མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གསོ་གསར་རྙིང་བར་གྱི་དབུ་མའི་ལམ།

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༤༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་དྷ་རམ་ས་ལའི་རྒྱུད་སྟོད་གྲྭ་ཚང་དུ་རྗེ་ཙོང་ཁ་པས་དཔལ་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་བརྩམས་ཏེ་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་དང་བསྟུན་ཏེ་སྔགས་ཀྱི་བགྲོ་གླེང་ཞིག་ཚོགས་སོང་། བགྲོ་གླེང་དེའི་སྟེང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། གདན་ས་ཁག་དང་། རྒྱུད་གྲྭ་སྟོད་སྨད། བཀྲ་ཤིས་ལྷུན་པོ་སོགས་དགེ་ལུགས་པའི་དགོན་པ་གྲྭ་ཚང་ཁག་གི་མཁན་པོ་དང་དགེ་བཤེས་མང་པོ་འཛོམས་ཏེ་ཆེ་མཐོང་དང་ལོ་རྒྱུས་རང་བཞིན་གྱི་བགྲོ་གླེང་ཞིག་གནང་སོང་།

དེ་བཞིན་ཉེ་ཆར་གདན་ས་སེར་བྱེས་མཁས་སྙན་གྲྭ་ཚང་དུའང་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་བྱེ་བྲག་སྨྲ་བའི་སྡེ་བ་ཁག་ལས་ཐེ་ལན་ཌི་དང་། སིང་ག་ལ། རྒྱ་གར། ཐེ་ཝན། བོད་བཅས་ཀྱི་དགེ་སློང་ལྷན་བཞུགས་ཐོག་དམ་ཆོས་འདུལ་བའི་བགྲོ་གླེང་ཞིག་ཚོགས་ཡོད། འདི་ནི་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པའི་རྒྱལ་སྤྱི་རང་བཞིན་གྱི་ཚོགས་འདུ་ཞིག་ཆགས་ཡོད། འདི་དང་འདི་འདྲའི་ནང་ཆོས་ཀྱི་བགྲོ་གླེང་གལ་ཆེན་འགའ་རེ་བོད་པའི་དགོན་པ་གྲྭ་ཚང་ཁག་ནང་གསར་དུ་བྱུང་དང་འབྱུང་བཞིན་འདུག

འདི་རིགས་མགོ་འཛུགས་ཚད་འཕྱི་མ་དྲགས་ན་སྔ་དྲགས་མེད། འདི་རི་བོ་དགེ་ལྡན་པ་ཙམ་མིན་པར་ས་སྐྱ་བཀའ་བརྒྱུད་རྙིང་མ། བོན་དང་ཇོ་ནང་སོགས་བོད་པའི་ཆོས་ལུགས་ཆོས་བརྒྱུད་ཁག་ཚང་མས་དེང་རབས་ཀྱི་འགྲོ་སྟངས་ལྟར། རང་རང་གི་ལྟ་གྲུབ་དང་། རང་རང་གི་བཞེད་ཚུལ་ཐོག་རྒྱ་ཁྱབ་རང་བཞིན་གྱི་བགྲོ་གླེང་དང་། རྩོམ་ཡིག་འགྲན་བསྡུར། རིགས་གཅིག་རྐང་འཛིན་པ་སྐྱེད་སྲིང་བཅས་ཀྱི་ཐོག་ཤུགས་སྣོན་རྒྱུ་ཧ་ཅང་གལ་ཆེ།

བོད་བརྒྱུད་ནང་བསྟན་རིག་གནས་འདི་དེང་རབས་ཅན་དང་སྤྱི་ཚོགས་ཅན་དུ་ཁ་ཕྱོགས་ཏེ། ནང་པའི་གཞུང་ཆེན་ཁག་གི་དཀའ་གནད་ཐོག་དེང་རབས་ཀྱི་འགྲོ་སྟངས་ལྟར། བགྲོ་གླེང་དང་རྩོམ་ཡིག་འགྲན་བསྡུར། དེ་བཞིན་རི་མོར་འབྲི་བ་དང་རེའུ་མིག་ཏུ་འགོད་པ། དབྱིབས་རྩིས་དང་ཐིག་ཚད་འདེབས་པ། གཟུགས་དབྱིབས་བཟོ་བ་དང་། ཚོན་མདོག་འདྲ་མིན་བྱུག་པ་སོགས་ཀྱི་ལམ་ནས་སློབ་སྦྱོང་དང་ལག་ལེན། ཚོད་ལྟ་དང་སྦྱོང་བརྡར་སོགས་བྱ་རྒྱུ་ཧ་ཅང་གལ་ཆེ།

དེ་བཞིན་བོད་པའི་དགོན་སྡེ་ཁག་ནང་གཞུང་ཆེན་སློབ་ཁྲིད་བྱེད་སྟངས་དེ་ཡང་། དགེ་བཤེས་ཤིག་གོང་དུ་གདན་སྟེང་ལ་དཀྱིལ་དཀྲུང་དུ་བསྡད་ཅིང་། དེའི་གཤམ་འོག་ཏུ་དགེ་ཕྲུག་མང་པོ་ཞིག་མགོ་བོ་སྒུར་སྒུར་གྱིས་ཙོག་པུར་བསྡད་རྗེས། རྒན་ལགས་དེས་གླེགས་བམ་སྣ་རིང་ཞིག་གི་སྟེང་ནས་ཆུ་ཚོད་གཅིག་གཉིས་རིང་ཤར་ཤར་གསུང་རྐྱང་བྱེད་པ་དང་། དགེ་ཕྲུག་ཚོས་ཀྱང་ནང་དོན་གོ་ཡི་ཡོད་མེད་གང་ལྟར་ཡང་། དྲི་བ་དྲིས་ལན་དང་དོགས་སློང་རྩོད་སྤོང་སོགས་གང་ཡང་མེད་པར་ཆུ་ཚོད་གཅིག་གཉིས་རིང་ཁུ་སིམ་སིམ་ཉན་རྐྱང་བྱེད་པའི་ལམ་སྲོལ་འདིར་ཡང་ལེགས་བཅོས་འདྲ་དགོས་སམ།

སྤྱིར་དགོན་པའི་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ཁ་ཁ་ཡིན་པ་གང་ཞིག་ལ། དེ་གཉིས་ཀྱི་ཕན་ནུས་ཁྱད་ཆོས་ཀྱང་སོ་སོར་ཡོད་པའི་སྒྲུབ་བྱེད་འགོད་སྟངས་ཡོད་ཀྱང་། ད་ལྟའི་མི་ཚང་མ་དུས་རབས་ཀྱི་ཤིང་རྟ་ཆེན་མོའི་འཁོར་སྐྱོད་ནང་ཞུགས་ཡོད་པ་གཅིག་མཚུངས་ཡིན་པ་ལྟར། བོད་པའི་དགོན་སྡེའི་སློབ་ཁྲིད་བྱེད་ཐབས་འདི་ཡང་དེང་རབས་སློབ་གྲྭ་དང་ཇེ་ཉེར་གཏོང་དགོས་པ་དང་། བོད་པའི་སློབ་གྲྭ་ཁག་ཏུ་དགོན་སྡེའི་སློབ་གསོ་དང་སློབ་ཁྲིད་བྱེད་ཐབས། ནང་བསྟན་གཞུང་ལུགས་སོགས་མི་རིགས་རིག་གཞུང་གི་ངོ་བོར་ཁྲིད་སྤེལ་བྱས་ཏེ། དགོན་པའི་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ཟུང་དུ་སྦྲེལ་ནས་རིག་གཞུང་དར་སྤེལ་དང་། སྤྱི་ཚོགས་ལག་ལེན་ལ་འཁྱོལ་ཐུབ་པའི་དབུ་མའི་ལམ་ཞིག་འཚོལ་དགོས་སོ།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ན་གཞོན་གླུ་བ་ཨ་སངས་ལགས་འཛིན་བཟུང་བྱས་འདུག

༢༠༢༥/༠༧/༡༨
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེག་ཁི་རོ་སན་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༧།༡༧
Mobile App

བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན།

༢༠༢༥/༠༧/༡༧
པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཝུའུ་ཡེན་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ། Lianhe Zaobao གསར་ཁང་གིས་པར།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ལ་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད།  

༢༠༢༥/༠༧/༡༧
༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༧།༡༦
Mobile App

༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ།

༢༠༢༥/༠༧/༡༦
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་གོང་མས་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུ་སྤྱི་མོས་གཏན་འབེབས་གནང་།

༢༠༢༥/༠༧/༡༦
Sikkim BJP MP Dorjee Tshering Lepcha Reiterates Demand to Rename India-China Border as Indo-Tibetan Border
Mobile App

རྒྱ་གར་དབུས་གཞུང་གིས་འཕགས་བོད་ས་མཚམས་ཞེས་པའི་མིང་བེད་སྤྱོད་གནང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese