མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མི་ཆོག

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་མངའ་སྡེ་ཁག་ཅིག་གིས་ཨི་བྷོ་ལཱ་ནད་ཡམས་ཁྱབ་ཡུལ་ནས་ཚུར་ལོག་མཁན་ཚོ་ཟུར་བཀག་གིས་བརྟད་དཔྱད་གཏོང་བཞིན་ཡོད་པ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐྱོན་བརྗོད་བྱས།

ཉེ་ཆར་ཨ་རིའི་ནེའུ་ཡོག་དང་ནེའུ་ཇར་སིལ་གཙོས་པའི་མངའ་སྡེ་ཁག་ཅིག་གིས་ཨི་བྷོ་ལཱ་ནད་ཡམས་ཁྱབ་ཡུལ་ཨ་ཧྥི་རི་ཀའི་ཡུལ་ཁག་ནས་ཕྱིར་ལོག་པའི་ཨ་རིའི་སྨན་པ་དང་སྨན་ཞབས་པ་ཚོ་ཟུར་བཀག་གིས་བརྟག་དཔྱད་གཏོང་གི་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་བྱེད་སྟངས་དེར་སྐྱོན་བརྗོད་ཡོང་གི་ཡོད་སྟབས། ཁ་སང་ཨ་རིའི་གཞུང་ནད་བཅོས་སྔོན་འགོག་ཚོགས་ཆུང་གིས་ཨི་བྷོ་ལཱ་ནད་ཡམས་ཁྱབ་ཡུལ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ནས་ཕྱིར་ལོག་མཁན་ཚོར་རྟོག་ཞིབ་བྱེད་ཕྱོགས་ཀྱི་རྩ་འཛིན་ཡིག་ཆ་ཞིག་བསྒྲགས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁེ་མོན་གྱི་མགྲིན་ཚབ་པ་སི་ཌེ་ཧྥན་ (Stephane Dujarric) གྱིས། “ཨི་བྷོ་ལཱ་ནད་ཡམས་ཁྱབ་ཡུལ་གྱི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ནས་ནད་བཅོས་སྲོག་སྐྱོབ་བྱས་ཏེ། ཕྱིར་ལོག་མཁན་དག་ནི་དཀའ་ངལ་ནང་ལྷུང་ཡོད་པའི་མི་མང་ལ་ཞབས་ཞུ་སྒྲུབ་མཁན་ཡིན་སྟབས། གཞུང་གིས་ཟུར་བཀག་བྱས་པ་དེ་ནི་འགྲོ་བ་མིའི་བཟང་སྤྱོད་དང་འགལ་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ལེན་བྱ་ཐབས་མེད།”ཅེས་དང་།  ཨ་རིའི་དབུས་གཞུང་ནད་བཅོས་སྔོན་འགོག་ཚོགས་ཆུང་གི་འགན་འཛིན་སྨན་པ་ཋོ་མཱ་སི་ (Dr. Thomas Frieden) ལགས་ཀྱིས། “ཨ་རིའི་གཞུང་གིས་ཨི་བྷོ་ལཱ་ནད་ཡམས་ཁྱབ་ཡུལ་གྱི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ནས་ཕྱིར་ཨ་རིར་ལོག་མཁན་ཚོ་ཟུར་བཀག་བྱས་པ་དེ་ཉིན་ ༢༡ རིང་ནད་འབུ་སྐྱེད་འཕེལ་གྱི་དུས་ཚོད་ཡོལ་བའི་བར་ཁོང་ཚོས་ལས་ཀ་དང་འགྲུལ་བཞུད་བྱེད་ཆོག་གི་མེད་པ་དང་། ལུས་ཁམས་ཀྱི་ཚ་བ་འཕར་གྱི་ཡོད་མེད་བརྟག་དཔྱད་གཏོང་ཆེད་ཡིན།”ཞེས་བརྗོད་འདུག

ནད་ཡམས་འདི་ད་ལོའི་ཕྱི་ཟླ་ ༣ པའི་ནང་ཐོག་མ་ཨ་ཧྥི་རི་ཀའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་ནང་ཁྱབ་བརྡལ་ཕྱིན་ཏེ། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་དེ་རིང་སྙན་ཐོ་བཏོན་པའི་ནང་། ད་བར་ཨི་བྷོ་ལཱ་ནད་ཡམས་ཀྱིས་འདས་གྲོངས་སུ་ཕྱིན་པ་ ༤༩༢༢ དང་། གཞན་མི་ ༡༣༩༨༣ ལྷག་ལ་ནད་ཡམས་དེ་འགོས་ཁྱབ་ཕྱིན་ཡོད་སྐོར་འཁོད་འདུག

ནད་ཡམས་ཁྱབ་ཡུལ་གྱི་ཨ་ཧྥི་རི་ཀའི་ནུབ་ཕྱོགས་རྒྱལ་ཁབ་ལི་བྷི་རི་ཡ་ནང་ཨ་རིའི་དམག་མི་ ༦༠༠ དང་། སི་ནི་གྷལ་(Senegal) ནང་དམག་མི་ ༡༠༠ ཙམ་ཡོད་པ་མ་ཟད། ད་དུང་བདུན་ཕྲག་རྗེས་མའི་ནང་ཡུལ་གྲུ་དེ་དག་ཏུ་ཨ་རིའི་དམག་མི་ ༣༢༠༠ ཙམ་མང་དུ་གཏོང་རྒྱུ་ཡིན་སྟབས། ཁ་སང་ཨ་རིའི་དམག་དོན་ལྷན་ཁང་གིས་ཨི་བྷོ་ལཱ་ནད་ཡམས་ཁྱབ་ཡུལ་ནས་ཕྱིར་ཨ་རིར་ལོག་མཁན་དམག་མི་དག་ལ་ཟུར་བཀག་གིས་བརྟག་དཔྱད་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

༢༠༢༦/༡༠/༢༢
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

༢༠༢༦/༡༠/༢༡
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠

མཆན། 1

  1. ཨ་ཕའི་བུ། says:
    ལོ་ 12 སྔོན།

    འཇིགས་རྟེན་འདི་ཁྱད་མཚར་རེད།
    འགོྲ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་ན་མ་འགྲིག་པའི་གཏམ་རྒྱུད་མང་པོ་ཞིག་མི་མང་གི་འགོ་རུ་བསྡོད་མཁན་གྱིས་བཤད་དེ་རྩ་འཛིན་དང་སྒྲིག་གཞི་མང་པོ་ཞིག་བཟོས་ནས་མི་མང་ལ་བཀའ་རྒྱ་ཕབ་དེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་ཁུལ་བྱེད་ཀྱི་འདུག
    འོན་ཀྱང་དངོས་གནས་འགྲོ་བ་མིའི་ཐོབ་ཐང་འཕྲོག་མཁན་ངོ་མ་དེ་ཁོང་ཚོ་རང་རེད། ནང་བསྟན་ནང་གསུངས་པའི་ལས་རྒྱུ་འབྲས་དངོས་གནས་ཡོད་ན་ཁོང་ཚོར་མ་འཁོར་བ་ཅི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese