མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་ཟུར་པ་ཞིག་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༥/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་གར་གྱི་ཁྱིམ་མཚེས་ཁ་ཆེའི་རྒྱལ་ཁབ་མལ་ཌེབ་སི་གཞུང་གིས་སྲིད་འཛིན་ཟུར་པ་ཎ་ཤཱེ་ཌ་ལ་ཁ་ཆེ་དྲག་སྤྱོད་པར་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་གློ་བུར་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་འདུག 

ཁ་སང་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་མལ་ཌེབ་སི་(Maldives)གཞུང་གིས། དེ་སྔའི་སྲིད་འཛིན་ཟུར་པ་དང་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཎ་ཤཱེ་ཌ་ (Mohamed Nasheed) ཡིས། ཁ་ཆེ་དྲག་སྤྱོད་པ་དང་ལྐོག་འབྲེལ་བྱས་ཏེ་རྒྱལ་ཁབ་དང་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ་དང་། ཁོས་དེ་སྔོན་གཞུང་སྐྱོང་བྱེད་སྐབས་རྒྱལ་ཡོངས་ཉེས་དོན་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་ཨབ་དྷུ་ལ་གྷ་ཛི་ (Abdulla Ghazi)ལ་ནག་ཉེས་མེད་བཞིན་དུ་འཛིན་བཟུང་བྱས་པ་བཅས་ཀྱི་ཉེས་འཛུགས་འོག་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་འདུག

མལ་ཌེབ་སི་རྒྱལ་ཁབ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱ་གར་རྒྱ་མཚོ་དང་ཨ་རབ་རྒྱ་མཚོ་གཉིས་བར་གྱི་གླིང་ཕྲན་སྟེང་ཆགས་ཡོད་པའི་མི་འབོར་འབུམ་ ༤ ཡས་མས་ལས་མེད་པའི་ཁ་ཆེའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲོམ་གཞི་དེ་སྤྱི་མཐུན་ལམ་ལུགས་(Republic)ཡིན་འདུག

ཁ་སང་ཎ་ཤཱེ་ཌ་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་འཁྲིད་འགྲོ་སྐབས་ཁོས་མལ་ཌེབ་སི་ཡི་བརྒྱུད་ལམ་ཁག་ཏུ། “མལ་ཌེབ་སི་མི་མང་ཚོས་གཞུང་གིས་ང་དང་ཆབ་སྲིད་པ་གཞན་དག་འཇུ་བཟུང་བྱ་རྒྱུ་མཚམས་འཇོག་བྱས་ཏེ། རྒྱལ་ཁབ་སྲུང་སྐྱོབ་བྱེད་དགོས། གལ་སྲིད་ང་ཚོས་དམངས་གཙོའི་ལམ་ལུགས་འདི་སྲུང་མ་ཐུབ་པར་མེད་པ་ཆགས་ཚེ། མ་འོངས་པར་ང་ཚོར་གང་ཡང་མེད་པ་ཆགས་རྒྱུ་རེད”ཅེས་བརྗོད་འདུག

མལ་ཌེབ་སིའི་ཁ་ཆེའི་གནད་དོན་བློན་ཆེན་ཨཱ་ལི་སཱ་ཌི་ (Mohamed Shaheem Ali Saeed) ཡིས། “ཎ་ཤཱེ་ཌར་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པས་རྒྱབ་སྐྱོར་འོག་ཁོས་རྒྱལ་ཡོངས་ནང་དྲག་སྤྱོད་ལས་འགུལ་སྤེལ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་གཞན་དུ་ཉེན་ཡོལ་འགྲོ་རྩིས་བྱེད་ཀྱིན་ཡོད་སྟབས་འཇུ་བཟུང་བྱས་པ་རེད། དེ་རིང་ཁྲིམས་རའི་ཐོག་ཁོས་དེ་སྔོན་རྒྱལ་ཡོངས་ཉེས་དོན་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་འཇུ་བཟུང་བྱས་པ་མ་ཟད། ཆེས་མཐོའི་ཁྲིམས་ཁང་གིས་བཀའ་ལ་བརྩི་སྲུང་མ་བྱས་པར་ཁྲིམས་ཞིབ་པ་ཆེན་མོ་དུས་ཐོག་ཀློད་གྲོལ་མ་བཏང་བ་སོགས་ཀྱི་ནག་ཉེས་ར་སྤྲོད་བྱུང་ཚེ། ཁོ་ལ་ལོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་ཕོག་རྒྱུ་རེད”ཅེས་བརྗོད་འདུག

བདུན་ཕྲག་སྔོན་མའི་ནང་ཎ་ཤཱེ་ཌ་ལགས་སུ་དབྱིན་ཡུལ་གྱི་གསར་ལམ་གྷར་ཌིན་གྱི་བཅར་འདྲི་བྱས་སྐབས་ཁོས་ད་ལྟ་མལ་ཌེབ་སིའི་གཞུང་འཛིན་ཚོགས་པས་དབང་ཆ་སྒེར་གཅོད་བྱས་ཏེ་མང་ཚོགས་ལ་དཀའ་ངལ་བཟོ་བཞིན་ཡོད་སྟབས། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དཔལ་འབྱོར་གྱི་ཉེས་ཆད་གཏོང་དགོས་སྐོར་བརྗོད་ཡོད་པ་དང་། ཡུལ་སྐོར་སྤྲོ་འཆམ་པ་ཚོས་མལ་ཌེབ་སི་ཡུལ་ལྗོངས་དང་མཚོ་ངོགས་ཀྱི་མཛེས་སྡུག་ཁོ་ནར་མ་རོལ་བར། རྒྱལ་ཁབ་ཀྱི་གནས་སྟངས་གང་ཆགས་ཕྱིར་བསྒྲགས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། རྒྱ་གར་གྱི་གསར་ལམ་ཁག་གིས་བཅར་འདྲི་བྱེད་སྐབས་ཀྱང་ཁོས། ད་ལྟའི་གཞུང་འཛིན་ཚོགས་པས་བདེ་སྲུང་བློན་ཆེན་གནས་དབྱུང་དང་། ཕྱོགས་འགལ་ཚོགས་པ་མང་པོ་ཞིག་གི་མགོ་ཁྲིད་འཇུ་བཟུང་བྱས་ཡོད་པ་མ་ཟད། ཁོ་རང་ཡང་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་བརྗོད་པ་དང་། རྒྱ་གར་གཞུང་ཕྱོགས་ནས་མལ་ཌེབ་སི་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་སྟབས། ཟླ་འདིའི་ཚེས་ ༢༢ ཉིན་མལ་ཌེབ་སི་སྲིད་འཛིན་གྱི་མགྲིན་ཚབ་པ་མུ་ཛ་ཌེ་ཨ་ལི་ (Ibrahim Muaz Ali) ཡིས། ང་ཚོས་དབང་ཆ་གཅིག་བསྡུས་བྱེད་མི་རུང་བ་མ་ཟད། དེ་ལས་ལྡོག་སྟེ་འཛིན་སྐྱོང་དང་། ཁྲིམས་བཟོ་ལྷན་ཁང་། ཁྲིམས་ཞིབ་ཁང་བཅས་ཀྱི་དབང་ཆ་ལོགས་སུ་དབྱེ་ནས་གྲོས་ཚོགས་ལམ་ལུགས་ཐོག་སྐྱོད་བཞིན་ཡོད། དམངས་གཙོའི་རྒྱལ་ཁབ་ནང་འོས་བསྡུ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད། གྲོས་ཚོགས་འཐུས་མི་མང་ཆེ་བ་གཞུང་འཛིན་ཚོགས་པའི་འཐུས་མི་ཆགས་ཡོད་སྟབས། ང་ཚོས་ལས་དོན་ག་རེ་ཐག་གཅོད་དང་ལག་བསྟར་བྱས་ཀྱང་རྩ་ཁྲིམས་གཞིར་བཞག་བྱེད་ཀྱིན་ཡོད་ཅེས་བརྗོད་འདུག

ཨབ་དྷུལ་གྷ་ཡོམ་(Mamoun Abdul Gayoom) གྱིས་མལ་ཌེབ་སི་ལོ་ངོ་ ༣༠ ཙམ་རིང་བསྐྱངས་ཡོད་ཀྱང་། མང་ཚོགས་ཀྱིས་དམངས་གཙོའི་ངོ་རྒོལ་ལས་འགུལ་ཡང་ཡང་སྤེལ་མཐར། ༢༠༠༨ ལོར་ཨབ་དྷུལ་གྷ་ཡོམ་གནས་དབྱུང་བཏང་སྟེ། རྒྱལ་ཡོངས་ནང་ཐེངས་དང་པོར་སྲིད་འཛིན་འོས་བསྡུ་བྱས་ཏེ། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཎ་ཤཱེ་ཌ་ (Mohamed Nasheed)ལ་རྒྱལ་ཁ་ཐོབ་ཡོད་ཀྱང་། ཁྲིམས་ཞིབ་ཁང་དང་ཉེན་རྟོག་པའི་དབང་ཆ་མང་ཆེ་བ་གནས་དབྱུང་བཏང་བའི་དབང་ཆ་སྒེར་སྤྱོད་པ་ཨབ་དྷུལ་གྷོ་ཡམ་གྱི་ཕྱོགས་གཏོགས་པས་བཟུང་ཡོད་སྟབས། ༢༠༡༢ ལོར་སྲིད་འཛིན་ཎ་ཤཱེ་ཌ་ཡིས་ཁྲིམས་ཞིབ་ཁང་གི་ལམ་ལུགས་ཁག་ཅིག་ལ་བཅོས་བསྒྱུར་བཏང་ཞིང་། རྒྱལ་ཡོངས་ཉེས་དོན་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་ཨབ་དྷུ་ལ་གྷ་ཛི་ (Abdulla Ghazi) ཡིས་དབང་ཆ་བེད་སྤྱོད་ལོག་པ་བཏང་སྟེ་འཇུ་བཟུང་བྱས་ཡོད་སྟབས། ཁོའི་ཤོག་ཁག་གིས་སྲིད་འཛིན་ཎ་ཤཱེ་ཌ་ཡིས་ལས་གནས་ནས་དགོངས་ཞུ་དགོས་པའི་ངོ་རྒོལ་བྱས་མཐར་དགོངས་པ་ཞུས་ཡོད།

༢༠༡༣ ལོར་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ཐེངས་གཉིས་པ་བྱས་སྐབས། ཎ་ཤཱེ་ཌ་ (Mohamed Nasheed) ལགས་སུ་འོས་བསྡུའི་ཐོན་རིམ་དང་པོར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང་། ཁོས་འོས་བསྡུའི་སྐབས་དྲང་པོ་བྱས་མེད་ཚུལ་བསྒྲགས་ཏེ་འོས་ཁོངས་ནས་མེད་པ་བཟོས་པ་དང་། རྒྱལ་ཡོངས་ཉེས་དོན་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་འཛིན་བཟུང་བྱས་པའི་ཉེས་མིང་བཀལ་ཏེ། ༢༠༡༣ ལོའི་ཟླ་ ༢ ཚེས་ ༡༣ ཉེན་རྟོག་པས་འཛིན་བཟུང་བྱེད་དུ་ཡོང་སྐབས། ཁོས་མལ་ཌེབ་སི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱ་གར་གྱི་གཞུང་ཚབ་ཁང་དུ་ཉེན་ཡོལ་བྱས་ཡོད་སྟབས། རྒྱ་གར་གཞུང་ཚབ་པས་སྲིད་འཛིན་ཝ་ཧེ་ཌི་ (Mohammed Waheed)ཡི་གཞུང་དང་ཞི་མོལ་བྱས་རྗེས། ཟླ་ ༢ ཚེས་ ༢༣ ཉིན་གཞུང་ཚབ་ཁང་ནས་ཕྱིར་ཐོན་ཡོད་ཀྱང་། ཟླ་ ༣ ཚེས་ ༥ ཉིན་སླར་ཡང་འཛིན་བཟུང་བྱས་པ་མ་ཟད། སྲིད་འཛིན་གྱི་རྒྱལ་ཁ་དེ་ཡང་དབང་ཆ་གཅིག་བསྡུད་བྱེད་མཁན་ཨབ་དྷུལ་གྷ་ཡོམ་གྱི་གཅུང་པོ་ཨབ་དྷུལ་ཡཱ་མན་ (Abdullah Yameen) ལ་ཐོབ་ཡོད་སྟབས། ད་ལྟ་གཞུང་འཛིན་ཚོགས་པས་ལྟ་ཕྱོགས་མི་མཐུན་པའི་ཆབ་སྲིད་པ་དག་འཛིན་བཟུང་བྱེད་བཞིན་ཡོད་པ་མ་ཟད། ཁ་སང་ཎ་ཤཱེ་ཌ་ལགས་འཛིན་བཟུང་བྱས་སྟབས། དེ་རིང་མང་ཚོགས་སྟོང་ཕྲག་གཅིག་ལྷག་གིས་གཞུང་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། ཟླ་འདིའི་ཚེས་ ༢༧ ཉིན་རྒྱལ་ཡོངས་ནང་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་འཆར་ཡོད་འདུག

ཟླ་འདིའི་ཚེས་ ༢༢ ཉིན་འཛིན་བཟུང་བྱས་པའི་མལ་ཌེབ་སི་ཡི་སྲིད་འཛིན་ཟུར་པ་ཎ་ཤཱེ་ཌ་ཡིས། ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་གར་གཞུང་གིས་མལ་ཌེབ་སི་གཞུང་ལ་གནོན་ཤུགས་སྤྲད་དེ་རྒྱལ་ཁབ་ནང་ཞི་འཇགས་ཡོང་ཐུབ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་སྟབས། དེ་རིང་རྒྱ་གར་གྱི་གསར་ལམ་ཁག་གིས། ཟླ་ ༣ ཚེས་ ༡༥ ཉིན་ནས་བཟུང་ཉིན་གཉིས་རིང་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་མལ་ཌེབ་སིའི་ནང་གཟིགས་སྐོར་གྱིས་རྒྱལ་ཁབ་གཉིས་བར་འབྲེལ་ལམ་བཙུགས་ཏེ་ ༥༠ འཁོར་བའི་དུས་དྲན་སྟེང་ཞུགས་ཏེ། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་དང་དམག་དོན་འབྲེལ་ལམ་གོང་འཕེལ་གཏོང་རྒྱུ་དང་། ད་ལྟའི་མལ་ཌེབ་སི་ཆབ་སྲིད་ཀྱི་གནས་སྟངས་སྐོར་ལ་གྲོས་བསྡུར་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese