མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་སའི་དབུ་མ་གླིང་དྲ་ཐོག་ཚོང་ལས་སྡེ་ཚན་སྒོ་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྔོན་ཆད་རྒྱ་གར་གྱི་ཚོང་ལས་སྡེ་ཚན་ཞིག་དང་དཔལ་འབྱོར་ལས་ཁུངས་གཉིས་མཉམ་འབྲེལ་ཐོག་བཙུགས་པའི་དབུ་མ་གླིང་དྲ་ཐོག་ཚོང་ལས་སྡེ་ཚན་གྱི་སྦྱིན་བདག་བར་རྙོག་གྲ་ཞིག་བྱུང་བར་བརྟེན་ཏེ་བདུན་ཕྲག་སྔོན་མའི་ནང་ལས་ཁུངས་དེ་སྒོ་རྒྱག་དགོས་བྱུང་ཡོད་འདུག

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་དང་རྒྱ་གར་གྱི་ཁེ་ལས་སྡེ་ཚན་ཆེ་གྲས་ཨོ་ཀེ་སི་(OKS)ཞེས་པའི་ཚོགས་པ་གཉིས་མཉམ་འབྲེལ་ཐོག བོད་རིགས་གཞོན་སྐྱེས་ཚོར་ལས་ཀ་རག་ཐབས་སུ་དམིགས་ཏེ་ ༢༠༡༣ ཟླ་ ༨ ཚེས་ ༡༤ ཉིན་ངྷ་སྟེང་བོད་ཁྱིམ་བཟོ་གྲྭའི་ཉེ་འཁྲིས་སུ། དབུ་མ་གླིང་དྲ་ཐོག་ཚོང་ལས་སྡེ་ཚན་(Uma Ling Technical Solutions)ཞེས་པ་ཞིག་གསར་འཛུགས་གནང་ཡོད་ཅིང་། དེ་ནི་རྒྱ་གར་དང་ཕྱི་རྒྱལ་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་དྲ་ཐོག་ཚོང་ལས་སྡེ་ཚན་ (Call center)ཞེས་པ་དང་འདྲ་བའི་ལས་གཞི་ཞིག་ཡིན་ཡང་། ལས་གཞི་དེ་ལོ་གཅིག་དང་ཕྱེད་ཙམ་ལས་ཕྱིན་མེད་པར་ཟླ་འདིའི་ཚེས་ ༢ ཉིན་སྒོ་རྒྱག་དགོས་བྱུང་ཡོད་འདུག

རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་དེ་ཐོག་མ་མགོ་འཛུགས་སྐབས། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱིས་ས་ཆ་འཚོལ་རྒྱུ་དང་ལས་མི་འཚོལ་བསྡུའི་འགན་འཁུར་རྒྱུ་དང་། རྒྱ་གར་ཨོ་ཀེ་སི་ཚོགས་པས་ལས་མི་འདེམ་སྒྲུག་དང་གླ་ཕོགས་སྤྲོད་རྒྱུ་སོགས་ཀྱི་འགན་གཙོ་བོ་འཁུར་རྒྱུ་བྱས་ཡོད་འདུག ཨ་རི་བ་ལྕམ་སྐུ་ཌེ་བྷོ་ར་ཨ་ཀར་(Dr. Deborah Akers)ལགས་ཀྱིས་འབྲེལ་མཐུད་གནང་རྒྱུ་བཅས་ཀྱི་བཀོད་སྒྲིག་ཡོད་འདུག

ཚོགས་པ་འདིའི་ནང་ལས་ཀ་བྱེད་བར་ལག་འཁྱེར་སོགས་ཀྱི་ཆ་རྐྱེན་མད་པར་དབྱིན་སྐད་གང་འཚམ་ཤེས་ན་འགྲིག་གི་ཡོད་པ་དང་། འདིར་ཉིན་ལས་དང་མཚན་ལས་བྱེད་མཁན་གཉིས་ཡོད་ཅིང་། ཉིན་ལས་བྱེད་མཁན་ཚོར་ཟླ་ཕོགས་ ༦༥༠༠ དང་། མཚན་ལས་བྱེད་མཁན་ཚོར་ཟླ་ཕོགས་ ༨༠༠༠ ནས་ ༩༠༠༠ བར་ཡོད་འདུག་ལ། ཉམས་མྱོང་ཡོད་མཁན་ཡིན་ཚེ་སྒོར་ ༥༠༠ འཕར་མ་སྤྲོད་བཞིན་ཡོད་འདུག ལས་གཞི་འདི་མགོ་འཛུགས་སྐབས་ལས་ཀ་བྱེད་མཁན་གཞོན་སྐྱེས་ ༤༥ ཙམ་ཡོད་ཀྱང་། ཕྱིས་སུ་རིམ་པས་ཇེ་ཉུང་དུ་ཕྱིན་ཏེ་ཉེ་ལམ་སྒོ་རྒྱག་ལས་ཀ་བྱེད་མཁན་ ༩ ལས་ལྷག་མི་འདུག

ཚོགས་པའི་ལས་འཆར་དོ་དམ་པ་བསྟན་འཛིན་དར་རྒྱས་ལགས་ཀྱིས་བརྗོད་པ་ལྟར་ན། ལས་གཞི་འདིའི་འགྲོ་སོང་ལྡི་ལིར་ཡོད་པའི་ཨོ་ཀེ་སི་(OKS)ཞེས་པའི་བཟོ་གྲྭའི་བདག་པོ་ཝུཎོ་ཌ་ཁཱ་ཎཱ་ཡིས་བརྒྱ་ཆ་ ༥༡ དང་། དྷ་རམ་ས་གནས་སྡོད་ན་རོ་ཏམ་ས་ཡལ་(Mr. Narotam Sayal)ལགས་ཀྱིས་བརྒྱ་ཆ་ ༤༩ ཡིས་མ་འཇོག་བྱས་ཏེ་མགོ་འཛུགས་བྱས་ཡོད་ཀྱང་། རྗེས་སུ་ན་རོ་ཏམ་ས་ཡལ་ལགས་དང་ཝུཎོ་ཌ་ཁཱ་ཎཱ་ལགས་རྣམ་གཉིས་འཆམ་མིན་གྱི་གནས་ཚུལ་ཞིག་བྱུང་བ་དང་། ཨོ་ཀེ་སི་ཡིས་དྷ་སའི་ལས་གཞི་དེའི་ས་ཆ་བརྗེ་བོ་རྒྱག་འཆར་ཡོད་ཀྱང་དུས་ལྟར་ལམ་ལྷོངས་མ་བྱུང་བ་བཅས་ལ་བརྟེན་ཏེ་ཟླ་འདིའི་ཚེས་ ༢ ཉིན་སྒོ་རྒྱག་དགོས་བྱུང་ཡོད་འདུག

འདི་གའི་གསར་འགོད་པས་ཚེས་ ༡༣ ཉིན་དྲ་ཐོག་ཚོང་ལས་སྡེ་ཚན་གྱི་ལས་འཆར་དོ་དམ་པ་ (Team leader) བསྟན་འཛིན་དར་རྒྱས་ལགས་སུ་ལས་ཁུངས་སྒོ་རྒྱག་དོན་གང་ཡིན་སྐོར་དྲིས་པར། ཁོང་གིས། སྤྱིར་བཏང་ཚེས་ ༡ ཉིན་ལས་ཁུངས་སྒོ་བརྒྱབ་ཚར་ཡོད་ཀྱང་། ཚེས་ ༢ ཉིན་ལྡི་ལི་ནས་ང་ཚོའི་ལས་གཞི་ལ་བདག་པོ་རྒྱག་མཁན་ཞིག་དང་འཕྲུལ་ལས་པ་ཞིག་ཡོང་ནས་ལས་བྱེད་ཚོ་བསྐྱར་དུ་བསྐོངས་ཏེ། དབུ་མ་གླིང་ཚོགས་པ་དངོས་སུ་སྒོ་རྒྱག་རྒྱུ་ཡིན་ཟེར་ནས་སྒོ་བརྒྱབ་སོང་། དེ་ལྟར་སྒོ་རྒྱག་དོན་གཙོ་བོ་གཅིག་ནི་ལས་གཞི་འདིར་བདག་པོ་གཉིས་ཡོད་ཅིང་། གཅིག་གི་མིང་ལ་ན་རོ་ཏམ་ས་ཡལ(Mr. Narotam Sayal) ཞུ་གི་ཡོད་པ་དང་། གཞན་དེའི་མིང་ལ་ཝུཎོ་ཌ་ཁཱ་ཎཱ་ཞུ་བ་རྒྱ་གར་གྱི་ཚོང་ལས་སྡེ་ཚན་ཨོ་ཀེ་སི་(OKS) ཚོགས་པའི་བདག་པོ་ཡིན་པ་མ་ཟད། ང་ཚོའི་ལས་ཀའི་གྲུབ་འབྲས་ཚང་མ་ཁོ་ཚོས་སྟངས་འཛིན་བྱེད་ཀྱི་ཡོད། སྔོན་མ་དབུ་མ་གླིང་མགོ་འཛུགས་སྐབས་ན་རོ་ཏམ་ས་ཡལ་གྱི་མ་འཇོག་བརྒྱ་ཆ་ ༤༩ དང་། ཝུཎོ་ཌ་ཁཱ་ཎཱ་ཡིས་བརྒྱ་ཆ་ ༥༡ བྱས་ཡོད་སྟབས། ཁོ་གཉིས་བར་ལ་རྙོག་གྲ་ཞིག་ཡོང་གི་ཡོད་ས་རེད། དེ་མཐོ་རིམ་བར་གྱི་སྐད་ཆ་ཞིག་ཡིན་སྟབས་ང་ཚོས་དྲང་པོ་ཡིན་མིན་ཤེས་ཀྱི་མི་འདུག ཡིན་ཡང་ང་ཚོས་བོད་ཕྲུག་ཁྱིམ་སྡེ་ལ་ཟླ་གསུམ་རེར་ས་ཆའི་འགན་རྒྱ་འཇོག་དགོས་སྟབས། སྐབས་དེར་ངའི་མཐོ་རིམ་མི་སྣ་རེ་ཌེ་ཤཱི་ཅཱོ་ཌི་རེ་ཡིས་བོད་ཕྲུག་ཁྱིམ་སྡེར་ས་ཆ་བརྗེ་པོ་རྒྱག་འཆར་ཡོད་པའི་ཡི་གེ་ཞིག་བཏང་ཡོད་ཀྱང་། ས་ཆ་བརྗེ་པོ་རྒྱག་རྒྱུའི་འཆར་གཞི་དག་ལམ་ལྷོངས་མ་བྱུང་སྟབས། ཟླ་ ༢ ཚེས་ ༢ ཉིན་སྒོ་རྒྱག་རྒྱུའི་གསལ་བསྒྲགས་སྦྱར་བ་ལྟར་སྒོ་བརྒྱབ་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པས་དབུ་མ་གླིང་ཚོང་འབྲེལ་ལས་ཁང་དུ་ལོ་གཅིག་མ་ཟིན་ཙམ་རིང་ལས་ཀ་བྱས་མྱོང་མཁན་བསྟན་འཛིན་འཛོམས་པ་ལགས་སུ་བཅར་འདྲི་ཞུས་པར། ཁོ་མོས། ང་ཚོའི་ལས་ཁུངས་ནང་ཉིན་མོ་དང་མཚན་ལས་བྱེད་མཁན་བཅས་རིགས་གཉིས་ཡོད་ཅིང་། ཉིན་ལས་བྱེད་མཁན་ཚོས་དྲ་ཐོག་བརྒྱུད་རྒྱལ་སྤྱི་རྒྱལ་ནང་གི་ཁེ་ལས་ཁག་གི་རྐང་འཛིན་པ་དང་འགན་འཁུར་མི་སྣ། ཁོ་ཚོ་དང་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་དང་ངོ་བོ། རྒྱལ་ཁབ་ག་པར་གསར་འཛུགས་བྱས་པ་དང་ད་ལྟ་ག་པར་གནས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱེད་དགོས་པ་དང་། མཚན་ལས་བྱེད་མཁན་ཚོས་དངོས་སུ་ཁ་པར་བཏང་སྟེ་གོང་གི་སྡེ་ཚན་དེ་དག་གི་འགན་འཁུར་མི་སྣ་དང་ལས་བྱེད་ཚོར་སྐད་ཆ་དྲིས་ནས་གསལ་པོ་བཟོས་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

བསྟན་འཛིན་འཛོམས་པ་ལགས་སུ་ཐོག་མར་དབུ་མ་གླིང་ལ་འཛུལ་སྐབས་དམིགས་ཡུལ་གང་ཡོད་དང་། འཛུལ་བཞུགས་རྗེས་ཉམས་མྱོང་གང་བྱུང་ཡོད་མེད་དྲིས་པར། ཁོ་མོས། ད་ལྟ་རྒྱ་གར་ནང་ཁ་པར་བརྒྱུད་འབྲེལ་གྱི་ལས་ཀ་(Call center) བྱེད་ས་མང་པོ་ཡོད་པ་ལྟར། ངས་ལོ་གཅིག་ལྷག་ལྡི་ལིར་ལས་ཀ་བྱས་མྱོང་ཡོད་ཀྱང་། སྤྱི་ཚོགས་ནང་དྷ་རམ་ས་ལར་གསར་འཛུགས་བྱས་པའི་དབུ་མ་གླིང་ནི་བོད་མིའི་སྒྲིག་འཛུགས་ངོས་ནས་མགོ་བཙུགས་གནང་བ་ཞིག་ཡིན་སྟབས་འཛུལ་ཞུགས་བྱས་པ་ཡིན། ལས་ཀ་དེར་ཞུགས་ཏེ་མི་ལ་འབྲེལ་བ་བྱེད་ཕྱོགས་དང་ཚོང་གི་སྐོར་ནས་མི་འགུག་སྟངས་སོགས་ཀྱི་ཐོག་ཉམས་མྱོང་མང་པོ་ཞིག་རེག་སོང་། ཞེས་བརྗོད་བྱུང་།

གསར་འགོད་པས་ཁོ་མོར་ད་ལྟ་ལས་ཁུངས་སྒོ་བརྒྱབ་ཡོད་སྟབས། ཁྱེད་རང་གཙོས་ལས་བྱེད་གཞན་ཚོར་དཀའ་ངལ་དང་ཚོར་བ་འདྲ་པོ་ག་རེ་བྱུང་དྲིས་པར། ཁོ་མོས། སྔོན་མ་ལས་ཀ་མཉམ་དུ་བྱས་པ་མ་ཟད། ཁོར་ཡུག་དང་རོགས་པ་དག་ཀྱང་མཐུན་པོ་ཆགས་ཡོད་སྟབས། ཧོབ་དེ་ཁ་ལ་སྒོ་རྒྱག་སྐབས་ཚང་མ་ཧང་སང་དགོས་པ་བྱུང་ཡོད་ལ་སེམས་སྐྱོ་དགོས་པ་ཞིག་ཆགས་ཡོད། གང་ཡིན་ཞེ་ན། ལས་ཀ་འདི་མེད་པ་ཆགས་ནས་གཞན་ཞིག་འཚོལ་དགོས་ན་གནས་སྐབས་རིང་ལས་མེད་འདྲ་པོ་ཆགས་ཡོད་པ་རེད། ཡིན་ནའང་ལས་ཁུངས་ཟླ་འདིའི་ཚེས་ཤར་ལ་སྒོ་བརྒྱབ་ཡོད་ཀྱང་། ཟླ་འདིའི་ཟླ་ཕོགས་ཆ་ཚང་སྤྲད་སོང་། དེ་མ་གཏོགས་ཁྱིམ་ཚང་ཡོད་མཁན་ཚོར་དཀའ་ངལ་འཕྲད་ངེས་རེད། ཅེས་བརྗོད་བྱུང་། ༢༠༡༣ ལོའི་ཟླ་ ༨ ཚེས་ ༡༤ ཉིན་དབུ་མ་གླིང་གསར་འཛུགས་སྒོ་འབྱེད་སྐབས། སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ཡོད་པ་དང་། དེ་བཞིན། ཕྱི་དྲིལ་བཀའ་བློན་དང་བདེ་སྲུང་བཀའ་བློན། ཆོས་རིག་བཀའ་བློན། འཕྲོད་བསྟེན་བཀའ་བློན། བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་བཅས་ཕེབས་ཡོད།

དབུ་འབྱེད་མཛ་སྒོའི་སྟེང་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གཏམ་བཤད་གནང་དོན། “དབུ་མ་གླིང་ཚོང་འབྲེལ་ལས་རིགས་ཁང་འདི་དྷ་སར་གསར་འཛུགས་གནང་བ་བརྒྱུད་བོད་མི་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་འཐོབ་རྒྱུ་དང་། དྷ་ས་ཙམ་མིན་པར་ས་གནས་གཞན་དུའང་དེ་བཞིན་འཛུགས་ཐུབ་རྒྱུའི་རེ་བ་ཡོད། བཀའ་ཤག་སྐབས་བཅུ་བཞི་པས་དབུ་མ་གླིང་ཚོང་འབྲེལ་ལས་རིགས་ཁང་དྷ་སར་འཛུགས་ཐུབ་པ་ནི་ཧ་ཅང་གལ་ཆེར་ངོས་འཛིན་བྱེད་བཞིན་ཡོད། དབུ་མ་གླིང་ཚོང་འབྲེལ་ལས་རིགས་ཁང་གི་ལས་གཞི་འདི་བཞིན་ཐོག་མའི་འཆར་གཞིའི་སྐབས་དབུ་མ་གླིང་ཚོང་འབྲེལ་ལས་རིགས་ཁང་གི་འགན་འཛིན་སྐུ་ཞབས་ན་རོ་ཏམ་ས་ཡལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གྲོས་མོལ་རིམ་པ་བྱུང་ཡོད། ད་ཐེངས་ལས་གཞི་འདིའི་འོག་བོད་མི་གཞོན་སྐྱེས་སྤྱི་དང་ལྷག་པར་བོད་ནས་གསར་དུ་འབྱོར་བའི་གཞོན་སྐྱེས་རྣམས་རྒྱ་གར་གྲོང་ཁྱེར་ལྡི་ལི་དང་སྦེང་ལོར་སོགས་ནང་ལས་ཀ་འཚོལ་ཆེད་འགྲོ་མི་དགོས་པར་དྷ་སའི་ཁོར་ཡུག་ནང་གནས་ནས་ལས་ཀ་རག་ཐུབ་རྒྱུའི་ཆ་རྐྱེན་བསྐྲུན་ཡོད”ཅེས་སོགས་གསུངས་འདུག

གསར་འགོད་པས་དཔལ་འབྱོར་ལས་ཁུངས་ལ་བཀའ་འདྲི་ཞུས་པར། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས། ང་ཚོས་ཨོ་ཀེ་སི་(OKS) ཚོང་ལས་ཁང་ལ་ཚོགས་པ་དེ་འདྲ་ཞིག་འཛུགས་རོགས་ཞུས་པ་ལྟར་བཙུགས་ཡོད་པ་མ་ཟད། ཚོགས་པ་དེས་བོད་པའི་གཞོན་སྐྱེས་ལས་མེད་ཚོར་ལས་ཀ་སྤྲོད་ཀྱིན་ཡོད་སྟབས། ང་ཚོས་རོགས་རམ་དང་མཐུན་རྐྱེན་གང་དགོས་ཞུས་པ་རེད་མ་གཏོགས་ཚོང་གང་ཡང་རྒྱག་གི་ཡོད་པ་མ་རེད། ཡིན་ཡང་ད་ལྟ་ང་ཚོས་ཚོགས་པ་དེ་སྒོ་རྒྱག་དགོས་དོན་སྐོར་བཀའ་མོལ་ཞུ་བཞིན་པ་ཡིན་སྟབས། གནས་སྟངས་གསལ་བོ་ཞིག་ད་ལྟ་ཞུ་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༩ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༡༠ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཆུ་ཚོད་ ༡༠ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

༢༠༢༦/༠༥/༠༦
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥

མཆན། 3

  1. མགོ་ལོག་ཟླ་བྷེ། says:
    ལོ་ 11 སྔོན།

    བཀུར་འོས་གསར་འགོད་པ་རྣམ་པ་ལགས་སུ་ཞུ་རྒྱུར། ཁྱེད་ལས་ཁུངས་དང་མི་སྒེར་བ་བཅས་ཀྱིས་བོད་རང་གི་སྐད་ཡིག་ཐོག་ནས་སྤྱི་ཚོགས་ལ་ཞབས་ཞུ་ཤིན་ཏུ་མང་པོ་མཛད་ཡོད་པས་རྗེས་སུ་ཡི་རངས་དང་བཀའ་དྲིན་ཆེ་ཞུ་བ་དང་སྦྲགས་ཞུ་བྱ་ཆུང་ཆུང་ཞིག་ཡོད་པ་ནི།
    མཚམས་ལ་ལར་ཐ་སྙད་བེད་སྤྱོད་བྱེད་སྟངས་དཔེར་ན། གང་ཟག་གསུམ་པ་ལ༼ཁོ་བོ༽དང་༼ཁོ་མོ༽། ༼ཁོ་བོས༽ དང་༼ཁོ་མོས༽ཟེར་གྱིན་འདུག དེ་ནི་བརྗོད་པ་པོ་རང་ལ་གོ་དགོས་པ་ཞིག་རེད། གང་ཟག་གསུམ་པ་ལ༼ཁོ༽དང་༼མོ༽།༼ ཁོས༽དང་༼མོས༽ཟེར་དགོས། དེ་ནི་སྔོན་བྱོན་མཁས་དབང་དག་གི་གསུང་རྩོམ་ལ་གཟིགས་ན་གསལ། དེང་གི་ཚིག་མཛོད་ཁ་ཤས་ཀྱི་ནང་ན་མ་དག་རྒྱུན་འབྱམས་སུ་སོང་ཡོད་པ་དག་ལ་ཡིད་རྟོན་མཛད་མི་རུང་།

    Reply
  2. དགྲ་བཅོམ་པ། says:
    ལོ་ 11 སྔོན།

    བོད་གཞུང་དང་དཔལ་འབྱོར་ལས་ཁུངས་སྐུ་མཁྱེན། ལས་དོན་ལམ་ལྷོང་མ་བྱུང་བར་སྒོ་རྒྱག་དགོས་ཐུག་ཡོང་སྐབས་གཡོལ་ཐབས་མ་གནང་རོགས། མུ་མཐུད་དུ་འགན་འཁུར་ཏེ་ཤུགས་བསྐྱོན་གནང་རོགས། བོད་རིགས་གཞོན་སྐྱེས་ལས་མེད་ཚོའི་ཆེད་དུ་ལས་ཁུངས་དེ་བསྐྱར་དུ་སྒོ་འབྱེད་གནང་སྟེ་ལས་ཀ་མུ་མཐུད་འགྲོ་ཐུབ་ཐབས་ལ་འབད་བརྩོན་གནང་རོགས།
    ལས་ཁུངས་འདི་ཐོག་མ་མགོ་འཛུགས་བྱེད་སྟངས་དང་སྲིད་སྐྱོང་མཆོག་གི་གསུངས་སྟངས་སོགས་ལ་བལྟས་ཡོང་ན་ལས་འཆར་འདི་ལ་བོད་གཞུང་གིས་ཐོག་མ་རེ་བ་ཆེན་པོ་ཞིག་བརྒྱབ་ཡོད་པ་རྟོགས་ཐུབ་ཀྱི་འདུག་ཀྱང་བར་ལམ་རྐྱེན་ངན་སྟབས་མ་ལེགས་པར་སྒོ་རྒྱག་དགོས་བྱུང་བར་བློ་ཕམ་ཆེན་པོ་ཡོད།

    Reply
  3. གངས་ཕྲུག says:
    ལོ་ 11 སྔོན།

    ཐོག་མར་བཙན་བྱོལ་སྒྲིག་འཛུགས་དང་ཚོགས་པ་ཞིག་གྲོས་མཐུན་གནང་ནས་བཙུགས་པའི་ཁེ་ལས་ཁང་དེ་འདྲ་ཞིག་སྒྲིག་འཛུགས་མི་ཤེས་པར་གོ་བརྒྱབས་པ་འདིས་འགན་བཞེས་ཚོས་ཐུད་ཚང་གི་ཕྱག་ལས་གནང་གི་མེད་པའི་རྟགས་མཚན་གསལ་པོ་རེད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese