མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགྱུར་བཅའ་ཁྲིམས་བཟོ་འཆར།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ལྷན་ཁང་གིས་རྒྱ་ནག་ནང་གསར་འགྱུར་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་འདུག

འདས་པའི་ལོ་གཉིས་རིང་རྒྱ་ནག་གཞུང་གིས་ཧུའུ་པེ་དང་ཧེ་ལུང་ཅང་། ཧྥི་ཅན། སི་ཁྲོན། པེ་ཅིན་དང་ཧྲང་ཧྲེ་སོགས་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༡༥ ནང་གསར་འགྱུར་ཀུན་སྤྱོད་ལས་དོན་ལྷན་ཚོགས་གསར་འཛུགས་བྱས་ཏེ། གསར་འགྱུར་ལས་རིགས་དང་འབྲེལ་བའི་ཚོགས་འདུ་རིམ་པར་བསྡུ་བཞིན་ཡོད་ཀྱང་། ཚོགས་འདུའི་དགོས་དམིགས་དང་གསར་དུ་བཙུགས་པའི་ལྷན་ཚོགས་ཀྱི་ཚོགས་མིའི་གྲུབ་ཆ། དེའི་ལས་འགན་སོགས་ཁ་གསལ་བཟོས་མེད་ཀྱང་། ཁ་སང་ཕྱི་ཚེས་ ༡ ཉིན་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབུས་གསར་འགྱུར་ལས་སྒྲུབ་ཁང་གི་འགན་འཛིན་ཟུར་པ་དང་རྒྱ་ནག་མི་མང་འཐུས་མི་ཚོགས་པའི་རྒྱུན་ལས་ལོའུ་པེན་ཅེ་ཡིས། ད་སྐབས་རྒྱལ་ཡོངས་མི་མང་འཐུས་ཚོགས་ནས་གསར་འགྱུར་བརྒྱུད་སྒྲོག་ཐད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་པར་ཞིབ་འཇུག་བྱེད་བཞིན་ཡོད། དེང་སང་གསར་འགྱུར་བརྒྱུད་ལམ་ཁག་གིས་གང་བྱུང་གིས་གནས་ཚུལ་སྤེལ་ཏེ་མི་སེམས་འགུག་ཐབས་བྱེད་ཀྱི་ཡོད་པ་དང་། ཡང་སྲོལ་རྒྱུན་གྱི་གསར་འགྱུར་དོ་དམ་ལམ་ལུགས་ཧ་ཅང་དམ་དྲགས་པའི་རྐྱེན་གྱིས་རྣམ་པ་ཙམ་དུ་གྱུར་ཡོད་སྟབས། མ་འོངས་པར་གསར་འགྱུར་བརྒྱུད་སྒྲོག་གི་བཅའ་ཁྲིམས་གཏན་འབེབས་བྱུང་ན་སྐྱོན་ཆ་དེ་ཚོ་སེལ་ཐུབ་སྐོར་བརྗོད་འདུག

ཡང་ཁོང་གིས། ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་བ་ལྟར་གསར་འགྱུར་བརྒྱུད་སྒྲོག་ལའང་ཁྲིམས་སྐྱོང་གི་འདུ་ཤེས་བསྐྲུན་དགོས་ལ། གལ་སྲིད་གསར་འགྱུར་བརྒྱུད་སྒྲོག་གི་དབྱེ་མཚམས་གསལ་བོ་མེད་ཚེ་སྟངས་འཛིན་བྱེད་བདེ་བོ་མེད་སྟབས། གནས་ཚུལ་གང་དག་བརྒྱུད་སྒྲོག་ཆོག་པ་དང་མི་ཆོག་པའི་ཁྲིམས་ལུགས་དང་། ཀུན་སྤྱོད་རྣམ་གཞག སྤྱི་ཚོགས་སྒྲིག་ལམ་བཅས་ཀྱི་དབྱེ་མཚམས་གསལ་བོ་བཟོས་ཏེ་བཀག་རྒྱ་སྣ་ཚོགས་ལས་གྲོལ་ཐབས་བྱེད་དགོས། བཅའ་ཁྲིམས་གཏན་འབེབས་བྱུང་ན། གསར་འགྱུར་ལས་རིགས་གཉེར་མཁན་ཚོས་ཁྲིམས་ཀྱི་འགན་དབང་ལྟར་སོ་སོའི་བྱ་སྤྱོད་ལ་སོ་སོས་ཐག་གཅོད་བྱེད་ཆོག་པས་རང་བདག་གི་དབང་ཆ་འཐོབ་པར་ཕན་ནུས་ཡོད་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་དབུས་གསར་འགྱུར་ལས་སྒྲུབ་ཁང་གིས་གསར་འགྱུར་བརྒྱུད་སྒྲོག་སྐོར་གྱི་སྒྲིག་གཞི་ཡིག་ཆ་ཞིག་སྤེལ་ཏེ། ལས་སྒྲུབ་ཁང་གི་ཆོག་མཆན་མེད་པའི་གསར་འགོད་པ་དང་གསར་འགྱུར་ཁང་ཁག་ཅིག་གིས་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་བཞིན་པར་བཀག་འགོག་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༠ ནང་ཡང་ལས་སྒྲུབ་ཁང་དེ་དང་རྒྱ་ནག་བརྒྱུད་ལམ་གནས་ཚུལ་དོ་དམ་ཁང་གཉིས་མཉམ་འབྲེལ་ཐོག ཕྱི་ལོ་ ༢༠༡༥ ལོའི་ལོ་མགོ་ནས་བཟུང་དབུས་གཞུང་དང་ས་གནས་ཁག་གི་གསར་འགྱུར་རྒྱ་དྲ་གཙོ་གྲས་རྣམས་དང་། རྒྱལ་ཡོངས་རང་བཞིན་གྱི་ལས་ཁུངས་ཁག་གི་གསར་འགྱུར་དྲ་བའི་གནས་ཚུལ་འཚོལ་སྒྲིག་པ་ཚོར་ངེས་པར་དུ་གསར་འགོད་པའི་དཔང་ཡིག་དགོས་ཀྱི་ཡོད་ཀྱང་། ཚོང་ལས་དང་འབྲེལ་བའི་རྒྱ་དྲ་ཁག་གི་གསར་འགོད་པ་ཚོ་དེའི་ནང་དུ་ཚུད་མེད་སྐོར་བརྗོད་འདུག

གོང་གི་གནས་ཚུལ་དེའི་ཐད་རྒྱ་ནག་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཟུར་པ་ཐིན་པའོ་ལགས་ཀྱིས། སྤྱིར་བཏང་གསར་འགྱུར་བརྒྱུད་སྒྲོག་གི་བཅའ་ཁྲིམས་གཏན་འབེབས་བྱེད་པར་བསམ་ཚུལ་མི་འདྲ་བ་གཉིས་སླེབ་ཀྱི་ཡོད་པ་རེད། ཁག་ཅིག་གིས་རྒྱ་ནག་གི་གསར་འགྱུར་བརྒྱུད་སྒྲོག་བྱ་བར་བཅའ་ཁྲིམས་ཀྱི་གཞི་རྟེན་མེད་པར་དབུས་དྲིལ་བསྒྲཊ་ལྷན་ཁང་དང་། གསར་འགྱུར་ལས་སྒྲུབ་ཁང་སོགས་ཀྱི་ངག་ཐོག་བཀའ་བཀོད་འོག་དཀའ་རྙོག་མང་པོ་བྱུང་བཞིན་ཡོད་སྟབས། གསར་འགྱུར་བརྒྱུད་སྒྲོག་གི་བཅའ་ཁྲིམས་ཤིག་གསར་དུ་གཏན་འབེབས་བྱས་ན་ཡག་པོ་ཡོད་ལུགས་བརྗོད་ཀྱི་ཡོད་པ་དང་། ཡང་ཁག་ཅིག་གིས་ད་ལྟའི་རྒྱ་ནག་གི་ཆབ་སྲིད་སྒྲོམ་གཞིར་སྤྱི་ཡོངས་ནས་འཕོ་འགྱུར་མ་ཕྱིན་པའི་གནས་བབ་འོག གསར་འགྱུར་བརྒྱུད་སྒྲོག་གི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་པ་ཡིན་ན། གསར་འགོད་རང་དབང་ལ་སྟངས་འཛིན་ཤུགས་ཆེན་ཐེབས་རྒྱུ་ཡིན་པས་བཅའ་ཁྲིམས་དེ་གཏན་འབེབས་བྱེད་མི་འོས་སྐོར་བརྗོད་ཀྱིན་ཡོད་པ་རེད། ཕྱི་ལོ་ ༡༩༩༠ ལོར་རྒྱ་གཞུང་གིས་འདུ་འཛོམས་ཁྲོམ་སྐོར་གྱི་བཅའ་ཁྲིམས་གཏན་འབེབས་བྱས་ཏེ། འདུ་འཛོམས་ཁྲོམ་སྐོར་ལ་སྟངས་འཛིན་དང་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར། གསར་འགྱུར་བརྒྱུད་སྒྲོག་གི་བཅའ་ཁྲིམས་གཏན་འབེབས་བྱས་ན་གསར་འགོད་རང་དབང་ལ་སྔར་ལས་སྟངས་འཛིན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese