མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་ལོར་མི་ ༢༤༠༠ ལ་སྲོག་ཁྲིམས་བཅད།

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

གླེང་མོལ་ཐེབས་རྩ་ཚོགས་པའི་ཞིབ་འཇུག་སྙན་ཐོའི་ནང་ཕྱི་ལོ་ ༢༠༡༣ ལོར་རྒྱ་གཞུང་གིས་སྲོག་ཁྲིམས་བཅད་པའི་ཉེས་ཅན་གྱི་གྲངས་འབོར་དེ་རྒྱལ་ཁབ་གཞན་དག་གི་བསྡོམས་འབོར་ལས་མང་བ་ཡོད་ལུགས་བསྒྲཊ་འདུག

ཉེ་སྔོན་ཨ་རིའི་ནང་རྟེན་གཞི་བྱས་པའི་གླེང་མོལ་ཐེབས་རྩ་ཚོགས་པས་ཞིབ་འཇུག་སྙན་ཐོ་ཞིག་ཕྱིར་བསྒྲགས་གནང་བ་ལྟར་ན། ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གིས་རྒྱལ་ཡོངས་ཀྱི་ས་གནས་ཁྲིམས་ཁང་ཁག་གི་སྲོག་ཁྲིམས་ལག་བསྟར་གྱི་དབང་ཆ་ཕྱིར་བསྡུ་བྱས་རྗེས། ལོ་རེ་བཞིན་སྲོག་ཁྲིམས་བཅད་པའི་གྲངས་འབོར་མངོན་གསལ་གྱིས་ཉུང་དུ་ཕྱིན་ཡོད་ཀྱང་། ད་ལྟའང་རྒྱ་གཞུང་གིས་ལོ་རེར་སྲོག་ཁྲིམས་བཅད་པའི་ཉེས་ཅན་གྱི་གྲངས་འབོར་དེ། རྒྱལ་ཁབ་ཆུང་ཆུང་ཁག་ཅིག་གི་གྲངས་འབོར་གཅིག་མཚུངས་མེད་པ་ཙམ་མ་གཏོགས་འཛམ་གླིང་གི་རྒྱལ་ཁབ་གཞན་ཡོངས་ཀྱི་བསྡོམས་འབོར་ལས་ཀྱང་རྦད་དེ་མང་བ་ཡོད་འདུག

སྙན་ཐོའི་ནང་དུ། འདས་ལོར་རྒྱ་གཞུང་གིས་ཁྱོན་མི་གྲངས་ ༢༤༠༠ ལ་སྲོག་ཁྲིམས་བཅད་ཡོད་པ་དང་། གྲངས་འབོར་དེ་ཕྱི་ལོ་ ༢༠༠༢ ལོའི་མི་གྲངས་ ༡༢༠༠༠ དང་། ༢༠༡༢ ལོར་མི་ ༣༠༠༠ ལ་སྲོག་ཁྲིམས་བཅད་པའི་གྲངས་འབོར་གཉིས་དང་བསྡུར་ན་བརྒྱ་ཆ་ ༢༠ ཉུང་དུ་ཕྱིན་ཡོད། ཡིན་ནའང་། རྒྱ་གཞུང་གིས་ཤིན་ཅང་ནང་གཙོ་བོར་གྱུར་བའི་རྒྱ་ནག་རྒྱལ་ཡོངས་སུ་འཇིགས་སྐུལ་བར་རྒོལ་རྡུང་དྲག་པོ་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྟབས། འདི་ལོར་སྲོག་ཁྲིམས་བཅད་པའི་གྲངས་འབོར་ཉུང་དུ་མི་འགྲོ་བར་འདས་ལོ་དང་གཅིག་མཚུངས་ཆགས་སྲིད་པ་རེད། རྒྱ་གཞུང་གིས་སྲོག་ཁྲིམས་བཅད་པའི་གྲངས་འབོར་དེ་རྒྱལ་ཁབ་ཀྱི་གསང་བ་ཞིག་ཏུ་ངོས་འཛིན་གྱིས་གཏན་ནས་ཕྱིར་བསྒྲགས་བྱེད་ཀྱི་མེད་ཀྱང་། རྒྱ་ནག་གི་ཁྲིམས་འཛིན་མི་སྣ་ཞིག་གི་ས་ནས་གནས་ཚུལ་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་འདུག

སྙན་ཐོའི་ནང་རྒྱ་ནག་ལྷོ་ཕྱོགས་བདུན་རེའི་ཚགས་པར་ཁང་གི་གནས་ཚུལ་ཞིག་ལུང་འདྲེན་བྱས་པའི་ནང་། ཕྱི་ལོ་ ༢༠༡༣ ཟླ་ ༧ ནས་འདི་ལོའི་ཕྱི་ཟླ་ ༩ པ་བར་དུ། རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གི་དྲ་བའི་ཐོག་ཁྱོན་སྲོག་ཁྲིམས་བཅད་པའི་ཉེས་དོན་ ༡༥༢ ཕྱིར་བསྒྲགས་བྱས་ཡོད་པ་དང་། དེའི་ནང་ལྐོག་གསོད་ཀྱི་ཉེས་དོན་ ༡༢༩ དང་། སྨྱོས་རྫས་ལྐོག་ཚོང་གི་ཉེས་དོན་ ༡༧ ཚུད་ཡོད་ལ། སྲོག་ཁྲིམས་ཀྱི་ཉེས་དོན་བསྐྱར་ཞིབ་ཁྲོད་བརྒྱ་ཆ་ ༡༣ ལ་མ་གཏོགས་དག་འབུད་ཁྲིམས་རྩོད་པ་མཉམ་ཞུགས་བྱེད་དུ་བཅུག་མེད་ལུགས་དང་། ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གིས་ས་གནས་ཁྲིམས་ཁང་ཁག་གིས་ཐག་གཅོད་བྱས་པའི་སྲོག་ཁྲིམས་ཀྱི་བརྒྱ་ཆ་ ༣༩ ཕྱིར་སློག་བྱས་ཏེ། དཔང་རྟགས་བཙལ་ནས་བསྐྱར་དུ་ཁྲིམས་བཤེར་བྱེད་དུ་བཅུག་ཡོད་པ་མ་ཟད། དེའི་ནང་གི་སྲོག་ཁྲིམས་ཁག་ཅིག་ལ་དཔང་རྟགས་འདང་ངེས་མེད་པར་ཁྲིམས་ཆད་རྩིས་མེད་གཏོང་དགོས་ཁེལ་ཡོད་པ་དང་། སྤྱིའི་ཆ་ནས་ས་གནས་ཁྲིམས་ཁང་གི་ཉེས་དོན་གཏན་འབེབས་ཀྱི་དབང་ཚད་བརྒྱ་ཆ་བརྒྱ་ཡིན་པ་མ་ཟད། ནག་ཉེས་བཙན་འགེལ་གྱི་དྲང་བདེན་མིན་པའི་གནད་དོན་མང་དུ་བྱུང་བཞིན་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese