རིས་མེད་བསྟན་པའི་གསལ་བྱེད་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་མལ་བ་ནས་བཟུང་། རྒྱ་བལ་འབྲས་འབྲུག་གི་ཞལ་སློབ་རྣམས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་ལོ་ལྟར་འདས་མཆོད་སྨོན་ལམ་འཚོགས་བཞིན་པ་དགོངས་མངའ་ལྟར་འདས་མཆོད་སྐབས་བཅུ་གཉིས་པ། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡ ཚེས་ ༡༤ ནས་དབུ་འཛུགས་ཞུས་ཏེ་ཉིན་གསུམ་གྱི་རིང་འདས་མཆོད་སྨོན་ལམ་སྔར་རྒྱུན་བཞིན་ཚོགས་འཆར་ལགས་ན། བླ་མ་རུང་གི་སློབ་རྒྱུན་རྣམས་གྲ་སྒྲིག་ཆེད་སྔ་ཙམ་ཕེབས་གནང་སྐྱོང་ཡོང་བ་དང་། རིས་མེད་ཀྱི་གྲྭ་བཙུན་གང་མང་དུས་ལྟར་ཕེབས་རྒྱུར་སྙིང་ནས་གསོལ་འདེབས་ཞུ་ཞུ།
ཞེས་འདས་མཆོད་གོ་སྒྲིག་ཚོགས་ཆུང་ནས།
འབྲེལ་གཏུག་ཁ་པར།
འཇུ་བསྟན་སྐྱོང་། ༩༨༨༢༤༥༠༡༠༧