མང་ཁྲི་ཕྲག་སྟོང་ཕྲག་གཡོ་འོག་ཏུ་བསྡུ་མཁན་དེ་ཚོ་དེ་འདྲ་རེད་རང་དོན་སྒྲུབ་རྒྱུ་མང་དྲག་རེད་སྤྱི་དོན་སྒྲུབ་རྒྱུ་ཉུང་དྲག་རེད།

    Reply
  6. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ཆབ་སྲིད་ཀྱི་ལས་ཀ་མེད་ཅེས་བོད་སྤྱི་པ་འགན་ཁུར་སྣེ་ཅིག་མི་བྱེད་མཁན་ནང་ཆོས་ཁ་ལ་ཁྱེར་ཏེ་མི་མང་ཁྲི་ཕྲག་སྟོང་ཕྲག་གཡོ་འོག་ཏུ་བསྡུ་མཁན་དེ་ཚོ་དེ་འདྲ་རེད་རང་དོན་སྒྲུབ་རྒྱུ་མང་དྲག་རེད་སྤྱི་དོན་སྒྲུབ་རྒྱུ་ཉུང་དྲག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese