མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཨ་རི་ཁུལ་གྱི་མཛེས་མ་ཞིག་བསད་འདུག

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཧོན་ཌོབ་རེ་སི་རྒྱལ་ཁབ་ཀྱི་ད་ལོའི་མཛེས་མ་ཨང་དང་པོ་མཱ་ར་ཡ་ཇོ་སེ་ལགས་དང་མོ་རང་གི་གཅེན་མོ་གཉིས་གཅེན་མོའི་དགའ་རོགས་ཀྱིས་དམར་གསོད་བྱས་ཏེ་ཕུང་བོ་ས་འོག་ཏུ་སྦས་ཡོད་པ་ཉེན་རྟོག་པས་ཤེས་རྟོགས་བྱུང་འདུག   

ཟླ་འདིའི་ཚེས་ ༡༣ ཉིན་ཨ་རིའི་ལྷོ་ཁུལ་གྱི་ཧོན་ཌོབ་རེ་སི་ (Honduras)རྒྱལ་ཁབ་ཀྱི་རང་ལོ་ ༡༩ སོན་པའི་ ༢༠༡༤ ལོའི་མཛེས་མ་མཱ་ར་ཡ་ཇོ་སེ་ (Marie Jose Alvarado) དང་། ཁོང་མོའི་གཅེན་མོ་སོབ་ཧྥེ་ཡ་གཉིས་ཀྱིས། གཅེན་མོའི་དགའ་གྲོགས་རོ་ཛེ་ (Plutarco Ruiz)ཡི་སྐྱེས་སྐར་མཚན་ཚོགས་སུ་ཞུགས་ཏེ་ཕྱིར་ལོག་པའི་ལམ་བར་ནས་བོར་བརླག་ཕྱིན་ཏེ་གཟའ་འཁོར་གཅིག་ཕྱིན་རྗེས། ཁ་སང་ཉེན་རྟོག་པས་གཙང་བོ་ཞིག་གི་འགྲམ་བརྒྱུད་ནས་མོ་རང་དང་གཅེན་མོའི་ཕུང་བོ་ས་འོག་ཏུ་སྦས་ཡོད་པ་རྙེད་སོན་བྱུང་ཡོད་འདུག

ཉེན་རྟོག་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། ཁོང་གཉིས་ཨ་ར་ཌལ་གཙང་འགྲམ་དུ་བསད་ཡོད་སྟབས། ཁོང་གཉིས་གསོད་མཁན་སོབ་ཧྥེ་ཡ་ཡི་དགའ་རོགས་རོ་ཛེ་དང་ཁོའི་གྲོགས་པོ་གཉིས་ཡིན་པའི་དོགས་གཞིའི་འོག་ཁོ་རང་གཉིས་འཛིན་བཟུང་བྱས་ཡོད་པ་མ་ཟད། རོ་ཛེའི་ཁྱིམ་ནས་ཐུང་མདའ་གཅིག་དང་དེབ་སྐྱེལ་མེད་པའི་རླངས་འཁོར་གཉིས་ཀྱང་རག་ཡོད་ཚུལ་བརྗོད་འདུག

རྒྱལ་ཡོངས་ཉེན་རྟོག་ལས་ཁུངས་སྤྱི་ཁྱབ་པས་གསར་འགོད་པར། རོ་ཛེ་ཡིས་གྲོགས་པོ་ཨ་རེ་སིའི་རོགས་རམ་འོག་བུ་མོ་གཅེན་གཅུང་གཉིས་བསད་ནས་ས་འོག་ཏུ་བཅུག་པའི་ནག་ཉེས་ཁས་ལེན་བྱས་ཡོད་སྟབས། ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ལྟར་ཁྲིམས་ཐག་གཅོད་བྱ་ངེས་རེད་ཅེས་བརྗོད་འདུག  

དེ་གའི་ས་གནས་གསར་ལམ་ཁག་ཏུ། སྐྱེས་སྐར་མཚན་ཚོགས་དེའི་སྟེང་སོབ་ཧྥེ་ཡིས་ཕོ་གསར་གཞན་དང་མཉམ་དུ་ཞབས་བྲོ་འཁྲབ་པར་བརྟེན། མོའི་དགའ་རོགས་ཕྲག་དོག་ལངས་ཏེ་ཐོག་མར་རང་ཉིད་ཀྱི་དགའ་རོགས་བསད་པ་དང་། གནས་ཚུལ་ཕྱིར་བསྒྲགས་བྱེད་པར་དོགས་ཏེ་གཅུང་མོ་ཡང་བསད་ཡོད་ཚུལ་བཀོད་འདུག

ཟླ་འདིའི་ཚེས་ ༢༢ ཉིན་ནས་ཟླ་རྗེས་མའི་ ༡༤ ཉིན་བར་དབྱིན་ཡུལ་རྒྱལ་ས་ལོན་ཊོན་ཏུ་འཚོགས་གཏན་འཁེལ་བའི་ ༢༠༡༤ ལོའི་འཛམ་གླིང་མཛེས་མའི་འགྲན་བསྡུར་ནང་ཞུགས་འཆར་ཡོད་སྟབས། ཐེངས་འདིའི་མཛེས་མ་འགྲན་བསྡུར་གོ་སྒྲིག་ཚོགས་གཙོས་མོའི་ནང་མི་ཚོར་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུས་ཡོད་འདུག

ཐེངས་འདིའི་གནས་ཚུལ་དེ་དང་བསྟུན་ཏེ། ལྷོ་ཨ་རིའི་ཁུལ་དུ་བུད་མེད་ཚོར་བརྙས་བཅོས་དང་མེ་མདའ་གང་བྱུང་བེད་སྤྱོད་ཀྱི་གནས་ཚུལ་ཐོག་གླེང་སློང་ཆེ་རུ་ཕྱིན་ཡོད་འདུག བརྙན་འཕྲིན་ལས་ཁུངས་ཤིག་གི་གཙོ་སྐྱོང་བས། བུ་མོ་མང་པོ་ཞིག་སྙན་གྲགས་གང་མེད་པས་དོན་རྐྱེན་འདི་ལྟ་བུའི་འོག་ཤི་འགྲོ་བཞིན་ཡོད་པ་མ་ཟད། མི་གསོད་ཉེས་ཅན་ཚོའང་ནག་ཉེས་མེད་པར་ཐར་འགྲོ་བཞིན་ཡོད། མོ་རང་གི་དོན་རྐྱེན་འདི་བརྒྱུད་ནས་མེ་མདའི་འོག་གི་རྩེད་མོ་དང་སྤྱི་ཚོགས་ནང་གི་འཚེ་བའི་ལམ་ལུགས་མཇུག་རྫོགས་པའི་རེ་བ་བྱེད་ཀྱིན་ཡོད། ཅེས་བརྗོད་འདུག

མཱ་ར་ཡ་ཇོ་སེ་ནི་ ༡༩༩༥ ལོའི་ཟླ་ ༧ ཚེས་ ༡༩ ཉིན་སྐྱེས་ཤིང་། ད་ལོའི་ཟླ་ ༤ པའི་ནང་ལྷོ་ཨ་རི་ཁུལ་གྱི་རྒྱལ་ཁབ་ ༡༨ ཡི་མཛེས་མའི་འགྲན་བསྡུར་ཁྲོད་དང་པོའི་མཛེས་མའི་རྒྱལ་ཁ་ཐོབ་ཡོད། ད་ལྟའི་བར་བརྙན་འཕྲིན་ལས་ཁུངས་ནང་གྱོན་ཆས་འཁྲབ་སྟོན་བྱེད་བཞིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

ཆུ་ཚོད་ ༡༣ སྔོན་ལ།
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢
བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས།
Mobile App

དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཞིག་བསྐོ་གཞག་བྱས་འདུག

༢༠༢༦/༡༡/༡༢
འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་ལ་ཕེབས། པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བླངས།
གསར་འགྱུར།

འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་སུ་ཕེབས། 

༢༠༢༦/༡༡/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese