མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ཚབ་ཁང་གི་ལས་བྱེད་གཉིས་བསད་འདུག

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དགོང་དྲོར་ཨབ་གྷན་རྒྱལ་སར་འབར་གས་དོན་རྐྱེན་བྱུང་སྟེ་དབྱིན་ཡུལ་གཞུང་ཚབ་ཁང་གི་ལས་བྱེད་པ་གཉིས་ཚུད་པའི་མི་ལྔ་བསད་པ་དང་མི་ ༣༠ ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༧ སྟེང་ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཀཱ་པོལ་ (Kabul) དུ་རྟེན་གཞི་བྱས་པའི་དབྱིན་ཡུལ་གཞུང་ཚབ་ཁང་གི་རླངས་འཁོར་ཞིག་ལ་འཇིགས་སྐུལ་དྲག་སྤྱོད་པ་གཉིས་ཀྱིས་འབར་རྫས་བཞག་སྟེ། གཞུང་ཚབ་ཀྱི་ལས་བྱེད་གཉིས་ཚུད་པའི་མི་ ༥ བསད་པ་དང་། གཞན་མི་ ༣༠ ལ་རྨས་སྐྱོན་ཚབས་ཆེན་པོ་བཟོས་ཡོད་འདུག སྐབས་དེར་ཨབ་གྷན་བདེ་སྲུང་དམག་མི་དང་འཇིགས་སྐུལ་བའི་བར་མེ་མདའ་རྒྱག་རེས་བྱས་མཐར་འཇིགས་སྐུལ་བ་གཉིས་བསད་ཡོད་འདུག གཞན། ཨ་རིའི་རོགས་སྐྱོར་ཚོགས་པ་ཞིག་གི་ར་སྐོར་ནང་ཤུགས་ཚད་མཐོ་བའི་འབར་གས་དོན་རྐྱེན་ཞིག་བྱུང་ཡོད་ཀྱང་། ཁང་པ་དང་རླངས་འཁོར་འགར་གཏོར་བཤིག་ཐེབས་པ་ལས་མི་ལ་ཤི་རྨས་རིགས་བྱུང་མི་འདུག

འདིའི་ཐད་ཨབ་གྷན་བདེ་སྲུང་དམག་དཔུང་ལས་ཁུངས་ཀྱི་དམག་དཔོན་ཤ་ཧིན་གྱིས་གསར་འགོད་པར། ཊ་ལི་སྦིན་འཇིགས་སྐུལ་དྲག་སྤྱོད་པས་ཕྱི་རྒྱལ་ཁག་གི་ཕྱི་འབྲེལ་མི་སྣ་གསོད་ཆེད་རྒྱལ་སའི་ས་གནས་ཁག་གཉིས་ནང་འབར་གས་དོན་རྐྱེན་བཟོས་ཡོད་ཀྱང་། བདེ་སྲུང་མི་སྣས་རྗེས་འདེད་བྱས་ཏེ་དྲག་སྤྱོད་པ་གཉིས་བསད་ཡོད་ཅེས་བརྗོད་འདུག  

དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཧྥེ་ལེ་པུ་ (Phillip Hammond) ཡིས་ཐེངས་འདིའི་འབར་གས་དོན་རྐྱེན་ཁྲོད་དབྱིན་ཡུལ་གྱི་ལས་བྱེད་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་སྟབས། དབྱིན་གཞུང་གིས་ཁོང་གཉིས་ཀྱི་ཤུལ་ལུས་ནང་མི་ཚོར་སེམས་གསོ་དང་གདུང་སེམས་སྐྱེད་བྱེད་ཀྱིན་ཡོད་ལ། འབྱུང་འགྱུར་ཨབ་གྷན་གྱི་བདེ་འཇགས་ལ་འཇིགས་སྐུལ་དྲག་སྤྱོད་པའི་ཉེན་ཁ་ཅི་ཙམ་ཡོད་པ་གསལ་བཤད་བྱས་ཡོད་ཅེས་བརྗོད་འདུག

འབར་གས་དོན་རྐྱེན་ཐད་ཨབ་གྷན་ནང་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཐེངས་འདིར་རང་སྲོག་གཅོད་མཁན་འཇིགས་སྐུལ་དྲག་པ་ཞིག་གིས་སྦག་སྦག་སྟེང་འབར་རྫས་བཞག་སྟེ་འཇབ་རྒོལ་བྱས་ཡོད་པ་དང་གཞན་དེས་རླངས་འཁོར་ནང་འབར་རྫས་བཞག་ཡོད། འཇིགས་སྐུལ་དྲག་སྤྱོད་པ་ཚོས་ཨབ་གྷན་ནང་ཡོད་པའི་ཕྱི་རྒྱལ་ཁག་གི་གཞུང་ཚབ་མི་སྣ་དང་ལས་བྱེད་གསོད་པའི་དམིགས་ཡུལ་ཙམ་མིན་པར། ཨབ་གྷན་མི་མང་ལའང་ཉེན་ཁ་ཆེན་པོ་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཚེས་ ༢༤ ཉིན་འཇིགས་སྐུལ་པས་རྒྱལ་ས་ཀཱ་པོལ་གྱི་ཉེ་འགྲམ་གཞུང་ལམ་སྟེང་འབར་རྫས་བཞག་སྟེ་ཨ་རིའི་དམག་མི་གཉིས་བསད་ཡོད་འདུག གནད་དོན་དབྱེ་ཞིབ་པ་ཚོས་ནུབ་ཕྱོགས་མཉམ་འབྲེལ་དམག་དཔུང་ཨབ་གྷན་ནས་ཕྱིར་འཐེན་བྱས་ཚེ། ཊ་ལི་སྦིན་འཇིགས་སྐུལ་ཚོགས་པས་ཨབ་གྷན་དང་པ་ཀི་སི་ཐན་གཉིས་ཀྱི་བདེ་འཇགས་ཉེན་ཁ་ཆེན་པོ་ཆགས་རྒྱུ་ཡིན་ཚུལ་བརྗོད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese