མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དམག་ཨ་རུ་ནཱ་ཅལ་ནང་སིམ་འཛུལ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་དམག་གིས་ཨ་རུ་ནཱ་ཅལ་ནང་ཚུར་ལམ་ཁ་བཟོ་རྩིས་བྱེད་སྐབས་རྒྱ་གར་མཐའ་སྲུང་དམག་དཔུང་གིས་བཀག་འགོག་བྱས་ཏེ་ཕྱིར་ལོག་བྱས་ཡོད་འདུག

དེ་རིང་རྒྱ་གར་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར། ཁ་སང་རྒྱ་གར་གྱི་ཤར་ཕྱོགས་ཨ་རུ་ནཱ་ཅལ་མངའ་སྡེའི་ཨ་སཱ་ཧྥེ་ལཱ་ (Asaphila) ས་ཁུལ་ནང་རྒྱ་ནག་བཅིངས་འགྲོལ་དམག་མི་ཁག་ཅིག་གིས་རླངས་འཁོར་འགའ་དང་ལམ་བཟོའི་ལག་ཆ་སོགས་སྐྱེལ་འདྲེན་བྱས་ནས་ལམ་ཁ་བཟོ་སྐབས།  རྒྱ་གར་མཐའ་སྲུང་དམག་གིས་བཀག་འགོག་བྱས་ཏེ་རྒྱ་དམག་དེ་དག་ཕྱིར་ལོག་བྱས་ཡོད་འདུག

ས་གནས་དམག་དཔུང་ལས་ཁུངས་ཀྱིས་རྒྱ་གར་དུས་བབ་གསར་འགོད་པར། ཐེངས་འདིར་ཟླ་སྔོན་མའི་ནང་རྒྱ་དམག་གིས་ལ་དྭགས་ཀྱི་ཆུ་དམར་ (Chumar) དང་བདེན་མཆོག་ (Demchok) གཉིས་ནང་བཙན་འཛུལ་བྱས་ཏེ་ཕན་ཚུན་ཁ་གཏད་ལངས་པའི་ཛ་དྲག་གནས་སྟངས་དེ་ལྟ་བུ་ཞིག་བྱུང་མེད་ཀྱང་། རྒྱ་དམག་གིས་ཨ་སཱ་ཧྥེ་ལཱ་ས་ཁུལ་གྱི་ས་ཐིག་ ༢༤༤༥ ཙམ་བར་ཚུར་ལམ་ཁ་བཟོ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་སྟབས། རྒྱ་གར་ཚོས་བཀག་འགོག་བྱས་ཡོད་ཅེས་བརྗོད་འདུག

ན་ནིང་རྒྱ་གར་མཐའ་སྲུང་དམག་གིས། ཨ་སཱ་ཧྥེ་ལཱ་ཁུལ་གྱི་ཤར་ཕྱོགས་ས་གནས་ཊྲ་སི་ཀིན་ (Tasking) ནང་། ས་མཚམས་སྲུང་དམག་གི་ལྟེ་གནས་གསར་རྒྱག་བྱས་ཡོད་པ་དང་། དེ་ནི་སྤྱི་ལེ་ ༥༠ ཙམ་གྱི་མཚམས་སུ་ཡོད་པའི་རྒྱ་མིའི་དམག་སྒར་གྱི་ཁ་གཏད་ཆགས་ཡོད་པ་དང་། ཕྱོགས་གཉིས་ཀྱི་དམག་མིས་ས་ཁུལ་དེར་སྐོར་གཡེང་བྱེད་སྐབས་ཕན་ཚུན་ལ་རྣམ་འགྱུར་མི་ལེགས་པ་ཡང་ཡང་སྟོན་བཞིན་ཡོད་པ་དང་། ཨ་རུ་ནཱ་ཅལ་ཁུལ་གྱི་སྟོད་ཕྱོགས་བྷན་སེ་རི་ (Upper Subansiri)རྫོང་དང་གྲོང་གསེབ་ཅཱ་ཁུ་ལཱ་གྷན་ (Chaglagam) གཙོས་རྩོད་རྙོག་ཡོད་པའི་ས་གནས་ཁག་ལ་སྐོར་སྲུང་ནན་མོ་བྱེད་ཀྱིན་ཡོད་འདུག

ལོ་འགའི་གོང་ནས་བཟུང་རྒྱ་ནག་གིས་བོད་ནང་དུ་གནམ་ཐང་དང་གཞུང་ལམ། མེ་འཁོར་ལྕགས་ལམ་འཛུགས་བྱས་པར་བརྟེན། ཟླ་འདིའི་ཚེས་ ༡༤ ཉིན་མུ་དྷི་སྲིད་གཞུང་གིས་ཨ་རུ་ནཱ་ཅཱའི་ས་མཚམས་སུ་རིང་ཚད་སྤྱི་ལེ་ ༢༠༠༠ ལྷག་གི་གཞུང་ལམ་གསར་རྒྱག་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་རྗེས། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཉིས་བར་གྱི་ས་མཚམས་རྩོད་རྙོག་མ་སེལ་བར་དུ་གཞུང་ལམ་གསར་རྒྱག་མི་ཆོག་ཚུལ་བརྗོད་ཡོད།

ཟླ་འདིའི་ཚེས་ ༢༤ ཉིན་རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་ཧིན་སྒོར་འབུམ་ ༡༠༧༥ ཡི་འགྲོ་གྲོན་བཏང་སྟེ་ཨ་རུ་ནཱ་ཅལ་གྱི་ས་མཚམས་ཁག་ཏུ་ས་མཚམས་སྐོར་སྲུང་ས་ཚིགས་ཁག་ ༥༤ གསར་རྒྱག་བྱ་རྒྱུའི་གསལ་བསྒྲགས་བྱས་རྗེས། སླར་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་དཔའ་ཆོན་ཡུན་གྱིས། རྒྱ་ནག་གིས་རྒྱ་གར་མཉམ་དུ་ས་མཚམས་རྩོད་རྙོག་གི་གནད་དོན་གྲོས་མོལ་བརྒྱུད་ཐག་གཅོད་ཡོང་ཐུབ་བྱེད་དགོས། ས་མཚམས་ཀྱི་དཀའ་རྙོག་མཐའ་མའི་ཐག་གཅོད་མ་བྱས་བར་དུ་རྒྱ་གར་ཕྱོགས་ནས་ཡིད་གཟབ་མ་བྱས་ཚེ་ཆག་སྒོ་ཆེན་པོ་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས། ཨ་རུ་ནཱ་ཅལ་ཁུལ་གྱི་ཧིན་བོད་མཐའ་མཚམས་ཉེན་རྟོག་ (ITBP) གི་དཔུང་རོགས་ཆེད་དམག་སྡེ་གསར་བ་ ༡༢ གསར་འཛུགས་ཀྱིས་ལོ་ལྔའི་རིང་དམག་མི་གསར་བ་ ༡༢༠༠༠ ལྷག་བསྡུ་སྒྲིག་གིས་གཏོང་འཆར་ཡོད་པ་དང་། ད་ལྟའི་ཆར་ཨ་རུ་ནཱ་ཅལ་གྱི་ས་མཚམས་ཁག་ཏུ་ཧིན་བོད་མཐའ་མཚམས་ཉེན་རྟོག་གི་དམག་སྡེ་ ༦༢ ལྷག་ཡོད་འདུག

རྒྱ་གར་གྱི་ས་མཚམས་སྐོར་སྲུང་ས་ཚིགས་གསར་རྒྱག་དགོས་པའི་སྐོར་ལ་རྒྱ་གར་ནང་སྲིད་བློན་ཆེན་ར་ཇི་ནཱ་ཐི་སིན་ (Rajnath Singh)མཆོག་གིས་གསར་འགོད་པར། ཨ་རུ་ནཱ་ཅཱལ་དམག་དོན་ཐབས་ཇུས་ཐོག་གནད་འགག་ཆགས་ཡོད་སྟབས། སྐོར་སྲུང་ས་ཚིགས་གསར་པ་ཁ་སྣོན་གྱིས་ཧིན་བོད་མཐའ་མཚམས་ཉེན་རྟོག་ལ་སྟོབས་ཤུགས་ཆེ་རུ་གཏོང་དོན། རྒྱ་ནག་ཕྱོགས་ནས་ས་མཚམས་ནང་བཙན་འཛུལ་བྱེད་པར་འགོག་སྲུང་བྱེད་ཆེད་ཡིན་ཞེས་བརྗོད་ཡོད་འདུག

ད་ལོའི་ཕྱི་ཟླ་ ༨ ཚེས་ ༤ ཉིན་བར་རྒྱ་ནག་གི་དམག་མི་ཨ་རུ་ནཱ་ཅལ་ཁུལ་གྱི་ས་མཚམས་ནང་ཐེངས་ ༣༣༤ ཙམ་ཚུར་འཛུལ་ཡོད་པ་དང་། ༢༠༡༣ ལོར་ཐེངས་ ༤༡༡། ༢༠༡༢ ལོར་ཐེངས་ ༤༢༦། ༢༠༡༡ ལོར་ཐེངས་ ༢༡༣ བཅས་འཛུལ་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༦ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese