མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་གི་འཐུས་མིར་ནང་སྐྱོད་ལག་ཁྱེར་སྤྲད་མི་འདུག

བོད་ཀྱི་དུས་བབ།
༢༠༡༤/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་སློབ་ཕྲུག་མཐུན་ཚོགས་ཀྱི་འཐུས་མི་ཚོ་པེ་ཅིན་དུ་ཕྱིན་ཏེ་གྲོས་མོལ་བྱེད་འཆར་ཡོད་ཀྱང་རྒྱ་གཞུང་གིས་ནང་སྐྱོད་ལག་ཁྱེར་སྤྲད་མི་འདུག

ཧོང་ཀོང་ནང་ཞི་རྒོལ་བྱས་ཏེ་ཉིན་གྲངས་ ༥༠ ཙམ་འགྲོ་བཞིན་ཡོད་ཀྱང་། ད་ལྟའི་བར་ཧོང་ཀོང་གཞུང་གིས་མི་མང་གི་མངོན་འདོད་ལ་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་མ་སྤྲད་པར་བརྟེན། ཉེ་སྔོན་ནས་སློབ་ཕྲུག་མཐུན་ཚོགས་ཀྱི་འཐུས་མི་ཚོ་པེ་ཅིན་དུ་བསྐྱོད་དེ། ཐད་ཀར་སྲིད་བློན་ལི་ཁེ་ཆིང་སོགས་ལ་གྲོས་མོལ་བྱེད་རྩིས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར་སློབ་ཕྲུག་མཐུན་ཚོགས་ཀྱི་མགོ་ཁྲིད་ཀྲུའུ་ཡཱོང་ཁང་སོགས་འཐུས་མི་གསུམ་པེ་ཅིན་དུ་བསྐྱོད་རྩིས་ཀྱིས་ཧོང་ཀོང་གནམ་ཐང་དུ་བསླེབས་སྐབས། རྒྱ་གཞུང་གིས་ནང་སྐྱོད་ལག་ཁྱེར་མ་སྤྲད་པར་ཕྱིར་ལོག་དགོས་བྱུང་ཡོད་འདུག ཐེངས་འདིའི་རྒྱ་གཞུང་གི་བྱེད་ཐབས་དེར་ཧོང་ཀོང་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་འདུག

གོང་གི་གནད་དོན་ཐད་ཧོང་ཀོང་སློབ་ཕྲུག་མཐུན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས་མཐུན་ཚོགས་ཀྱི་མགོ་ཁྲིད་ཀྲུའུ་ཡཱོང་ཁང་གིས། རྒྱ་གཞུང་གིས་ཁོང་ཚོའི་ནང་སྐྱོད་ལག་ཁྱེར་དང་ལེན་མ་བྱས་པ་དེས་ཧོང་ཀོང་གི་མི་རབས་གསར་པའི་ཁེ་དབང་དང་དུ་མ་བླངས་བ་གསལ་འདེབས་བྱས་པ་ཡིན་ལ། དེ་སྔོན་ཧོང་ཀོང་གི་སློབ་མ་ཚོས་ཚོར་བ་རྣོ་བོའི་ཐོག་ནས་གནད་དོན་ཅི་ཡང་བསྒྲུབས་མེད་ཀྱང་། རྒྱ་གཞུང་གིས་ནང་སྐྱོད་ལག་ཁྱེར་སྔ་ས་ནས་ཕྱིར་ལོག་བྱས་པ་དེས་ཧང་སང་དུ་བཅུག་ཡོད་སྟབས། ཧོང་ཀོང་གཞུང་གིས་གནད་དོན་དེར་འགྲེལ་བཤད་གསལ་བོ་རྒྱག་དགོས་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་ནག་དབུས་གཞུང་གིས་ཐེངས་འདིའི་ཉི་གདུགས་ལས་འགུལ་ནང་ཞུགས་པའི་ཧོང་ཀོང་བ་ཁྲི་ ༢༠ ཡི་ནང་སྐྱོད་ལག་ཁྱེར་རྩིས་མེད་བཏང་བ་ཡིན་མིན་གྱི་དོགས་འདྲི་བྱས་ཡོད་འདུག

གཞན་ཡང་། ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར་ཧོང་ཀོང་ཅིན་ཧེའུ་སློབ་ཆེན་གྱི་སྐབས་ ༥༥ པའི་མཐར་ཕྱིན་མཛད་སྒོའི་ཐོག སློབ་མ་ཁག་ཅིག་གིས་ཞི་རྒོལ་གྱི་མཚོན་བྱེད་ཉི་གདུགས་སེར་པོ་བཟུང་སྟེ་མཐར་ཕྱིན་དཔང་ཡིག་ལེན་དུ་འགྲོ་སྐབས། སློབ་གཙོ་ཁྲེན་ཞིན་ཚི་ཟེར་བ་དེས་མཐར་ཕྱིན་དཔང་ཡིག་མ་སྤྲད་པར་ཁ་རྡུང་བཏང་ཡོད་པ་མ་ཟད། ཉིན་དེའི་མཛད་སྒོ་མཚམས་འཇོག་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན་སློབ་ཆེན་དེའི་སློབ་མ་ཚོས་༼སློབ་གཙོ་ཁྲེན་ཞིན་ཚིས་མཐར་ཕྱིན་དཔང་ཡིག་མ་སྤྲད་པའི་སྤྱི་ བསྒྲགས་ཡི་གེ༽ཟེར་བ་ཞིག་སྤེལ་ཏེ། སློབ་གཙོ་ཁྲེན་གྱི་བྱ་སྤྱོད་ཀྱིས་སློབ་གྲྭའི་བར་གནས་ཀྱི་ཆབ་སྲིད་ལངས་ཕྱོགས་ལ་གཏོར་བརླག་དང་དགེ་སློབ་བར་གྱི་བརྩེ་འདང་ལ་སྣང་ཆུང་། སྒེར་གཅོད་ཀྱི་ལག་ཐབས་སྤྱད་དེ་སློབ་མའི་རང་དབང་གི་རེ་འདོད་ལ་འགོག་རྒོལ་བྱས་ལུགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཐེངས་འདིའི་མཐར་ཕྱིན་མཛད་སྒོའི་ཐོག་སློབ་མ་ཚོས་ཉི་གདུགས་སེར་པོ་བཟུང་ནས་དཔང་ཡིག་ལེན་དུ་འགྲོ་དགོས་པའི་སྐུལ་མ་ཡང་བཏང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༤ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

ཆུ་ཚོད་ ༨ སྔོན་ལ།
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

༢༠༢༦/༠༢/༢༣
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༣

མཆན། 1

  1. གངས་ལྡོམ། says:
    ལོ་ 11 སྔོན།

    ཧོང་ཀོང་པ་ཚོའི་ཆིག་སྒྲིལ་ལ་མཇུག་ཡོད་ཁག་པོ་འདུག

    དེང་སང་ཆིག་སྒྲིལ་ཁག་པོ་ཡོད་པའི་རྒྱུ་མཚན་ནི་ཚང་མ་དཔལ་འབྱོར་མ་ཡིན་ནམ།

    བོད་པའི་འཐབ་རྩོད་ཀྱང་དཔལ་འབྱོར་གྱི་དབང་གིས་དེ་བཞིན་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese