མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀིམ་ཇོང་ཨང་སྔར་བཞིན་མགོ་ཁྲིད་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་དུས་ཡུན་གང་འཚམ་རིང་བྱང་ཀོ་རི་ཡའི་མགོ་ཁྲིད་མཐོང་རྒྱུ་མེད་པ་ཆགས་ཡོད་ཀྱང་དེ་རིང་ཁོང་གི་པར་འགའ་ཕྱི་ལོགས་སུ་བཏོན་ཏེ་མུ་མཐུད་བྱང་ཀོ་རི་ཡར་སྣེ་འཁྲིད་བྱེད་ཀྱིན་ཡོད་པའི་རྣམ་པ་བསྟན་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་བྱང་ཀོ་རི་ཡའི་དབུས་གསར་འགྱུར་ལས་ཁང་གིས་འགྲེལ་བཤད་ཁ་གསལ་མེད་པའི་ཐོག་ནས་བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་ཇོང་ཨང་ (Kim Jong-un)ལག་རྟེན་ནག་པོ་ཞིག་ལ་བརྟེན་ཏེ། ཉེ་ཆར་གསར་འཛུགས་བྱས་པའི་ཚན་རིག་པའི་སྡོད་ཁང་ཁག་ཅིག་ཏུ་ལྟ་སྐོར་བྱེད་ཀྱིན་པའི་པར་གསར་པ་འགའ་བཏོན་ཏེ། ཁོ་རང་གི་གཟུགས་པོ་བདེ་ཐང་ཡིན་པ་དང་མུ་མཐུད་བྱང་ཀོ་རི་ཡའི་མགོ་ཁྲིད་ཡིན་པའི་རྣམ་པ་བསྟན་ཡོད་འདུག

དེ་ནི་ཟླ་སྔོན་མའི་ཚེས་ ༣ ཉིན་ནས་བཟུང་ཉིན་ ༤༠ ལྷག་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་། བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་ཇོང་ཨང་ལ་གྲུམ་བུའམ་གཅིན་སྙི། དཔྱི་ཚིགས་གང་རུང་གི་ན་ཚའི་དབང་གིས་སྨན་བཅོས་དང་ངལ་གསོ་རྒྱག་དགོས་བྱུང་ཡོད་པ་དང་། ཡང་ན་དམག་མིས་གྱེན་ལོག་བྱས་ཏེ་ཀིམ་ཚང་གི་སྲིད་དབང་སྒེར་གཅོད་གཞུང་མགོ་རྟིང་སློག་ཡོད་པའི་གནས་ཚུལ་ཞིག་ཁྱབ་ཡོད།

ཟླ་སྔོན་མའི་ཚེས་ ༩ ཉིན་བྱང་ཀོ་རི་ཡ་དབུ་བརྙེས་པའི་དུས་དྲན་མཛད་སྒོ་དང་། ཟླ་འདིའི་ཚེས་ ༡༠ ཉིན་བྱང་ཀོ་རི་ཡ་ངལ་རྩོལ་ཚོགས་པ་དབུ་བརྙེས་པའི་དུས་དྲན་གཉིས་སྟེང་། ལོ་ལྟར་རྒྱལ་ཁབ་ཀྱི་མགོ་ཁྲིད་གཙོས་སྲིད་གཞུང་ལས་བྱེད་པ་དང་མི་མང་འདུ་འཛོམས་བྱེད་ཀྱིན་ཡོད་ཀྱང་། ད་རེབ་ཀིམ་ཇོང་ཨང་མཛད་སྒོའི་སྟེང་མཉམ་ཞུགས་བྱས་མེད་པ་དང་། འདིའི་ཐད་ལྷོ་ཀོ་རི་ཡའི་ནང་ཡོད་པའི་བྷེ་བྷེ་སེ་གསར་འགོད་པས་བརྗོད་དོན། ཐེངས་འདིར་ཕྱི་ལོགས་བཏོན་པའི་ཀིམ་ཇོང་ཨང་གི་པར་དེ་དག་ཁོ་རང་གི་ངོ་མ་ཡིན་པ་དང་། ད་ལྟ་ཁོ་རང་དངོས་སུ་གོམ་པ་རྒྱག་ཐུབ་མིན་ཚོད་དཔག་བྱེད་དཀའ་ཡང་། པར་དེ་དག་གིས་ཁོ་ད་དུང་བྱང་ཀོ་རི་ཡའི་ནང་དབང་ཆ་ཆེས་ཤོས་ཀྱི་མི་སྣ་ཡིན་པ་མཚོན་ཐུབ་ཀྱི་ཡོད། ཅེས་སོགས་བརྗོད་འདུག

ལྷོ་ཀོ་རི་ཡའི་ཨེན་ཇེ་གཙུག་ལག་སློབ་གྲྭའི་བྱང་ཀོ་ར་ཡའི་ཆེད་མཁས་ཀིམ་ཡུང་ཆོ་ (Kim Yeon-Chul) ལགས་ཀྱིས་གསར་འགོད་པར། ད་ལྟའི་ཆར་ཀིམ་ཇོང་ཨང་ལ་དོན་དངོས་ཐོག་ན་ཚ་ག་རེ་ཕོག་ཡོད་མེད་དང་། ད་ལྟ་ཁོའི་གཟུགས་པོ་དྲག་སྐྱེད་བྱུང་ཡོད་མེད་གསལ་བོ་མེད། ཨ་རི་དང་ལྷོ་ཀོ་རི་ཡ། རྒྱ་ནག་གསུམ་གྱིས་མཉམ་འབྲེལ་ཐོག་ནས་ཞིབ་འཇུག་བྱས་པ་ལྟར་ན། ཁོས་སྔར་བཞིན་བྱང་ཀོ་རི་ཡའི་དབང་ཆ་བཟུང་ཡོད་ཅེས་བརྗོད་འདུག

བྱང་ཀོ་རི་ཡའི་སྲིད་དོན་ཆེད་མཁས་ཇོན་ཌེབ་ལོ་རེ་ (John Delury) ལགས་ཀྱིས། ཀིམ་ཇོང་ཨང་གི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཡིན་སྟབས། གཞུང་འཛིན་ཚོགས་པས་སོ་སོའི་མགོ་ཁྲིད་ཀྱི་གཟུགས་པོས་ལྕོགས་ཀྱི་མེད་དུས་གཞན་ལ་སྟོན་འདོད་ཡོད་པ་མ་རེད། གལ་སྲིད། གནས་ཚུལ་གྱི་དབང་གིས་སྲིད་གཞུང་མགོ་རྟིག་བསློག་ཡོད་ཚེ་ངེས་པར་གསང་བའི་གནས་ཚུལ་གང་རུང་ཞིག་ཕྱིར་ཐོན་ངེས་ཡིན་ཞེས་བརྗོད་འདུག

ནེའུ་ཡོག་དང་ལྷོ་བྱང་ཀོ་རི་ཡའི་ནང་ཡོད་པའི་བྱང་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་དག་གིས། ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་དང་སྲིད་དོན་ཉམས་ཞིབ་པ་ཚོས་ཀིམ་ཇོང་ཨང་གི་གཟུགས་པོ་བདེ་ཐང་མེད་པའམ་སྲིད་གཞུང་མགོ་རྟིང་སློག་པའི་དཀྲོག་གཏམ་དེས། བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་ཁ་འཐོར་དགུ་འཐོར་གཏོང་རྩིས་ཡོད་པ་རེད་ཅེས་བརྗོད་བྱས་འདུག

ཀིམ་ཇོང་ཨང་གི་འཕྲོད་བསྟེན་ཐད་ཁོང་གི་སྤོ་སྤོ་ཀིམ་སུང་ (Kim II Sung) གི་མི་སྒེར་སྨན་པ་ཀིམ་སོ་ཡུང་ (Kim So-Yeon) ལགས་ཀྱིས་སེ་ཨན་ཨན་ (CNN) གསར་འགོད་པར། ཁོའི་ཨ་ཕ་དང་སྤོ་སྤོ་གཉིས་ལ་གྲུམ་བུ་དང་གཅིན་སྙི། སྙིང་གི་ན་ཚ་བཅས་ཡོད་པར་བརྟེན། ཁོ་ལ་གོང་གི་རིགས་རྒྱུད་ན་ཚ་ཡོད་པའི་སྒང་ལ་སེམས་ཁམས་དང་གཟུགས་པོ་རྒྱགས་པའི་ན་ཚ་ཡང་འདུག་ཅེས་བརྗོད་འདུག

སྔོན་ཆད་ཀིམ་ཇོང་ཨང་ཐེངས་གཉིས་ལ་མང་ཚོགས་ཀྱི་མཐོང་ཡུལ་དུ་མ་མངོན་པ་ཆགས་མྱོང་ཡོད་ཅིང་། དེ་དག་ནི་ ༢༠༡༢ ལོའི་ཟླ་ ༦ ཚེས་ ༧ ཉིན་ནས་ཟླ་ ༧ ཚེས་ ༡ ཉིན་བར་ཐེངས་གཅིག་དང་། ༢༠༡༡ ལོའི་ཟླ་ ༧ ཚེས་ ༢༨ ནས་ཟླ་ ༨ ཚེས་ ༢༧ ཉིན་བར་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་། ད་རེབ་ཐེངས་གསུམ་པ་དེ་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 1

  1. བསྟན་འཛིན་འཕགས་པ། says:
    ལོ་ 11 སྔོན།

    བོད་ཀྱི་དུས་བབ་དྲྭ་བ་ནང་དགོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༢ ནས་ ༡༥ བར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རཱག་ཏུ་ཉིས་སྟོང་ཐམ་པའི་གླེང་སྟེགས་ཞེས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཐེངས་བཅོ་བརྒྱད་པའི་ནང་མཉམ་ཞུགས་གནང་ནས་གསུངས་བཤད་གནང་བ་སོགས་ཀྱིས་གནས་ཚུལ་གང་ཡང་མཐོང་རྒྱུ་མུ་འདུག མི་དགོས་པའི་བྱང་ཀོ་རི་ཡ་གནས་ཚུལ་འདིའི་རིགས་ཇུས་གཏོགས་མན་ས་ཇུས་གཏོགས་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese