མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོལ་རྒྱལ་བསྟེན་མཁན་ཚོའི་དགོན་པའི་ནང་ངོས་རང་འགྲོ་ཐབས་རྩ་བ་ནས་མེད།

བོད་ཀྱི་དུས་བབ།
༢༠༡༤/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་འཕྲོར་སྐྱོང་གནང་གི་ཡོད་པ་དང་བསྟུན་ཏེ། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་བྲག་གཡབ་རིན་པོ་ཆེ་བློ་ལྡན་ཤེས་རབ་མཆོག་གིས་དབུ་ཁྲིད་དེ་བྲག་གཡབ་སེར་སྐྱ་མང་ཚོགས་ཀྱིས་བརྟན་བཞུགས་འབུལ་སྐབས་༸གོང་ས་མཆོག་གིས་དོལ་རྒྱལ་སྐོར་ལ་གསུང་བཤད་གནང་བ་ཞིག་འདིར་བསྡུ་སྒྲིག་བྱས་ཡོད།

༧གོང་ས་མཆོག་གིས་བཀའ་གནང་དོན། བྲག་གཡབ་རིན་པོ་ཆེ་ཆུང་ཆུང་སྐབས་ནས་ལྷ་སའི་སྨོན་ལམ་གྱི་ཚོགས་མི་ཡིན་པ་ཡོད། སྐབས་དེ་དུས་ནས་ངོ་ཤེས་ཀྱི་ཡོད། འདིར་རྒྱ་གར་དུ་བསླེབས་ནས་རིན་པོ་ཆེས་ལས་འགན་རིམ་པར་འཁྱེར་ནས་ཧུར་ཐག་འབད་ཐག་བྱས་སོང་། བར་སྐབས་རིན་པོ་ཆེ་ཇར་མན་དུ་བཞུགས་ནས་གང་ཐུབ་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་ཚོར་ཁོང་ཚོའི་རེ་འདོད་བཀོང་རྒྱུ་དང་། བར་སྐབས་བོད་ཁང་གཅིག་བཙུགས་ནས་ཁ་སེང་ངོས་རང་དེར་ཕྱིན་པ་ཡིན། ཧུར་ཐག་འབད་ཐག་བྱས་པ་རེད། རྙོག་གྲ་གཅིག་རིན་པོ་ཆེ་ཐོག་མ་དོལ་རྒྱལ་བསྟེན་གྱི་ཡོད། ངོས་ནས་ཀྱང་བསྟེན་པ་རེད། ཕྱིས་སུ་ངོས་ཀྱིས་དེར་སྲེག་བཅད་བརྡར་གསུམ་གྱི་དཔྱད་པ་ཧ་ཅང་ཞིབ་ཚགས་པོ་བྱས་པ་ཡིན། ང་ཚོའི་དཔྱད་པ་གསུམ་གྱིས་དག་པ་ཟེར་བ་དེའི་ཐོག་ནས་བརྟག་དཔྱད་བྱས་རྗེས་དངོས་གནས་ཡིན་ལུགས་གང་འདྲ་ཡིན་མིན་ངོས་ཀྱིས་མར་གསལ་པོ་ཆགས་ཡོང་དུས་རིན་པོ་ཆེས་ཐེ་ཚོམ་སོམ་གཉིས་མེ་པར་ངོས་ཀྱིས་རྒྱུ་མཚན་ལྡན་པའི་སྒོ་ནས་རྒྱལ་བའི་དགོངས་པ་སྤྱི་དང་འཇམ་མགོན་བླ་མ་ཡབ་སྲས་ཀྱི་དགོངས་པ་དང་མཐུན་པའི་ལམ་སྟོན་བྱས་པ་དེར་རིན་པོ་ཆེས་ཤར་བསྐྱོད་གནང་ནས་ཧུར་ཐག་འབད་ཐག་གནང་སོང་། དེར་བརྟེན་རིན་པོ་ཆེར་དམིགས་བསལ་གྱི་ལྟ་སྐྱོང་བྱེད་དགོས་རྒྱུའི་འགན་ཞིག་ངོས་ལ་ཡོད། ཚུར་བརྒྱ་ཆ་བརྒྱ་ཐམ་པ་བློ་འགེལ་བྱས་ན་དེ་ལ་དཔགས་པ་ཕར་ལྟ་སྐྱོང་བྱེད་དགོས་ཀྱི་རེད། ཅེས་དང་། ཁྱེད་རང་ཚོ་བྲག་གཡབ་པ་བྱེས་དང་བོད་ནང་དུ་ཡོད་མཁན་ཚོ་ཡིན་ནའང་འདྲ། དེ་ཚོའི་གྲས་བློ་གཟུ་བོར་གནས་པའི་ཐོག་ནས་དཔྱད་དགོས། རྨོངས་དད་དང་ལྐུག་པ་དེ་འདྲ་བྱ་རྒྱུ་མེད། ཤེས་སོང་ངམ། དངོས་གནས་དྲང་གནས་ཀྱི་རྒྱུ་མཚན་གང་འདུག་དེར་བསམ་བློ་གཏོང་དགོས། ཞེས་གསུངས་འདུག

ཁོང་གིས་མུ་མཐུད་དུ་གསུངས་དོན། སྔ་མོ་འདིར་ཤར་རྩེ་གྲྭ་ཚང་གིས་དོལ་རྒྱལ་བསྟེན་སྐབས་ཤར་རྩེ་གྲྭ་ཚང་གི་ཚོགས་ཁང་རྙིང་པའི་ནང་ངོས་ཀྱིས་འདི་ལྟར་བརྗོད་རྒྱུ་བྱུང་། ཁྱེད་ཚོ་བགྲེས་པ་ཚོས་ཕལ་ཆེར་དྲན་གྱི་ཡོད་ངེས་རེད། ཁྱེད་ཚོས་དོལ་རྒྱལ་བསྟེན་གསོལ་མཚམས་བཞག་ནས་གཙང་མ་བྱས་ན་འགྲིག་པ་རེད། འོན་ཀྱང་ཁྱེད་ཚོས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་མ་བྱས་པར་དེ་མུར་བསྡད་པ་ཡིན་ན། ངོས་རང་ཕྱིན་ཆད་ཤར་རྩེ་གྲྭ་ཚང་དུ་གོམ་པ་སྤོ་རྒྱུ་མིན། ཞེས་ངོས་ཀྱིས་བརྗོད་པ་དེ་དྲན་གྱི་འདུག་གམ། ཤར་རྩེ་མཁན་པོས་དྲན་གྱི་འདུག་གམ། དེ་རིང་འདིར་ཡང་དེ་མཚུངས་བརྗོད་རྒྱུ་ཡིན། ཁྱེད་ཚོས་ངོས་ལ་ཡོང་རོགས་བརྗོད་ཀྱི་ཡོད་ཀྱང་༸རྒྱལ་བ་རིན་པོ་ཆེའི་སྲོག་ལ་ཉེན་ཁ་བརྩི་དགོས་རྒྱུ་གཅིག་ལ་ངོས་རང་ག་རེ་བྱས་ནས་འགྲོ་དགོས་སམ། འགྲོ་ཤེས་ཀྱི་མ་རེད། རྒྱ་གར་གཞུང་ལ་ཆ་མཚོན་ནའང་སྲུང་སྐྱོབ་དེ་དག་ཧ་ཅང་ཤུགས་ཆེ་རུ་གཏོང་གི་འདུག ངོས་རང་ཕྱི་རྒྱལ་གང་དུ་བསྐྱོད་ཀྱང་དོལ་རྒྱལ་ཚོགས་པའི་ཐོག་ནས་རྒྱལ་བ་རིན་པོ་ཆེའི་སྲོག་ལ་ཉེན་ཁ་ཡོད་པ་ཞིག་ཏུ་བརྩི་བཞིན་འདུག དེར་བརྟེན། དེ་འདྲ་ཞིག་ལ་ངོས་རང་ག་རེ་བྱས་ནས་འགྲོ་དགོས་པ་རེད། ཁྱེད་ཚོས་ངོས་སྐད་གཏོང་གི་ཡོད་ཀྱང་འགྲོ་དང་མི་འགྲོ་འདི་ངོས་ཀྱི་རང་དབང་རེད། འགྲོ་བ་ལ་འགྲོ་སྟངས་ཡོད། དངོས་གནས་ཁ་ལ་ཉན་མཁན་ཞིག་དང་དད་པ་དམ་ཚིག་ཡོད་པ་ཞིག་ཡིན་ན་བླ་མ་ཕྱིན་ན་དགོས་པ་ཡོད། དད་པ་དམ་ཚིག་མེད་ན་ངོས་རང་ཅིའི་ཕྱིར་འགྲོ་དགོས་པ་རེད། ཅེས་དང་།

ཡང་ཁོང་གིས་མུ་མཐུད་དུ། དེང་སང་ཆབ་མདོར་དོལ་རྒྱལ་ཤུགས་ཆེན་པོ་གང་འཚམ་བསྟེན་བཞིན་འདུག ཡག་པོ་ཞེ་དྲག་རེད། ཁོ་པ་ཚོས་ཤུགས་ལྡན་བསྟེན་ནས་ཕན་ཐོགས་འདུག་ན་རྗེས་སུ་ཡི་རངས་ཡོད་ཁྱད་གང་ཡང་མེད། འོན་ཀྱང་ངོས་རང་འགྲོ་རྒྱུ་ནམ་ཡང་ཡོང་གི་མ་རེད། གཞིས་བྱེས་མཉམ་འཛོམས་ཤིག་ཡོང་མདོག་ཁ་པོ་རེད། དེ་བྱུང་མཚམས་དོལ་རྒྱལ་བསྟེན་མཁན་ཚོའི་དགོན་པའི་ནང་ངོས་རང་འགྲོ་ཐབས་རྩ་བ་ནས་མེད། ངོས་རང་སྐད་བཏང་ཡང་ངོས་ཀྱི་ཁ་ལ་མ་ཉན་ན་ཆོད་གང་ཡང་མེད། ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་སྔ་མོ་ནས་ཁྱེད་ཚོས་ཤེས་ཀྱི་རེད། ངོས་ཀྱིས་རིན་པོ་ཆེའི་སྐོར་ལ་ཁུར་ཧ་ཅང་བླངས་པ་ཡིན། ཁྲི་བྱང་རིན་པོ་ཆེ་ཉེ་ལམ་སོག་ཡུལ་ལ་ཕེབས་འདུག སོག་ཡུལ་ལ་ཕེབས་སྐབས་རྒྱལ་བའི་ཡོངས་འཛིན་གྱི་ཡང་སྲིད་ཡིན། ཞེས་༸རྒྱལ་བ་རིན་པོ་ཆེའི་མིང་དེ་འཁྱེར་དགོས་ཀྱི་ཡོད་པ་དང་། ཡང་ཨ་རིའི་ནང་ངོས་རང་རྒྱལ་དབང་རྫུན་མ་རེད། ཅེས་བརྗོད་ཀྱི་ཡོད་པ་རེད། ངོས་རང་རྫུན་མ་ཡིན་ན་འགྲིག་འདུག ངོས་རང་རྒྱལ་དབང་རྫུན་མ་རེད། ཅེས་རྒྱལ་དབང་གི་ཁྲི་འདི་ནས་དགོངས་པ་ཞུ་རྒྱུ་ཞིག་རག་རོགས་བྱས་ནས་ཧ་ཅང་ཡག་པོ་འདུག དེ་འདྲ་བྱུང་ན་ངོས་རང་ཁ་འདོན་དགེ་སྦྱོང་འདྲ་བྱས་ནས་སྡོད་རྒྱུ་བྱུང་ན་ཧ་ཅང་ཡག་པོ་འདུག ཅེས་སོགས་གསུངས་འདུག

པདྨ་མཚོས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 1

  1. འབྲོང་བུ་སོག་ཚ། says:
    ལོ་ 12 སྔོན།

    ༧སྐྱབས་མགོན་རིན་པོ་ཆེ་ཐུགས་ཤུགས་མ་ཆུང་། བོད་མི་བརྒྱ་ཆ་དགུ་བཅུ་གོ་གུ་དང་ཕྱེད་ཀས་བློ་གཏད་ཁྱེད་ལ་བྱེད་ཀྱི་གདའ། སྔར་སྟོན་པ་བཞུགས་པའི་སྐབས་སུའང་བདུད་ལྷས་སྦྱིན་གཙོས་ལོག་ལྟ་ཅན་ཚོས་ངན་སེམས་ཇི་ལྟར་བྱས་ཀྱང་ཇི་མི་སྙམ་པར་བཞག་པ་ཇི་བཞིན་ལས་ངན་ཤུགས་ལྡན་བསྟེན་གསོལ་ཅན་རྣམས་ལའང་དེ་ལྟར་བཞག་པར་རིགས་སོ། ཕྱི་ལོ་ ༢༠༡༥ གསར་བཞད་ལ་བཀྲ་ཤིས་བདེ་ལེགས་དང་གཞི་བྱེས་ལྷན་འཛོམས་ཡོང་བར་སྨོན།། བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese