མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱི་གནམ་གྲུའི་ནང་ན་ནག་ཚོང་འདུག

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ན་ནིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་ཧྥི་རི་ཀའི་ནང་གཟིགས་སྐོར་བྱས་ཏེ་ཕྱིར་ལོག་སྐབས། ཁོ་རང་གི་འགྲོ་རོགས་དཔོན་རིགས་ཚོས་གླང་ཆེན་གྱི་མཆེ་བ་ཕོན་ཆེན་པོ་ཞིག་གནམ་གྲུ་བརྒྱུད་ནས་རྒྱ་ནག་ནང་འཁྱེར་འདུག་ཟེར། 

ཁ་སང་ཕྱི་ཚེས་ ༦ ཉིན་དབྱིན་ཡུལ་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཁོར་ཡུག་རྟོག་ཞིབ་ཚོགས་པས། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཊན་ཛེད་ནའེ་ (Tanzania) ཡི་ནང་གི་གླང་ཆེན་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་སྐོར་ལ་སྙན་ཐོ་ཞིག་བཏོན་པའི་ནང་། ༢༠༡༣ ལོའི་ཟླ་ ༣ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཊན་ཛེད་ནའི་ནང་གཞུང་འབྲེལ་གཟིགས་སྐོར་སྐབས། ཁོང་དང་མཉམ་དུ་ཡོང་བའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་ཚོང་པ་ཚོས་གཞུང་དོན་སྒྲུབ་ཞོར་དུ་བ་སོའི་གོང་ཚད་ཚོང་རའི་རིན་གོང་ལས་ལྡབ་གཉིས་ལྷག་སྤྲད་དེ། གླང་ཆེན་གྱི་མཆེ་བ་སྤྱི་རྒྱ་ཆིག་སྟོང་ལྷག་གནམ་གྲུའི་ནང་བཞག་ནས་རྒྱ་ནག་ཏུ་འབོར་འདྲེན་བྱས་ཡོད་ཚུལ་བསྒྲགས་འདུག

ཁོར་ཡུག་རྟོག་ཞིབ་ཚོགས་པའི་འགན་འཛིན་མ་རེ་རི་ཡེ་སེ་ (Mary Rice) ལགས་ཀྱིས། སྙན་ཐོ་འདིས་བ་སོའི་ནག་ཚོང་རྒྱག་མཁན་སུ་ཞིག་ཡིན་ཡང་བཟོད་སྒོམ་མེད་པའི་ཐོག་ནས་རྩ་མེད་བཟོ་དགོས་པའི་གནས་སྟངས་ཆགས་ཡོད་གསལ་སྟོན་བྱས་ཞིང་།  འབྱུང་འགྱུར་ཊན་ཛེད་ནའེ་ཡི་ནང་གླང་ཆེན་དང་གླང་ཆེན་ཁྱུ་ཚོགས་ལ་ལྟ་མཁན་ཡུལ་སྐོར་སྤྲོ་འཆམ་པ་ཚོ་ལའང་ཉེན་ཚབས་ཆེ་རུ་འགྲོ་བཞིན་ཡོད་སྟབས། རྒྱལ་ཁབ་ནང་གི་བ་སོའི་ཚོང་ལས་རིགས་ལ་དམ་དྲག་དང་། གླང་ཆེན་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་ལས་ཁུངས་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་དང་གླང་ཆེན་གསོད་མཁན་སོགས་ལ་བཀག་འགོག་ནན་མོ་བྱེད་དགོས་ཞེས་བརྗོད་འདུག

སྙན་ཐོ་དེའི་ནང་། རྒྱ་མི་རིགས་ཚོས་གླང་ཆེན་གྱི་མཆེ་བའི་སྟེང་ལ་རི་མོ་འདྲ་མིན་རྐོ་བའི་རིག་གཞུང་གོང་འཕེལ་དང་། ལྷག་པར་དུ་རྒྱ་ནག་ནང་བ་སོའི་ཅ་དངོས་དང་རྒྱན་ཆས་རིགས་སོགས་ཀྱི་ལེགས་སྐྱེས་འདྲ་མིན་བཟོ་བཞིན་ཡོད་སྟབས།  ཊིན་ཛེད་ནའི་ནང་ཡོད་པའི་གླང་ཆེན་ཉུང་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་ཡོད། ཅེས་སོགས་བརྗོད་འདུག  

ས་ཊན་ཛེད་ནའེ་ཡི་བ་སོའི་ནག་ཚོང་རྒྱག་སའི་དོ་སྐྱེལ་ཞབས་ཞུའི་བདག་པོ་མོལ་ཆིལ་ཝ་ (Suleiman Mochiwa) ཡིས་ཁོར་ཡུག་རྟོག་ཞིབ་ཚོགས་པའི་གསང་བའི་རྟོག་ཞིབ་པ་ཚོར། ཞི་ཅིན་ཕིན་ཊན་ཛེད་ནའི་ནང་མ་བསླེབ་པའི་ཉིན་གཉིས་གོང་བ་སོའི་རིན་གོང་ཆེན་པོ་འཕར་སོང་ཡང་། ཁོ་ཚོས་བ་སོ་སྤྱི་རྒྱ་སྟོང་ཕྲག་མང་པོ་ཉོས་ཏེ་རྒྱ་ནག་ཏུ་དབོར་འདྲེན་བྱས་སོང་། ཅེས་བརྗོད་པ་དང་། ཡང་མིང་བཤད་འདོད་མེད་པའི་ཚོང་རའི་མི་ཞིག་གིས་ཀྱང་། སྔོན་མ་ཧུའུ་ཅིན་ཐའོ་གཞུང་འབྲེལ་གཟིགས་སྐབས་སུའང་རྒྱ་མི་མང་པོས་སོ་སོའི་ལག་སྒམ་ཆེན་པོའི་ནང་བ་སོ་སྤྱི་རྒྱ་མང་པོ་བཞག་སྟེ་ཐད་ཀར་གནམ་ཐང་བརྒྱུད་ནས་མཐར་ཡོད་པ་རེད། གང་ཡིན་ཟེར་ན། ཁོ་ཚོ་རྒྱ་ནག་གི་ཕྱི་འབྲེལ་མཐོ་རིམ་མི་སྣ་ཡིན་སྟབས་གནམ་ཐང་དུ་ཁོ་ཚོའི་ལག་སྒམ་ལ་ཞིབ་བཤེར་བྱེད་ཆོག་གི་མེད་ཅེས་བརྗོད་ཡོད་འདུག

འདིའི་ཐད་ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས། རྒྱ་ནག་གཞུང་གིས་གླང་ཆེན་གྱི་མཆེ་བའི་ནག་ཚོང་རྒྱག་མཁན་རིགས་ལ་མཐའ་གཅིག་ཏུ་རྒོལ་རྡུང་དང་བཀག་སྡོམ་བྱེད་ཀྱིན་ཡོད་སྟབས། ཐེངས་འདིའི་སྙན་ཐོ་དེ་ནི་ནོར་འཁྲུལ་དང་རྫུན་སྒྲུག་ཅིག་ཡིན་པས་རྒྱ་ནག་གི་འདོད་བློ་ཁེངས་མ་སོང་ཞེས་སྐྱོན་བརྗོད་ཡོད་བྱས་འདུག

གཞན། རྒྱ་ནག་གི་ཉེན་ཁ་ཆེ་བའི་སྲོག་ཆགས་དང་རྩ་ཤིང་ཕྱིར་འདྲེན་ནང་འདྲེན་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་མེན་ཞན་ལེན་ (Meng Xianlin)གྱིས་གསར་འགོད་པར། རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་ཊན་ཛེད་ནའེ་ཡི་ནང་བ་སོའི་ནག་ཚོང་བརྒྱབ་པའི་གནས་ཚུལ་གཏན་ནས་གོ་མྱོང་མེད་སྟབས། བདེན་དཔང་མེད་པའི་གནས་ཚུལ་དེར་ཡིད་ཆེས་མེད། ཁོར་ཡུག་རྟོག་ཞིབ་ཚོགས་པའི་ཞིབ་འཇུག་སྙན་ཐོ་དེ་ཚད་ལྡན་ཡིན་མིན་ལ་དོགས་པ་ཡོད། ཅེས་བརྗོད་འདུག 

༢༠༡༣ ལོའི་ཟླ་ ༡༢ པའི་ནང་རྒྱ་རིགས་ནག་ཚོང་རྒྱག་མཁན་ཡུའུ་བྷོ་ (Yu Bo) ཟེར་བ་ཞིག་གིས་ཊན་ཛེད་ནའེ་ཡི་ནང་གླང་ཆེན་གྱི་མཆེ་བ་ ༨༡ རྒྱ་ནག་གི་མཚོ་དམག་གྲུ་གཟིངས་བརྒྱུད་དེ་རྒྱ་ནག་ཏུ་དབོར་འདྲེན་བྱེད་སྐབས། ཊན་ཛེད་ནའེ་ཡི་ཉེན་རྟོག་པས་འཇུས་ཏེ་ཁོ་རང་ལ་ལོ་ ༢༠ ཡི་ཁྲིམས་ཐག་བཅད་ཡོད་པ་དང། ༢༠༡༣ ལོའི་ཟླ་ ༡༡ པའི་ནང་། ཊན་ཛེད་ནའེ་ཡི་ཉེན་རྟོག་པས་རྒྱ་རིགས་ནག་ཚོང་རྒྱག་མཁན་གསུམ་གྱིས་ཁང་པའི་ནང་གླང་ཆེན་མཆེ་བ་ ༧༠༦ ཙམ་ཡོད་པའང་འཛིན་བཟུང་བྱས་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese