མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་པོའི་སྲིད་བློན་གནས་དབྱུང་བཏང་།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་སོག་གི་གྲོས་ཚོགས་འཐུས་མི་ཚོས་སྲིད་བློན་གྱིས་ལྐོག་ཟ་ལྐོག་རྔན་བླངས་པ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་ཉེས་ཤུགས་ཆེན་བཏང་ཡོད་སྟབས་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག

ཉེ་ལམ་ཕྱི་སོག་ (Mongolia) གི་སྲིད་བློན་ཎོ་རོ་ (Norov Altankhuyag) ལགས་ཀྱིས་ལྐོག་ཟ་ལྐོག་རྔན་བླངས་པ་མ་ཟད། གཞུང་གི་དཔལ་འབྱོར་ཉམས་ཉེས་ཤུགས་ཆེན་བཏང་ཡོད་སྟབས། ཁ་སང་ཕྱི་སོག་གི་གྲོས་ཚོགས་འཐུས་མི་ཚོས་སྲིད་བློན་ལ་ཉེས་པ་ཇི་ལྟར་གཅོག་མིན་ཐད་དམིགས་བསལ་ཚོགས་འདུ་ཞིག་འདུ་སྐོང་དང་འབྲེལ་མང་མོས་འོས་ཤོག་འཕངས་པ་བརྒྱུད། ད་ཡོད་གྲོས་ཚོགས་འཐུས་མི་ ༦༦ ཁྲོད་ནས་འཐུས་མི་ ༣༦ གིས་ལས་གནས་ནས་གནས་དབྱུང་གཏོང་དགོས་པའི་འོས་ཤོག་བླུགས་ཏེ་གནས་དབྱུང་བཏང་ཡོད་པ་མ་ཟད། སྲིད་བློན་ཌོ་རོ་ལགས་ཀྱིས་ལས་རོགས་བློན་ཆེན་ཁག་ཅིག་ལ་སོག་རྒྱལ་ཁྲིམས་སྒྲིག་ཞིབ་བཤེར་ཚོགས་ཆུང་གིས་ལྐོག་ཟ་ལྐོག་རྔན་བླངས་ཡོད་མེད་ཐད་ཞིབ་བཤེར་བྱེད་བཞིན་ཡོད་སྟབས། ད་ལྟ་སྲིད་བློན་གཞོན་པ་ཌེན་ཌི་ཝེ་ (Dendev Terbishdagva) ལགས་ཀྱིས་གནས་སྐབས་རིང་སྲིད་བློན་གྱི་ལས་འགན་འཁུར་བཞིན་ཡོད་སྐོར་ཕྱིར་བསྒྲགས་བྱས་འདུག

འདིའི་ཐད་ད་ལྟའི་བར་བརྒལ་སྲིད་གཞུང་གི་སྲིད་བློན་ཌེན་ཌི་ཝེ་ (Dendev Terbishdagva) ལགས་ཀྱིས། “སྲིད་བློན་ཎོ་རོ་ཡིས་ལྐོག་རྔན་ལྐོག་ཟ་བྱས་ཡོད་པ་མ་ཟད། དཔལ་འབྱོར་ཉམས་ཉེས་ཆེན་པོ་བཏང་ཡོད་སྟབས། ད་ལྟ་ང་ཚོས་ཁོང་དང་ཁོང་དང་འབྲེལ་འདྲིས་ཟབ་མོ་ཡོད་མཁན་གྱི་དོགས་ཡོད་བློན་ཆེན་ཁག་ཅིག་ལ་ཞིབ་བཤེར་བྱེད་བཞིན་ཡོད། ད་ལྟ་རྒྱལ་ཁབ་ནང་གནད་དོན་དེའི་དབང་གིས་དཔལ་འབྱོར་ཉམས་ཉེས་བྱུང་སྟེ། གཞུང་སྒེར་གཉིས་ཀར་དཀའ་ངལ་འཕྲད་བཞིན་ཡོད་སྟབས། གང་མགྱོགས་སྲིད་བློན་བསྐོ་བཞག་བྱས་ནས་ཐག་གཅོད་ཐུབ་པ་བྱ་རྒྱུ་ཡིན།” ཞེས་བརྗོད་འདུག

འདི་ལོའི་ཟླ་ ༡༠ ནང་ཕྱི་སོག་གི་ཕྱོགས་འགལ་ཚོགས་པས་སྲིད་བློན་ཎོ་རོ་ཡིས་ལྐོག་ཟ་ལྐོག་རྔན་བླངས་པ་མ་ཟད། སོ་སོ་དང་འབྲེལ་བ་ཡག་པོ་ཡོད་མཁན་ཚོར་གཞུང་གི་ལས་འཆར་ཁག་བོགས་གཏོང་བྱས་པ་མ་ཟད། དཔལ་འབྱོར་ཉམས་ཉེས་ཤུགས་ཆེན་བཏང་སྟེ་གཞུང་སྒེར་གཉིས་ཀྱི་ལོ་རེའི་ཡོང་འབབ་ལ་དོ་ཕོག་ཆེན་པོ་བྱུང་ཡོད་སྟབས། སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་དགོས་པའི་ངོ་རྒོལ་བྱས་ཡོད་ཀྱང་། སྐབས་དེར་གཞུང་འཛིན་ཚོགས་པས་རྒྱབ་སྐྱོར་བྱས་ཡོད་སྟབས། ཁོང་ལས་གནས་ནས་གནས་དབྱུང་བཏང་ཐུབ་མེད་ཀྱང་། ཉེ་ལམ་སྲིད་བློན་ཎོ་རོ་ཡིས་གྲོས་ཚོགས་ཀྱི་རྒྱབ་སྐྱོར་འོག་བློན་ཆེན་ ༡༦ ནས་ ༣ ཉུང་དུ་བཏང་ཡོད་སྟབས། བློན་ཆེན་ ༧ གྱིས་ལས་གནས་ནས་དགོངས་ཞུ་ཞུས་ཡོད་པ་དང་། དེ་བཞིན་ཉེ་ལམ་ཁོས་ཁོར་ཡུག་བློན་ཆེན་ཟུར་པ་གྷན་སུ་ (Gansukh Luumed) ས་ནས་ལྐོག་རྔན་ཕོན་ཆེན་བླངས་ཏེ། སོག་པོའི་རྒྱལ་སར་སྡོད་མཁན་ཚོར་རྡོ་སོལ་གྱི་རིན་གོང་ཆག་ཡང་བཏང་ཡོད་པ་མ་ཟད། གྷན་སུ་(Gansukh Luumed) ཡི་ནང་མི་སྤུན་མཆེད་ཚོར་གཞུང་གི་ལས་འཆར་གསར་སྐྲུན་ཞུ་ཆེད་ཀྱི་ཐོབ་ཐང་སོགས་སྤྲད་ཡོད་འདུག

སོག་པོའི་དམངས་གཙོ་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས། ཎོ་རོ་ (Norov Altankhuyag) ལགས་སྲིད་བློན་ལ་བསྐོ་བཞག་བྱས་ཡོད་ཀྱང་། ༢༠༡༡ ལོར་སོག་པའི་དཔལ་འབྱོར་འཕེལ་ཚད་དེ་བརྒྱ་ཆ་ ༡༧།༥ ཙམ་ཟིན་གྱི་ཡོད་ཀྱང་། འདས་པའི་ལོ་གཉིས་ཙམ་རིང་སོག་པོའི་དཔལ་འབྱོར་ཉམས་ཉེས་ཤུགས་ཆེ་བྱུང་སྟེ། ད་ཆ་བརྒྱ་ཆ་ ༦།༣ ལ་བསླེབས་ཡོད་པ་མ་ཟད། འདི་ལོ་ཕྱི་ཕྱོགས་ནས་སོག་པོའི་ནང་ཐད་འཛུགས་མ་འཇོག་བྱེད་མཁན་བརྒྱ་ཆ་ ༥༩ ཙམ་ཉུང་དུ་ཕྱིན་པ་སོགས་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། ཟླ་སྔོན་མའི་ཚེས་ ༣༡ ཉིན་སྲིད་བློན་ཎོ་རོ་ཡིས་སོག་རྒྱལ་གྱི་གྲོས་ཚོགས་ནང་སྔོན་རྩིས་ཀྱི་གྲོས་འཆར་ཅིག་བཏོན་པར་གྲོས་ཚོགས་འཐུས་མི་ཚོས་གཞུང་གིས་འགྲོ་གྲོན་ཚད་ལས་བརྒལ་བ་གཏོང་གི་ཡོད་པའི་སྐྱོན་བརྗོད་དང་འབྲེལ་མོས་མཐུན་བྱས་མི་འདུག

ད་ལྟ་སོག་རྒྱལ་གྱི་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་སེལ་ཆེད། སོག་པོའི་གཞུང་གིས་ ༢༠༡༣ ལོར་སོག་པོའི་གཞུང་དང་ཁེ་ན་ཌར་རྟེན་གཞི་བྱས་པའི་རའོ་ (Rio Tinto’s Turquoise Hill Resources arm) ཁེ་ལས་ལ་དབང་བའི་ཨོ་ཡུ་ཌོ་གྷོ་ (Oyu Tolgoi copper mine) ཟངས་ལས་སྣོན་བཟོ་གྲྭའི་ལས་གྲྭ་རྒྱ་སྐྱེད་གཏོང་ཆེད་ཀྱི་ཨ་སྒོར་ཐེར་འབུམ་ ༥།༤ ཅན་གྱི་ས་འོག་ཕུག་ལམ་ཀྱི་ལས་འཆར་མཚམས་འཇོག་བྱས་པ་དེ་མཇུག་སྐྱོང་བྱེད་ཐུབ་ཚེ། དཔལ་འབྱོར་སླར་གསོ་ཐུབ་པར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་འདུག རྒྱ་གཞུང་གིས་སོག་པོའི་ཐོན་ཁུངས་ཟངས་དང་རྡོ་སོལ་བརྒྱ་ཆ་ ༩༠ ཙམ་ཉོ་ཡི་ཡོད་པ་མ་ཟད། སོག་པོའི་ནང་གི་བཟོ་གྲྭ་བརྒྱ་ཆ་ ༤༩ ཙམ་རྒྱ་ནག་གི་ཁེ་ལས་ཆགས་ཡོད་འདུག

སོག་པོའི་གནད་དོན་ཆེད་མཁས་པ་ཇུ་ལེན་ (Julian Dierkes) ལགས་ཀྱིས། “ད་ལྟ་སོག་པོའི་རྒྱལ་ཁབ་ནང་ཆབ་སྲིད་དང་དཔལ་འབྱོར་ལས་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་སྟབས། གང་མགྱོགས་སྲིད་བློན་བསྐོ་བཞག་བྱེད་མ་ཐུབ་ཚེ། རྒྱལ་ཁབ་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཉག་ཅིག་རེད།” ཅེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་ལྟ་སོག་རྒྱལ་ལ་ཆབ་དཔལ་གཉིས་ཀར་དཀའ་ངལ་ཆེན་པོ་འཕྲད་ཡོད་སྟབས། སོག་པོར་ཐོན་ཁུངས་ཡག་པོ་ཡོད་ཀྱང་། བདུན་ཕྲག་གཉིས་ནང་ཚུད་དུ་སྲིད་བློན་བསྐོ་བཞག་བྱེད་མ་ཐུབ་ཚེ་དཀའ་ངལ་དེ་ལས་གྲོལ་་རྒྱུ་ཁག་པོ་ཆགས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༩ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese