མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་བུད་མེད་བསླུ་ཚོང་གི་ལྟེ་གནས་ཆཊ་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཉེན་རྟོག་ཁང་གིས་ཟླ་བ་ ༡༠ ནང་བུད་མེད་དང་བྱིས་པ་ཁྱོན་ཁྲི་ ༧ ལྷག་བསླུ་ཚོང་བྱས་པའི་ཉེས་དོན་རྩད་ཆོད་ཡོད་པ་དང་། ཉེ་སྔོན་ཡང་བུད་མེད་ ༡༤ བསླུ་ཚོང་བྱས་པ་རྩད་ཆོད་ཡོད་ལུགས་བསྒྲགས་འདུག

ཁ་སང་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༦ ཉིན་ནང་སོག་རང་སྐྱོང་ཁུལ་པོ་ཐོ་གྲོང་ཁྱེར་ནས་རྒྱ་ནག་ནན་ཁྲིང་དུ་སྐྱོད་པའི་རླངས་འཁོར་ཞིག་གི་ནང་ནས། བུད་མེད་ཅིག་གིས་རྒྱ་སྐད་འཁྱར་འཁྱོར་གྱིས་ཁོང་མོ་འབར་མ་ནས་རྒྱ་ནག་ཏུ་བསླུ་ཚོང་བྱས་པ་ཡིན་སྐོར་ཉེན་རྟོག་པར་ཞུ་གཏུག་བྱས་པ་བརྒྱུད། བུད་མེད་བསླུ་ཚོང་གི་དོགས་ཡོད་ཉེས་ཅན་ ༣༡ འཛིན་བཟུང་བྱས་ཏེ་བུད་མེད་ ༡༤ བསྐྱབས་ཡོད་པ་དང་། དེའི་ནང་འབར་མའི་མི་སེར་ཡིན་པ་ ༡༡ ཡོད་འདུག

ཉེན་རྟོག་པར་ཞུ་གཏུག་བྱེད་མཁན་གྱི་བུད་མེད་དེས་ཁོང་མོའི་མིང་ལ་ཡཱས་ལོའུ་ཟེར་གྱི་ཡོད་པ་དང་། འབར་མའི་ཝཱ་པང་ཧྥོས་ལེ་ཟེར་བའི་མགྲོན་ཁང་ཞིག་གི་ཞབས་ཞུ་མ་ཡིན་ལ། འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཁོང་མོ་དང་བུ་མོ་གཞན་ཞིག་མགོ་སྐོར་འོག་ཚུད་དེ་ཡུན་ནན་དུ་ཁྲིད་ཕྱིན་པ་དང་། དེ་ནས་མི་ལག་འགའ་བརྒྱུད་དེ་རྒྱ་ནག་ཧྲན་ཞི་ཞིང་ཆེན་ཐེན་ཀྲིན་རྫོང་དུ་བསྐྱལ་རྗེས། མི་ཞིག་གིས་ཁོང་མོ་མེ་འཁོར་ནང་བཞག་ཏེ་ཧྲན་ཏུང་ཞིང་ཆེན་ཙི་པོ་གྲོང་ཁྱེར་དུ་བཙོང་འཆར་ཡོད་སྐོར་བརྗོད་འདུག

ཉེན་རྟོག་ཕྱོགས་ནས་བརྗོད་པ་ལྟར་ན། རྩད་ཆོད་པའི་ནག་ཚོགས་དེའི་ཉེས་ཅན་མང་ཆེ་བས་སྤྲོ་འཆམ་དང་ལས་ཀ་ཡག་པོ་རག་རྒྱུར་ཁ་གཡར་ཏེ། འབར་མའི་བུ་མོ་ཚོ་ཡུན་ནན་ཞིང་ཆེན་དུ་ཁྲིད་ཡོང་བ་དང་། དེ་ནས་བརྒྱུད་ཚོང་གི་བྱེད་ཐབས་སྤྱད་དེ་ཧུའུ་ནན་དང་ཧྲན་ཞི་ཞིང་ཆེན་གྱི་ཞིང་གྲོང་ཁུལ་དུ། བུད་མེད་རེར་རྒྱ་སྒོར་ཁྲི་ ༥ ནས་༩ བྱས་ཏེ་མནའ་མར་བཙོང་གི་ཡོད་ལ། ཐེངས་འདིར་རྒྱ་སྒོར་ཁྲི་ ༡༩༢ ལྷག་གི་ཉེས་དོན་རྩད་གཅོད་ཡོད་འདུག ཡང་ཉེ་སྔོན་ཡུན་ནན་ཉེན་རྟོག་ཁང་གིས་ལོ་ན་ ༡༨ ལ་མ་སོན་པའི་གཞོན་ནུ་མ་ ༥ བཅའ་ཁྲིམས་ཀྱི་འགྲོ་ལུགས་བསྒྲུབས་ཏེ། འབར་མར་ཁྲིད་སོང་བའི་ཉེས་དོན་ཞིག་ཤེས་རྟོགས་བྱུང་སྟེ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

ཨ་རིར་ཡོད་པའི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་ལྷན་ཚོགས་ཀྱི་འགན་འགན་ལྕམ་རེ་གྷི་ནཱ་ལེ་ཊོལ་ཇོན་(Regina Littlejohn) ལགས་ཀྱིས། འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་ལག་བསྟར་བྱས་རྐྱེན་རྒྱ་ནག་ནང་བུད་མེད་དང་བྱིས་པ་བསླུ་ཚོང་བྱེད་པ་དང་། བཙན་གཡེམ་གཡོག་ཉར་གྱི་ཉེས་དོན་རིམ་པར་བྱུང་བཞིན་ཡོད་པ་མ་ཟད། གནད་དོན་དེ་ཡ་གླིང་ལྷོ་ཤར་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་ཁྱབ་ཅིང་། ཐ་ན་རྒྱ་ནག་དང་རྒྱང་ཐག་རིང་བའི་ཨུ་རུ་སུ་དང་ཨ་ཧྥེ་རི་ཁ། མེ་གླིང་གི་བུད་མེད་མང་པོ་རྒྱ་ནག་ནང་བཙོང་སྟེ་ཞིང་གྲོང་གི་མནར་མར་ཉར་གྱི་ཡོད། འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་ཀྱིས་བུད་མེད་ཁྲི་སྟོང་གི་མངལ་གྱི་ཕྲུ་གུ་ཤོར་དུ་བཅུག་པ་དང་། ཕྲུ་གུ་བུ་མོ་མང་པོ་བདག་མེད་དུ་གྱུར་བའི་གནས་ཚུལ་བྱུང་བཞིན་ཡོད་སྐོར་དང་། ལྷན་ཚོགས་དེས་ད་ལོར་རྒྱ་ནག་ནང་བདག་མེད་ཕྲུ་གུ་བུ་མོ་ ༡༢༠ ལྷག་ལ་བདག་སྐྱོང་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་ནང་དུའང་བདག་མེད་ཕྲུ་གུ་བུ་མོ་གཉོར་སྐྱོང་གི་ལས་གཞི་སྤེལ་འཆར་ཡོད་སྐོར་བརྗོད་འདུག

རྒྱ་ནག་ཉེན་རྟོག་ཁང་གིས་ད་ལོའི་ལོ་སྟོད་དུ་བསྒྲགས་པའི་གནས་ཚུལ་ལྟར་ན། འདས་ལོའི་ཟླ་ ༡༠ ནང་རྒྱ་ནག་རྒྱལ་ཡོངས་ཀྱི་ཉེན་རྟོག་ཁང་དག་གིས། སྔ་ཕྱིར་བུད་མེད་ཁྲི་ ༥ ལྷག་དང་བྱིས་པ་ཁྲི་ ༢.༤ ལྷག་བཅས་ཁྱོན་ཁྲི་ ༧.༤ ལྷག་བསླུ་ཚོང་བྱས་པའི་ཉེས་དོན་རྩད་ཆོད་དེ། འབྲེལ་ཡོད་ནག་ཚོགས་ ༥༠༠༠ ལྷག་གཏོར་ཏེ་ཉེས་ཅན་ཁྲི་ ༣༣ འཛིན་བཟུང་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

མཆན། 1

  1. མཁར་སྟོད། says:
    ལོ་ 11 སྔོན།

    བོད་ཁུལ་ནས་བཙན་འཁྲིད་བྱས་པའི་བུད་མེད་ཀྱི་གྲངས་ཀ་ཡང་ཉུང་ཉུང་ཞིག་གཏན་ནས་མིན། དཔེར་ན་ལྷོ་ཁ་ནས་ཡིན་པའི་བུད་མེད་གཅིག་རྒྱ་མིས་འཁྲིད་ནས་ལོ་མང་པོ་གར་སོང་ཆ་མེད་དུ་གྱུར་རྗེས་ལོ་སྔོན་མའི་ནང་སོ་སོའི་སྐྱེས་ས་སྐྱེ་ཁུངས་ཡག་པོ་ཤོད་རྒྱུ་མེད་ཀྱང་སྤུན་མཆེད་ཀྱི་མིང་གསལ་པོ་ཤོད་རྒྱུ་ཡོད་པར་བརྟེན་ནས་ཐུག་འཕྲད་བྱུང་བ་ལྟ་བུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese