མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་གང་བཟང་ནད་ལ་ལྟ་དགོས་པ་ལྟར་ཆོས་གང་བཟང་གདུལ་བྱར་རག་ལས།

བོད་ཀྱི་དུས་བབ།
༢༠༡༤/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ད་ལྟའི་དུས་ཚོད་འདིའི་ནང་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེན་ཊའི་མཁས་པ་ཚོས་མཛད་པའི་གཞུང་དེ་དག་ལ་འགྲེལ་བཤད་ཅིག་རྒྱག་དགོས་ན་བོད་ཡིག་ལས་ལྷག་ཅིག་གཅིག་ཀྱང་མེད་སྟབས། ད་ལྟ་ཀླུ་སྒྲུབ་ཡབ་སྲས་དང་ཕྱོགས་གླང་ཆོས་གྲགས། ཐོགས་མེད་སོགས་ཕེབས་ན་བོད་པར་ལག་ཁྱེར་ཨང་དང་པོ་སྤྲོད་ངེས་ཡིན་གསུངས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག་རྒྱུད་སྟོད་གྲྭ་ཚང་གི་ཚོགས་ཁང་དུ། རྗེ་ཙོང་ཁ་པ་ཆེན་པོས་དཔལ་གསང་བ་འདུས་པ་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་མཛད་དེ་ལོ་ ༦༠༠ འཁོར་བའི་རྗེས་དྲན་དང་འབྲེལ། སྔགས་ཀྱི་མཁས་པའི་བགྲོ་གླེང་ཞིག་ཚོགས་ཡོད་ཅིང་། ཚོགས་མགོན་དུ་༧གོང་ས་མཆོག་གཙོས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གདན་ས་ཁག་དང་། རྒྱུད་གྲྭ་སྟོད་སྨད། སྲད་རྒྱུད་གྲྭ་ཚང་གི་མཁན་པོ་ལས་ཟུར་རྣམ་པ་དང་། སྲིད་ཚབ་ཆོས་རིག་བཀའ་བློན་གྱི་དབུས་པའི་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཞོན་གཙོས་པའི་རྒྱུན་ལས་རྣམ་པ། བོད་མིའི་སྒྲིག་འཛུགས་རང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཛིན་རྣམ་པ། དྷ་སའི་ཉེ་འཁོར་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་དང་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་གཙོས། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐྱ་སེར་མི་མང་བཅས་ཁྱོན་མི་ ༢༥༠༠ ཡས་མས་འདུ་འཛོམས་གནང་སོང་།

རྗེས་དྲན་མཛད་སྒོའི་ཐོག་མར་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་དུང་རྒྱ་གླིང་དཀྲོལ་ནས་༧གོང་ས་མཆོག་གཙུག་ལག་ཁང་དུ་གདན་ཞུ་དང་འབྲེལ་རྟེན་གཙོ་ཁག་གི་མདུན་དུ་སྣང་གསལ་ཞལ་འབྱེད་དང་། བཞུགས་ཁྲིར་འཁོད་མཚམས་མཎྡལ་རྟེན་གསུམ་འདེགས་འབུལ་དང་འབྲེལ། སྲད་རྒྱུད་གྲྭ་ཚང་དང་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་དགེ་འདུན་པ་ཚོས་རྒྱུད་ཀྱི་ཤིས་ཚིག་གསུང་འདོན་གནང་རྗེས། མ་འོངས་པར་རྒྱུད་ཀྱི་འཆད་ཉན་དར་རྒྱས་ཡུན་གནས་ཡོང་བའི་རྟེན་འབྲེལ་མཚོན་ཆེད་༧གོང་ས་མཆོག་ནས་རྒྱུད་པ་གྲྭ་ཚང་གསུམ་གྱི་མཁན་པོ་རྣམས་ལ་འགྲེལ་དབང་དང་བཅས་འགྲེལ་བ་བཞི་སྦྲགས་ཀྱི་གླེགས་བམ་གསོལ་སྩལ་བསྒྲུབས་མཚམས། རྒྱུད་སྟོད་མཁན་པོ་བྱ་རྡོ་རིན་པོ་ཆེ་མཆོག་གིས་རྗེས་དྲན་དུས་སྟོན་གྱི་ངོ་སྤྲོད་གསུང་བཤད་གནང་དོན། འདི་ལོ་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་བསྟུན་ཏེ། རྗེ་རིན་པོ་ཆེས་དཔལ་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་མཛད་ནས་ལོ་ ༦༠༠ འཁོར་བའི་སྐབས་འདིར་བཀའ་དྲིན་རྗེས་དྲན་དང་། བསྟན་འགྲོའི་དོན་དུ་ཞབས་པད་བསྐལ་བརྒྱར་བརྟན་པའི་ཆེད་དུ་དཔལ་གསང་བ་འདུས་པའི་ཆོ་ག་དང་འབྲེལ་བའི་འབུམ་ཚོགས་ཤིག་ཞབས་སྒྲུབ་ཞུ་འཆར་དང་། གཙོ་ཆེར་གྲྭ་ཚང་འདིའི་ལས་གནས་འདུས་མང་ནས་བསྟན་པའི་གཞི་མ་ཚུལ་ཁྲིམས་དང་སྒྲིག་སྡོམ་རང་ཁྲིམས་ཐེག་པ་འཁུར་ལེན་གྱིས་རྗེ་རྒྱལ་བ་གཉིས་པའི་བཀའ་གསུང་མདོ་སྔགས་བཤད་སྒྲུབ་ཆེད་གཉེར་དང་། ཆོ་ག་ཕྱག་ལེན་ཕྱི་ནང་ཤེས་ཡོན་བཅས་ལ་འབད་བརྩོན་ལྷོད་མེད་ཞུ་བ་དང་། ལམ་སྟོན་བཀའ་སློབ་བཞིན་གྲྭ་ཚང་འདིའི་སྒྲིག་ཁུངས་སུ་གཏོགས་པ་སུ་ཡིན་རུང་སྤྱིར་སྐྱབས་འགྲོའི་བསླབ་བྱའི་དགོངས་དོན་དང་། སྒོས་སུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་སྐྱེས་བུ་གསུམ་གྱི་འགྲོས་དང་མཐུན་པའི་ཡི་དམ་ཆོས་སྲུང་གཏན་ལ་ཕབ་པ་ལྟར། འཇིག་རྟེན་དྲེགས་པ་གཙོ་བཞེས་ཅན་དོལ་རྒྱལ་ལམ་ཤུགས་ལྡན་བསྟེན་སྲོལ་གྱི་དྲི་མ་ཙམ་ཡང་མེད་པར། སྔར་གྱི་རྒྱུད་ཆེན་གོང་མ་རིམ་བྱོན་གྱི་ཕྱག་ལེན་གཙང་མ་རྒྱུན་འཁྱོངས་ཆོད་སེམས་བརྟན་པོ་རྫོགས་མེད་སྙིང་བཅངས་ཀྱི་སྒོ་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང་།

དེའི་རྗེས་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོ་མཆོག་གིས་སྐུ་གསུང་ཐུགས་དང་མཛད་པ་འཕྲིན་ལས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད་པ་མ་ཟད། ལོ་ ༦༠༠ སྔོན་དུ་ཙོང་ཁ་པ་ཆེན་པོས་གསུངས་པའི་སྟོན་པའི་ཆོས་དེ་བོད་ནང་དར་ཁྱབ་ཆེན་པོ་ཕྱིན་ཡོད་པ་ལྟར་ད་ལྟ་ཡང་དེ་བཞིན་ཡོད་སྟབས། རྗེ་ཙོང་ཁ་པ་ཆེན་པོ་མཆོག་གིས་དགའ་ལྡན་ཡིད་དགའ་ཆོས་འཛིན་ནས་ཐུགས་བརྩེ་བ་ཆེན་པོས་མར་གཟིགས་ནས་བཞུགས་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཞེ་ན། བོད་གངས་ཅན་ལྗོངས་ཀྱི་མི་མང་ལ་སྡུག་བསྔལ་དང་ཉམས་ཆག་གང་འདྲ་ཞིག་ཕྱིན་པ་ཡིན་ཡང་། བོད་མི་ཚོའི་སེམས་ནང་གཏིང་ཟབ་པོ་ཞིག་ཟུག་ནས་འགྱུར་བ་དང་ཉམས་ཆག་ནམ་ཡང་མེད་པའི་ཐོག་ནས་ནང་ཆོས་ཉམས་ལེན་བྱེད་དང་བྱེད་མུས་ཡིན། ཆོས་དུག་རེད་ཟེར་མཁན་གྱི་རྒྱ་ནག་དམར་པོའི་དབུ་ཁྲིད་ཚོས་ལོ་མང་རིང་བོད་ནང་དར་བའི་ནང་ཆོས་དང་བོད་པའི་ཐུན་མོང་མིན་པའི་རིག་གཞུང་དག་རྩ་མེད་གཏོང་ཐབས་ལ་རིག་གནས་གསར་བརྗེ་གཙོས་པའི་ཇུས་ངན་འདྲ་མིན་བཀོལ་སྤྱོད་བྱས་ཏེ། བོད་ཀྱི་དགོན་སྡེ་མང་ཆེ་བ་གཏོར་བཤིག་བཏང་ཡོད་ཀྱང་། བརྒྱུད་ཅུ་གྱ་གྲངས་རྗེས་བོད་ནང་གི་གཞོན་སྐྱེས་ཚོས་རང་འཁུར་བྱས་ནས་ནང་ཆོས་ལ་དད་ཞེན་ ཆེན་པོས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱས་ཏེ་སྔར་ལྷག་དར་སྤེལ་བཏང་བ་མ་ཟད། ད་ལྟ་རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བླ་སྤྲུལ་དགེ་བཤེས་དང་། བོད་རིགས་གཞོན་སྐྱེས་རྣམ་པས་ནང་ཆོས་སྦྱོང་སྤྱོད་སྤེལ་གསུམ་བྱས་ནས་བསྟན་པའི་མངའ་ཐང་རྒྱས་ཏེ། འཛམ་གླིང་གང་སར་དར་སྤེལ་བྱེད་ཐུབ་ཡོད་པ་མ་ཟད། ད་ལྟ་ང་ཚོས་ངོམ་ས་ཞིག་དང་འཛམ་གླིང་མི་མང་གི་ང་ཚོར་འཁོར་ས་ཞིག་ཀྱང་ཆགས་ཡོད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་མ་འོངས་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཐོག་གསུངས་དོན། བོད་མི་རིགས་དང་བསྟན་སྲིད་ཆེད་ད་ལྟ་ཡོད་པའི་ནང་ཆོས་འདི་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་དང་འབྲེལ་འཕེལ་རྒྱས་གཏོང་དགོས་པ་མ་ཟད། བོད་བརྒྱུད་ནང་བསྟན་ཡོད་པའི་སྔར་སྲོལ་བཟང་པོ་དག་གཞི་ལ་བཞག་ནས་བསླབ་པ་སློབ་གཉེར་བྱེད་ཕྱོགས་ལ་བསྒྱུར་བཅོས་དང་བསྐྱར་བཅོས་གཏོང་དགོས་པ་གང་ཡོད་པར་གཟིགས་ཏེ། ༧གོང་ས་མཆོག་གིས་ལམ་སྟོན་ཕེབས་པ་བཞིན་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་བཞིན་ཆོས་རིག་ལས་ཁུངས་ངོས་ནས་ ༢༠༡༦ ལོའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དགེ་བཤེས་མ་ ༢༢ དང་། ༢༠༡༧ ལོའི་སྐུའི་འཁྲུངས་སྐར་ཉིན་གཞུང་ཆེན་རིགས་གཅིག་རྐང་འཛིན་པ་ ༢༡ ཙམ་ཞིག་འཐོན་གྱི་ཡོད་པ་མ་ཟད། ད་ལྟ་ང་ཚོས་དགོན་སྡེ་གྲྭ་ཚང་ཁག་གི་ལས་དོན་དག་ཡར་རྒྱས་དང་གསར་གཏོད་ཡོང་ཐབས་ལ་འབད་བརྩོན་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང་།

དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གསུངས་དོན། ད་ལྟ་གསང་སྔགས་ཀྱི་རྒྱུད་སྡེ་དག་མ་ཉམས་པ་གནས་ཐུབ་པ་དེ་ནི་གཙོ་བོ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་མཛད་འཕྲིན་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད་པ་ དང་། རྗེ་རིན་པོ་ཆེ་མ་བྱོན་པའི་སྔོན་ལ་ས་སྐྱ་དང་རྙིང་མ། བཀའ་བརྒྱུད་སོགས་ཀྱིས་བསྟན་པ་དར་བར་བརྟེན་ཏེ་རྗེ་རིན་པོ་ཆེས་བསྟན་པ་དག་ཐེར་མཛད་པར་སྟ་གོན་ལྟ་བུ་ཞིག་ཆགས་ཡོད་པར་བརྟེན། རྗེ་རིན་པོ་ཆེ་བྱོན་རྗེས་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་སོར་ཆུད་གནང་བ་རེད། ལྷག་པར་དུ་རྗེ་རིན་པོ་ཆེས་དཔལ་གསང་བ་འདུས་པ་ཙམ་མིན་པར་བསྟན་པ་སྤྱི་ལ་གསན་བསམ་བཞེས་ནས་སྒྲུབ་པའི་ཉམས་ལེན་མཛད་ཡོད། མ་འོངས་པར་བསྟན་པ་འདི་གནས་དང་མི་གནས་ནི་ཆོས་བྱེད་མཁན་ཚོའི་བཤད་སྒྲུབ་གཉིས་ལྡན་གྱི་བསྟན་པ་འཛིན་སྐྱོང་གང་འདྲ་བྱེད་མིན་ལ་རག་ལས་ཡོད་པ་མ་ཟད། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཚོའི་སྐུ་ཚེ་ཡུན་གནས་ཐུབ་ཐབས་སུ་ང་ཚོས་སྤྱི་དོན་གྱི་བསོད་ནམས་གསོག་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས་སོང་།

དེའི་རྗེས་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། དཔལ་ནཱ་ལེན་ཊའི་ཆོས་བརྒྱུད་འཛིན་མཁན་གྱི་ནང་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད་ལྟ་བུའི་རིག་པའི་ལམ་ནས་ཟབ་པ་དང་རྒྱ་ཆེ་བའི་གཞུང་དོན་གཏན་ ལ་ཕབ་མཁན་ཕལ་ཆེར་བོད་གཅིག་པུ་མ་གཏོགས་མེད་སྟབས། དེང་སང་འཛམ་གླིང་འདིའི་ཐོག་ནང་པ་དུང་ཕྱུར་གཅིག་ཙམ་ཡོད་པའི་ནང་ནས་དཔལ་ནཱ་ལེན་ཊའི་མཁས་པའི་དབང་པོ་དེ་དག་གི་གཞུང་ལ་ཐོས་བསམ་སློབ་གཉེར་གནང་སྟེ། ལོ་ཉི་ཤུ་སུམ་ཅུར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་དེ་ཡང་ཕལ་ཆེར་བོད་ གཅིག་པུ་མ་གཏོགས་ཡོད་མ་རེད། ང་ཚོ་བོད་མི་ཡ་ས་དྲུག་གིས་ཆོས་ལ་དད་པ་བྱེད་ཀྱི་ཡོད་རེད། ཡིན་ཡང་ཆོས་བྱེད་མཁན་དེས་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་རེད་མ་གཏོགས། སོ་སོའི་ཁྱིམ་ཚང་ནང་མཆོད་གཤོམས་དང་ཡོན་ཆབ་ཕུལ་བ་དེ་འདྲ་ཞིག་གི་ཐོག་ནས་ཕྱིན་ཚེ། སངས་རྒྱས་ཀྱི་ཆོས་དེ་ཁྱད་དུ་འཕགས་པ་དང་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་ཤེས་རྒྱུ་ཁག་པོ་ཆགས་ཡོད། ཅེས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་དུ་གསུང་དོན། ངས་ནང་པའི་ཆོས་དེ་ཆོས་གཞན་དག་ལས་ཡག་གི་རེད་ནམ་ཡང་ཟེར་གྱི་མེད། ཡག་ཉེས་ཟེར་བ་དེ་སོ་སོར་ཕན་ཐོགས་ཡོད་མེད་ལ་བསམ་བློ་གཏོང་དགོས་པ་རེད། སྨན་གཅིག་ཡར་བླངས་ཏེ་དེ་ཡག་ཤོས་རེད་ཅེས་ཟེར་ཤེས་ཀྱི་མ་རེད། ན་ཚ་འགའ་ཤས་ལ་སྨན་དེས་གནོད་སྲིད་པ་ཞིག་ཡིན་སྟབས། ང་ཚོས་ན་ཚ་ལ་བལྟས་ཏེ་སྨན་དེ་ཡག་ཤོས་རེད་ཟེར་དགོས་ཀྱི་ཡོད་པ་ལྟར། ང་རང་ཚོ་སེམས་ཅན་གྱི་ཁམས་དང་མོས་པ་སྣ་ཚོགས་ཡོད་པའི་ནང་། ཁམས་དང་མོས་པར་འཚམ་པའི་ཆོས་དེ་རན་པོ་ཡོད་སྟབས། ནང་པའི་ཆོས་དེ་ཆོས་ཚང་མའི་ནང་ནས་ཡག་ཤོས་རེད་ལབ་ཐུབ་ཀྱི་མེད་ཀྱང་། ལྟ་གྲུབ་ཀྱི་ཐོག་ནས་ནང་པའི་ཆོས་དེ་རྒྱས་ཤོས་དང་ཟབ་ཤོས་རེད་ཅེས་བཤད་ཆོག་པ་ཞིག་ཆགས་ཡོད། རྒྱུ་མཚན་གཅིག་ནས་གཉིས་བགྲང་སྟེ་བཤད་རྒྱུ་ཡོད་པའི་ཆོས་ཤིག་ཆགས་ཡོད། ཅེས་གསུངས་གནང་སོང་།

༧གོང་ས་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་གལ་འགངས་སྐོར་ལ་བཀའ་སློབ་བསྩལ་དོན། ང་རང་ཚོར་མེས་པོ་ཚོས་དཀའ་ལས་བརྒྱབ་ནས་བསྒྱུར་བའི་ཆོས་དེ་འདྲ་ཞིག་ཡོད་པ་རེད། དཔེར་ན། ང་རང་ཚོའི་སྐད་ཀྱི་ནང་དུ་བཀའ་འགྱུར་བསྟན་འགྱུར་པོ་ཏི་ ༣༠༠ ལྷག་ཅིག་ཡོད་པའི་ཁྲོད་ནས་རྒྱ་ནག་ནས་བསྒྱུར་བའི་པོ་ཏི་ ༡༠ ལྷག་ཅིག་མ་གཏོགས་གཞན་མང་ཆེ་བ་རྒྱ་གར་ནས་བསྒྱུར་བ་ཤ་སྟག་རེད། དུས་ཚོད་འདིའི་ནང་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེན་ཊའི་མཁས་པ་ཚོས་མཛད་པའི་གཞུང་དེ་དག་ལ་འགྲེལ་བཤད་ཅིག་རྒྱག་དགོས་ན། བོད་ཡིག་ལས་ལྷག་ཅིག་གཅིག་ཀྱང་ཡོད་མ་རེད། ང་ཚོ་བོད་ལ་སངས་རྒྱས་པའི་ཆོས་ཆ་ཚང་བ་ཞིག་ཡོད་རེད། ད་ལྟ་ཀླུ་སྒྲུབ་ཡབ་སྲས་དང་། ཕྱོགས་གླང་ཆོས་གྲགས། ཐོགས་མེད་སྐུ་མཆེད་སོགས་འཛམ་གླིང་འདིའི་ཐོག་ཕེབས་པ་ཡིན་ཚེ། ཕལ་ཆེར་ང་ཚོ་བོད་པ་ཚོར་ལག་ཁྱེར་ཨང་དང་པོ་དེ་གནང་གི་རེད་བསམ་གྱི་འདུག དེར་བརྟེན། ང་རང་ཚོར་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་སྤུས་དག་པོ་ཞེ་དྲག་རེད་འདུག ད་ལྟ་རྗེ་རིན་པོ་ཆེས་མཛད་པའི་འགྲེལ་པ་བཞི་སྦྲགས་དེ་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་སྐྱོར་བཞིན་པ་དེ་མ་གཏོགས་གཞན་ཕལ་ཆེར་རྒྱུན་ཆད་ཚར་ཡོད་སྟབས། མ་འོངས་པར་སྐྱ་སེར་ཕོ་མོ་དབྱེ་བ་མེད་པས་ནང་ཆོས་ལ་སློབ་སྦྱོང་བྱས་ཏེ། སངས་རྒྱས་པའི་གཞུང་གི་ནང་བཤད་པའི་སེམས་ཀྱི་རྣམ་གཞག་དེ་དག་ཤེས་ཐབས་བྱས་ཏེ་འགྲོ་བ་མིའི་བཟང་སྤྱོད་དང་ཡ་རབས་སྤྱོད་བཟང་ཐོག་སྦྱངས་པ་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས་སོང་།

མཇུག་ཏུ་གསར་འགོད་པས་རྒྱུད་སྨད་གྲྭ་ཚང་གི་ཕྱག་མཛོད་བསྟན་འཛིན་འཕྲིན་ལས་ལགས་སུ་རྗེས་དྲན་ཞུ་ལུགས་ནང་ནས་གལ་ཆེ་ཤོས་དེ་གང་ཆགས་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་བཏང་རྗེས་དྲན་ལ་སྐུ་གསུང་ཐུགས་གསུམ་ངོས་ནས་རྗེས་དྲན་ཞུ་སྟངས་འདྲ་མིན་ཡོད་ཀྱང་། དེའི་ནང་ནས་གསུང་གི་རྗེས་དྲན་དེ་གཙོ་བོ་ཞིག་ཆགས་ཀྱི་ཡོད། དེ་ཡང་རྗེ་རིན་པོ་ཆེ་མཆོག་གིས་མཛད་པ་ཀུན་གྱི་ནང་ནས་གསུང་ཀྱི་མཛད་པར་རྗེས་དྲན་ཞུ་རྒྱུ་དེ་གལ་འགངས་ཆེ་ཤོས་ཡིན་གསུངས་ཡོད་སྟབས། ད་རེབ་རྗེ་རིན་པོ་ཆེ་མཆོག་གི་གསུང་གི་མཛད་པ་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་མཛད་ནས་ལོ་ ༦༠༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་དེ་ཆགས་ཡོད། ཅེས་སོགས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese