མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་བྷོ་ལ་ནེའུ་ཡོག་ནང་སླེབས།

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་གཞུང་གིས་ཨ་ཧྥི་རི་ཀའི་ནང་འགྲོ་མྱོང་མཁན་ནེའུ་ཡོག་གི་སྨན་པ་ཞིག་ལ་ཨི་བྷོ་ལཱ་ནད་ཡམས་འགོས་ཡོད་པ་ཕྱིར་བསྒྲགས་བྱས་འདུག

ཟླ་འདིའི་ཚེས་ ༡༤ ཉིན་རྒྱལ་མཚམས་མེད་པའི་སྨན་པའི་ལྷན་ཚོགས་ཀྱི་ཨ་རིའི་སྨན་པ་སི་པན་སར་ (Dr Craig Spencer) ལགས་ཨི་བྷོ་ལཱ་ནད་ཡམས་ཁྱབ་བརྡལ་འགྲོ་ཡུལ་ཨ་ཧྥི་རི་ཀའི་ནུབ་ཕྱོགས་རྒྱལ་ཁབ་གྷི་ནཱ་ (Guinea) ནང་བསྐྱོད་དེ། ནད་ཡམས་དེ་འགོས་ཡོད་པའི་ནད་པ་ཚོར་སྨན་བཅོས་ཀྱི་ལས་དོན་བསྒྲུབས་ཏེ། ཚེས་ ༡༧ ཉིན་ཡུ་རོབ་རྒྱལ་ས་བྷར་སལ་བརྒྱུད་ཕྱིར་ཨ་རིར་ལོག་ཡོད་ཀྱང་། ཁ་སང་ཚེས་ ༢༣ ཉིན་གཟུགས་པོ་ཐང་ཆད་པ་དང་ཚ་བ་འཕར་བ། བཤལ་བ་སོགས་ཀྱི་གནས་ཚུལ་བྱུང་སྟེ་སྨན་ཁང་བརྟག་དཔྱད་གཏོང་སྐབས་ཨི་བྷོ་ལཱ་ནད་ཡམས་འགོས་ཡོད་པའི་མཇུག་འབྲས་ཐོན་ཡོད་པ་གསལ་བསྒྲགས་བྱས་འདུག ཁོང་ནི་ཨ་རིའི་ནང་ཨི་བྷོ་ལཱ་ནད་ཡམས་ཕོག་མཁན་བཞི་པ་དང་། ནེའུ་ཡོག་གྲོང་ཁྱེར་གྱི་ཨང་དང་པོ་དེ་ཆགས་ཡོད་འདུག ད་ལྟ་ཁོང་ནེའུ་ཡོག་གྲོང་ཁྱེར་གྱི་སྨན་ཁང་ (Bellevue Hospital) ཞེས་པའི་ནང་སྨན་བཅོས་བྱེད་བཞིན་ཡོད་འདུག

འདིའི་ཐད་མདང་དགོང་ནེའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་བྷེལ་ཌི་ (Bill de Blasio) ཡིས་གསར་ལམ་དུ་བརྗོད་དོན། “ད་ལྟ་རྒྱལ་སྤྱིའི་ཐོག་ཨི་བྷོ་ལཱ་ནད་ཡམས་འདི་ཉེན་འཚབ་ཆེ་བའི་གནས་སྟངས་ཤིག་ཆགས་བཞིན་ཡོད་ཀྱང་། གལ་ཏེ་ནེའུ་ཡོག་གི་གྲོང་མི་ཚོར་ནད་ཡམས་ཕོག་མཁན་གྱི་རྔུལ་ཁྲག་སོགས་མ་འགོས་པ་ཡིན་ན་ནད་ཡམས་འདི་མི་ཕོག་སྟབས། གྲོང་མི་ཚོས་གནད་དོན་འདིར་འདྲོག་མགོ་ལངས་དགོས་དོན་མེད།”ཅེས་དང་། ནེའུ་ཡོག་གྲོང་ཁྱེར་གྱི་སྲིད་སྐྱོང་ཨན་ཌེའུ་ (Andrew Cuomo) ཡིས། “ཨ་རིའི་ནང་ཨི་བྷོ་ལཱ་ནད་ཡམས་ཁྱབ་བརྡལ་ཕྱིན་པ་དེ་གློ་བུར་དུ་བྱུང་བ་ཞིག་མིན་སྟབས། མ་འོངས་པར་གཞུང་སྒེར་གཉིས་ཀྱིས་ནད་གཞི་འདིར་དོ་སྣང་དང་བཀག་སྡོམ་ཐོག་ཤུགས་རྒྱག་དགོས། ནེའུ་ཡོག་ནང་ཨི་བྷོ་ལཱ་ནད་ཡམས་ཕོག་མཁན་སྨན་པ་སི་པན་སར་དང་འབྲེལ་བ་ཡོད་མཁན་མི་བཞི་ཡོད་སྟབས། ད་ལྟ་ང་ཚོས་ཁོ་ཚོར་ནད་ཡམས་དེ་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད།”ཅེས་བརྗོད་འདུག

ཉེ་ལམ་ཨ་རིའི་ནང་ནད་ཡམས་འདི་འགོས་ཡོད་པའི་ནད་པ་ཁག་གཅིག་གཉིས་ཤིག་འཐོན་པ་དང་བསྟུན་ཏེ། ཨ་རིའི་སྤྱི་མཐུན་ཚོགས་པ་གཙོས་པའི་ཆབ་སྲིད་ཚོགས་པ་དང་། མང་ཚོགས་ཁྲོད་ཨོ་བྷ་མའི་གཞུང་ལ་སྐྱོན་བརྗོད་བྱེད་མགོ་ཚུགས་ཡོད་ཅིང་། ནད་ཡམས་འདི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་པ་ཤེས་བཞིན་དུ་ཨོ་བྷ་མའི་གཞུང་གིས་མང་ཚོགས་འགྲོ་སྐྱོད་ལ་དོ་ནན་མི་བྱེད་པ་དེ་ནི་ཨ་རིའི་རྒྱལ་དམངས་ཀྱི་འཕྲོད་བསྟེན་ལ་འགན་མ་འཁུར་བའི་བྱེད་སྟངས་ཤིག་ཡིན་སྐོར་སོགས་རྗོད་བཞིན་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ པར་ཨི་བྷོ་ལཱ་ནད་ཡམས་འདི་ཨ་ཧྥི་རི་ཀའི་ནུབ་ཕྱོགས་གྷི་ནི (Guinea)དང་། ལེ་བྷི་རི་ཡ་(Liberia)། སི་ར་ལོན་ (Sierra Leone)། ནེ་ཇི་རེ་ཡ་(Nigeria) སོགས་ནང་ཁྱབ་བརྡལ་ཕྱིན་ཏེ། ཟླ་འདིའི་ཚེས་ ༢༣ ཉིན་བར་མི་ ༤༨༠༠ ལྷག་ཤི་ཡོད་པ་དང་། ད་ལྟ་མི་ ༡༢༩༧༦ ལྷག་ལ་ནད་ཡམས་དེ་འགོས་ཁྱབ་ཕྱིན་ཡོད་འདུག ད་བར་ཨ་རིའི་ནང་ནད་ཡམས་འདི་ཕོག་མཁན་མི་ ༤ ཙམ་བྱུང་སྟེ། མི་གཅིག་ཤི་ཡོད་པ་དང་། ཁ་སང་སྨན་པ་ཞིག་ལ་ནད་ཡམས་ཕོག་ཡོད་སྟབས། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ནེའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་ལ་ཁ་པར་བཏང་སྟེ། ནད་ཡམས་ཕོག་མཁན་དེར་གཞུང་ཕྱོགས་ནས་སྨན་བཅོས་མཐུན་རྐྱེན་གང་ཐུབ་སྦྱོར་དགོས་སྐོར་བརྗོད་འདུག

ཨི་བྷོ་ལཱ་ནད་ཡམས་འདི་ཨ་ཧྥི་རི་ཀའི་ཡུལ་གྲུ་ཁག་ཅིག་ཏུ་ཁྱབ་བརྡལ་ཆེན་པོ་ཕྱིན་ཡོད་ཀྱང་། ཡུལ་གྲུ་འགའ་ཞིག་གིས་སྔོན་འགོག་ལེགས་པོ་བྱས་ཡོད་སྟབས། ནད་ཡམས་འདི་ཁྱབ་བརྡལ་ཕྱིན་མེད་ཀྱང་། ཟླ་འདིའི་ཚེས་ ༢༣ ཉིན་ཨ་ཧྥི་རི་ཀའི་རྒྱལ་ཁབ་མཱ་ལི་ (Mali) ནང་ལོ་གཉིས་ཅན་གྱི་བུ་མོ་ཞིག་ལ་ནད་དེ་ཕོག་ཡོད་སྟབས། མཱ་ལི་ནི་ཨ་ཧྥི་རི་ཀའི་ནང་གི་ནད་ཡམས་ཁྱབ་ཡུལ་རྒྱལ་ཁབ་ཨང་ ༦ དེ་ཆགས་ཡོད་འདུག

ཁ་སང་སུད་སི་རྒྱལ་ས་ཇི་ནི་ཝ་ནང་རྒྱལ་སྤྱིའི་འཕྲོན་བསྟེན་ལྷན་ཚོགས་ཀྱིས་ཚོགས་འདུ་ཞིག་འདུ་བསྐོངས་ཏེ། ཟླ་ ༡༢ པའི་ཟླ་མཇུག་ཏུ་ཨི་བྷོ་ལཱ་ནད་ཡམས་སྔོན་འགོག་སྨན་ཁབ་གསར་བཟོ་ཐུབ་པ་བྱ་རྒྱུ་མ་ཟད། ཉེ་ལམ་གསར་བཟོ་བྱས་པའི་སྨན་ཁབ་གཉིས་ཀྱིས་ནད་ཡམས་དེ་སྔོན་འགོག་ཐུབ་རྒྱུར་ཡིད་ཆེས་དང་། ད་བར་ཨི་བྷོ་ལཱ་ནད་ཡམས་རྐྱེན་པས་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་འཕྲོད་ལས་པ་ ༤༤༣ ལ་ནད་ཡམས་དེ་འགོས་ཡོད་པ་མ་ཟད། དེ་དག་ཁྲོད་ནས་འཕྲོད་ལས་པ་ ༢༤༤ རྐྱེན་འདས་ཕྱིན་ཡོད་སྐོར་བསྒྲགས་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ད་ལྟ་ཨི་བྷོ་ལཱ་ནད་ཡམས་འདི་ཨ་ཧྥི་རི་ཀ་ཙམ་མ་ཟད། རྒྱལ་ཁབ་གཞན་མང་པོ་ཞིག་ལ་ཁྱབ་བཞིན་ཡོད་སྟབས། གལ་ཏེ་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གང་མགྱོགས་བཅོས་ཐབས་མ་བྱས་ཚེ་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese