མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱེས་ཀྱི་ས་སྐྱ་ཆོས་སྒར་ལོ་ངོ་ ༥༠ འཁོར།

བོད་ཀྱི་དུས་བབ།
༢༠༡༤/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དེ་རིང་གཉིས་སུ་རྒྱ་གར་བྱང་ཕྱོགས་རཇ་པུར་དུ་ཡོད་པའི་དཔལ་ས་སྐྱའི་ཆོས་སྒར་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་མཛད་སྒོ་ཚོགས་ཡོད།

ཁ་སང་དཔལ་ས་སྐྱའི་ཆོས་སྒར་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་བཅས་ཕེབས་ཡོད་འདུག

ཐེངས་འདིའི་མཛད་སྒོའི་སྒེང་༧གོང་ས་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་། ཕྱི་ལོ་ ༡༩༦༤ ལོར་རྒྱ་གར་ཡུ་པི་མངའ་སྡེ་ཁོངས་རཇ་པུར་དུ་དཔལ་ས་སྐྱའི་བྱེས་ཀྱི་གདན་ས་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་གླིང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་ཕྱག་འདེབས་མཛད་དེ་མི་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་གནང་བཞིན་ཡོད་པར་བླ་སློབ་འདུ་སྡེ་སྐུ་མགྲོན་བཅས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ཅེས་འཁོད་ཡོད་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྟེན་འབྲེལ་ཞུ་ཡིག་ཕུལ་ཡོད་པའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དུས་དྲན་དེའི་ཐོག་དཔལ་ས་སྐྱའི་ཆོས་སྒར་གྱི་དབུ་བླ་འདུས་མང་ཡོངས་ལ་དགའ་གུས་ཆེན་པོས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། དུས་དྲན་གོ་སྒྲིག་གནང་མཁན་འབྲེལ་ཡོད་རྣམ་པར་ལེགས་གསོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། བརྩེ་ཆེན་བསྟན་པའི་གཙུག་ནོར་སྐྱབས་མགོན་ས་སྐྱའི་ཁྲི་འཛིན་ཞེ་གཅིག་པ་ཆེན་པོ་མཆོག་ནས་སྐུ་ན་ཕྲ་མོའི་དུས་ནས་བཟུང་ཐུགས་བསྐྱེད་དམ་བཅའ་བརྟན་པོས་བསྟན་པ་དང་། འགྲོ་བའི་དོན་དུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་པའི་འབྲས་བཟང་མངོན་གྱུར་རང་ཅག་ཡོངས་ཀྱི་མཐོང་ཆོས་སུ་གྲུབ་པ་འདི་དག་དང་། ཁྱད་པར་བོད་ཀྱི་བསྟན་སྲིད་བདེ་ཐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞོགས་འདེགས་བླ་ན་མེད་པ་མཛད་དང་མཛད་བཞིན་པ་བཅས་ཀྱི་བཀའ་དྲིན་ནི་བསྐལ་པའི་བར་དུ་གཞལ་བར་མི་ནུས་པ་ཞིག་ཡིན་ན། ད་རེས་གོ་སྐབས་འདི་བརྒྱུད་སྐྱབས་མགོན་ས་སྐྱའི་ཁྲི་འཛིན་རིན་པོ་ཆེར་བཀའ་དྲིན་ལན་བརྒྱར་ཆེ་ཆེ་ཞུ་རྒྱུ་དང་། སླད་མའི་ཆར་ཡང་བོད་ཀྱི་བསྟན་སྲིད་ཉག་ཕྲའི་གནས་ལ་དགོངས་ཏེ་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. སྤང་མདའ་སྟོབས་རྒྱས། says:
    ལོ་ 12 སྔོན།

    དགའ་ལྡན་ཕོ་བྲང་གི་གསུང་འཕྲིན་གི་ནང་དོན་དེ་སྤྱི་བཏང་ཙམ་མ་གཏོགས་ནང་དོན་དངོས་དེ་འདྲེན་བཀོད་བྱས་མི་འདུག་པས་རྩོམ་སྒྲིག་པར་དམིགས་བསལ་གྱི་དགོས་པ་འདྲ་ཡོད་རེད་དམ།

    Reply
  2. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 12 སྔོན།

    བོད་མི་རིགས་དཀའ་ངལ་ཆེས་ཆེ་བའི་དུས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུའི་རླབས་ཆེན་མཛད་འཕྲིན་དང་། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལངས་ཕྱོགས་བཅས་ལ་དུས་ནས་དུས་སུ་གཞོགས་འདེགས་གནང་དང་གནང་བཞིན་པའི་དཔལ་ལྡན་ས་སྐྱ་པ་སྤྱི་ཡོངས་ཀྱི་བསྟན་པའི་མངའ་བདག་བསྟན་འགྲོའི་གཙུག་ནོར་སྐྱབས་མགོན་ས་སྐྱའི་ཁྲི་འཛིན་ཞེ་གཅིག་པ་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཞིང་། ཁོང་གི་རླབས་ཆེན་ཐུགས་བཞེད་མཐའ་དག་གེགས་མེད་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese