མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷར་ཛིལ་སྲིད་འཛིན་གྱི་དམ་འབུལ།

བོད་ཀྱི་དུས་བབ།
༢༠༡༥/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བྷར་ཛིལ་རྒྱལ་སར་ལྕམ་ཌིལ་མཱ་རོབ་སི་ཧྥི་ཡིས་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་ཞུ་སྐབས་རྒྱལ་སྤྱིའི་རྒྱལ་ཁབ་ ༡༣༠ ལྷག་གི་སྐུ་ཚབ་མཉམ་ཞུགས་གནང་ཡོད་འདུག

ཁ་སང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཡས་མས་སུ་བྷར་ཛིལ་རྒྱལ་ས་བྷར་ཛི་ལི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མདུན་ཐང་དུ། ད་ལྟའི་སྲིད་འཛིན་ལྕམ་ཌིལ་མཱ་རོབ་སི་ཧྥི་ཡིས་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་ཞུས་ཡོད་ཅིང་། སྐབས་དེར་ཁོ་མོས་མ་འོངས་པའི་སྲིད་འཛིན་ལས་ཡུན་སྐབས་ཕྱི་གསལ་ནང་གསལ་བྱས་ཏེ། རྒྱལ་སྤྱིའི་ཐོག་བྷར་ཛིལ་ཤེས་ཡོན་སྦྱོང་སའི་བསྟི་གནས་ཤིག་ཏུ་འགྱུར་ཐབས་བྱ་རྒྱུ་མ་ཟད། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་སྲུང་གནས་སྟངས་གོང་འཕེལ་དང་། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་བཏང་སྟེ་རྒྱལ་ཁབ་ནང་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་སོགས་གཏམ་བཤད་བྱས་འདུག

སྲིད་འཛིན་དམ་འབུལ་མཛད་སྒོའི་སྟེང་། ཨ་རིའི་སྲིད་འཛིན་གཞོན་པ་ཇཱོ་བྷེ་ཌིན་མཆོག་དང་། རྒྱ་ནག་གི་སྲིད་འཛིན་གཞོན་པ་ལི་ཡན་ཁྲོ་ (Li Yuanchao)། ཝེ་ནེ་ཛུ་ལའི་སྲིད་འཛིན་ཎེ་ཀཱོ་ལཱ་སེ་མཱ་ཌོ་རོ་ (Nicolas Maduro) མཆོག ཡུ་རེ་གྷེའི་སྲིད་འཛིན་ཇོ་སེ་མུ་ཇི་ཁཱ་ (Jose Mujica) མཆོག བྷོ་ལེ་ཝུ་ཡའི་སྲིད་འཛིན་ཨི་ཝ་ (Evo Morales) མཆོག ཅི་ལི་ཡི་སྲིད་འཛིན་མི་ཤཱལ་ (Michelle Bachelet) མཆོག་བཅས་རྒྱལ་སྤྱིའི་རྒྱལ་ཁབ་ ༡༣༠ ཡི་མགོ་ཁྲིད་དང་སྐུ་ཚབ་མཉམ་ཞུགས་གནང་ཡོད་པ་མ་ཟད། བྷར་ཛིལ་གྱི་མི་མང་བཞི་ཁྲི་ལྷག་འདུ་འཛོམས་བྱུང་ཡོད་འདུག

ལྕམ་ཌིལ་མཱ་རོབ་སི་ཧྥི་མཆོག་གིས་དམ་འབུལ་མཛད་སྒོའི་སྐབས་མང་ཚོགས་ལ་གཏམ་བཤད་གནང་དོན། “དེ་སྔོན་བྷར་ཛིལ་རྒྱལ་ཡོངས་ནང་བྲལ་རིམ་བར་མར་མི་མང་པོ་མེད་པ་མ་ཟད། མང་པོ་ཞིག་ལ་ཤེས་ཡོན་སྦྱོང་རྒྱུའི་གོ་སྐབས་ཐོབ་ཀྱི་མེད་ཀྱང་། ད་ལྟའི་གཞུང་གིས་འདས་པའི་ལོ་ཤས་རིང་འབད་བརྩོན་བྱས་ཏེ། ཡུལ་མི་ས་ཡ་ ༣༦ ལྷག་དབུལ་ཕོངས་གནས་ལས་གྲོལ་ཡོད་པར་བརྟེན། ད་རེབ་མང་ཚོགས་ཀྱིས་ངར་ཡིད་ཆེས་བྱས་ནས་འོས་ཤོག་བླུགས་ཡོད་སྟབས། ངས་ཤེས་ཡོན་དང་འཕྲོད་བསྟེན་སློབ་གསོ་འཕེལ་རྒྱས་དང་འབྲེལ། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་བཏང་ནས་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་རྒྱུ་ཡིན། ད་ལྟའི་དུས་ཚོད་འདིར་ལྐོག་ཟ་རུལ་སུངས་ནི་གཞུང་གི་ཟུངས་ཁྲག་འཇིབ་མཁན་ལྟ་བུ་དེ་ཡིན་སྟབས། དེ་དག་རྩ་མེད་བཟོ་ཐུབ་པ་བྱ་རྒྱུ་ཡིན། དེ་སྔོན་གཞུང་གིས་བྷར་ཛིལ་གྱི་པེ་ཌོར་བྷར་སི་རྡོ་སྣུམ་ཁེ་ལས་(Petrobras) ཀྱིས་ཕྱི་དགྲ་དང་ལྐོག་ཟ་རུལ་སུངས་ལས་སྲུང་སྐྱོབ་བྱེད་དགོས་དོན་ནི་རྟོག་ཞིབ་ཡག་པོ་བྱེད་ཆེད་ཡིན་སྟབས། ད་ནས་བཟུང་ང་ཚོས་གནད་དོན་དེར་བརྟག་དཔྱད་ཡག་པོ་བྱས་ཏེ་མ་འོངས་པར་གནས་ཚུལ་དེ་རིགས་མ་འཐོན་པ་བྱ་རྒྱུ་ཡིན”ཞེས་བརྗོད་འདུག

ཁོ་མོས་བྷར་ཛིལ་གྱི་གྲོས་ཚོགས་ནང་གཏམ་བཤད་བྱས་དོན། “ངས་མི་གཞན་ལས་ལྷག་པ་བྷར་ཛིལ་གྱི་དཔལ་འབྱོར་ཡར་རྒྱས་འགྲོ་དགོས་པ་ཤེས་ཀྱིན་ཡོད་སྟབས། དང་པོ། གཞུང་གི་རྩིས་ཁྲའི་མ་ལག་ཡོངས་རྫོགས་བསྐྱར་བཅོས་བྱས་ཏེ་རྒྱལ་ནང་གི་ཐོན་ཁུངས་འཕེལ་རྒྱས་བཏང་སྟེ། གཏན་འཇགས་མ་དངུལ་གསོག་འཇོག་གང་ཐུབ་བྱ་རྒྱུ་དང་། གཉིས་པ། རྒྱལ་སྤྱིའི་ཁེ་ལས་ཆེ་ཁག་གིས་བྷར་ཛིལ་ནང་མ་འཛུགས་འཇོག་རྒྱུ་སྐུལ་སློང་དང་རྒྱལ་ཁབ་ནང་ཁེ་ལས་དང་བཟོ་གྲྭ་གང་མང་གསར་འཛུགས་བྱས་ཏེ། ལས་མེད་ཚོར་ལས་ཀ་རག་པ་བྱས་ནས་རྒྱལ་ནང་གི་མི་རྒྱུའི་ཐོན་ཁུངས་འཕེལ་རྒྱས་ཡོང་རྒྱུ་ཡིན”ཞེས་བརྗོད་འདུག

༢༠༠༢ ལོ་ནས་བཟུང་ལྕམ་ཌིལ་མཱ་རོབ་སི་ཧྥི་མཆོག་བྷར་ཛིལ་གྱི་ནུས་ཁུངས་ལས་དོན་ལྷན་ཁང་གི་བློན་ཆེན་ལོ་གསུམ་རིང་བྱས་རྗེས། ༢༠༠༥ ལོར་བྷར་ཛིལ་གྱི་སྲིད་འཛིན་ལེ་ཝུ་ཛེ་ (Luiz Inácio Lula da Silva) ལ་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་བྱུང་སྟེ་གནས་དབྱུང་བཏང་བའི་ཚབ་ཏུ་བསྐོ་བཞག་བྱས་ཡོད་ཀྱང་། ཁོ་མོས་ ༢༠༡༠ ལོའི་སྲིད་འཛིན་འོས་བསྡུར་བཞུགས་ཆེད་ལས་གནས་ནས་དགོངས་པ་ཞུས་ཡོད་ཅིང་། ༢༠༡༠ ལོའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་བརྒྱ་ཆ་ ༦༠ བརྒལ་བ་ཐོབ་སྟེ་བྷར་ཛིལ་ལོ་རྒྱུས་ཁྲོད་ཀྱི་བུད་མེད་སྲིད་འཛིན་ཐོག་མ་དེ་ཆགས་ཡོད།

༢༠༡༤ ལོའི་ཟླ་ ༢ ནང་བྷར་ཛིལ་ཆེས་མཐོའི་ཁྲིམས་ཁང་གིས་ཆབ་སྲིད་པ་དང་ཁེ་ལས་པ་གཙོས་གཞུང་གི་གནད་ཡོད་མི་སྣ་མང་པོ་ཞིག་གིས་བྷར་ཛིལ་གྱི་པེ་ཌོར་བྷར་སི་རྡོ་སྣུམ་ཁེ་ལས་ (Petrobras) ནས་ཨ་སྒོར་ཐེར་འབུམ་ ༣ ལྐོག་ཟ་བྱས་ཡོད་པ་ཕྱིར་བསྒྲགས་བྱས་ཡོད་ཅིང་། རྡོ་སྣུམ་ཁེ་ལས་ཀྱི་འགན་འཛིན་ཟུར་བ་གཉིས་དང་ས་ཁང་ཐོན་ལས་ཀྱི་ཁེ་ལས་པ་བརྒྱད། ཆབ་སྲིད་པ་དང་སྲི་ཞུ་བ་ཁག་ཅིག་བཅས་ཁྱོན་མི་ ༣༩ འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བཏང་ཡོད་སྟབས། སྐབས་དེར་གསར་ལམ་ཁག་ཅིག་གིས་ལྕམ་ཌིལ་མཱ་རོབ་སི་ཧྥི་མཆོག་གིས་ཀྱང་ལྐོག་ཟ་བྱས་ཡོད་པའི་ནག་ཉེས་བཙུགས་ཡོད་ཀྱང་། ཁོ་མོས་གནད་དོན་དེ་དང་འབྲེལ་བ་གང་ཡང་མེད་སྐོར་གསལ་བཤད་བྱས་ཡོད། 

ཁ་སང་བྷར་ཛིལ་གྱི་སྤྱི་ཚོགས་རིང་ལུགས་ཚོགས་པའི་གྲོས་ཚོགས་འཐུས་མི་ཨལ་ཧྥར་ཌོ་ (Alfredo Sirkis) ཡིས་རོའུ་ཌར་གསར་ལམ་ཐོག་བརྗོད་དོན། ད་ལྟ་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་སེལ་ཐུབ་མེད་པ་མ་ཟད། རྒྱལ་ནང་གི་དཔལ་འབྱོར་འཕེལ་ཚད་འགོར་པོ་ཡིན་སྟབས། ལོ་འདིའི་ནང་སྲིད་འཛིན་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་ཞེས་དང་། བྷར་ཛལ་གྱི་དམངས་གཙོ་ལས་འགུལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཨེ་ཌོར་ཌོ་ (Eduardo Cunha) ཡིས། ད་ཐེངས་གྲོས་ཚོགས་ཚོགས་སྐབས་པེ་ཌོར་བྷར་སི་རྡོ་སྣུམ་ཁེ་ལས་ཀྱི་ལྐོག་ཟ་རུལ་སུངས་དོན་རྐྱེན་དེ་གླེང་སློང་བྱས་ནས་གཞུང་གི་གང་འདྲ་བྱེད་རྩིས་ཡོད་མེད་མང་ཚོགས་ཚོས་ཤེས་རྟོགས་ཐུབ་པ་བཟོ་རྒྱུ་ཡིན་ཞེས་བརྗོད་འདུག

ཁ་སང་ལྕམ་ཌིལ་མཱ་རོབ་སི་ཧྥི་མཆོག་གིས་སྲིད་འཛིན་གྱི་ལས་འཁུར་ཞུས་རྗེས། ཨ་རིའི་སྲིད་འཛིན་གཞོན་པ་ཇཱོ་བྷེ་ཌིན་མཆོག་ཐུག་སྟེ། རྒྱལ་ཁབ་གཉིས་བར་རྒྱལ་སྤྱི་རྒྱལ་ནང་གི་གནད་དོན་དང་ཚོང་དོན་ཐོག་མཉམ་ལས་བྱེད་ ཕྱོགས་ཐད་གྲོས་མོལ་བྱས་ཡོད་པ་མ་ཟད། ཇཱོ་བྷེ་ཌིན་གྱི་སྲིད་འཛིན་ཨོ་བྷ་མའི་ཚབ་བྱས་ནས་ཁོ་མོར་འཚམས་འདྲི་ཞུས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༥ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese