མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁས་པས་ལྟས་ངན་བསྟན།

བོད་ཀྱི་དུས་བབ།
༢༠༡༥/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༥༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་རྒྱ་གར་རྒྱལ་ས་ལྡི་ལི་བོད་སྒར་བསམ་ཡས་གླིང་ཉེ་འཁྲིས་སུ་ལྟས་ངན་གྱི་གནས་ཚུལ་ཞིག་བྱུང་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་པ་དང་། རྩོམ་པ་པོ། ལས་འགུལ་བ། ཆབ་སྲིད་པའང་ཡིན་ཟེར་མཁན་སེར་མོ་བ་ཞིག་དང་སྐྱ་བོ་ཞིག་གིས་དམར་འཛིང་བྱས་མཐར་ཁོ་གཉིས་ཀའི་ཚེ་སྲོག་ཤོར་ཏེ་གཏམ་ངན་གླིང་ལ་བཞག་སོང་།

ཐེངས་འདིར་བསོད་རེས་བྱས་པའི་གྲྭ་བ་དེ་འབྲས་སྤུངས་སྒོ་མང་གི་གྲྭ་བ་དང་དགེ་རྒན་ཞིག་ཀྱང་ཡིན་རབས་འདུག མི་སྐྱ་དེའང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་རེད། འདི་གཉིས་ཀ་ཤེས་ཡོན་རིག་གནས་གང་འཚམ་ཡོད་པ་མ་ཟད། ནང་པའི་ཆོས་ཀྱི་བག་ཆགས་དང་ནུབ་ཕྱོགས་ཀུན་སྤྱོད་སྨྲ་བའི་ཤེས་ཚད་ཡང་གང་འཚམ་ཡོད་མཁན་རེད།

ཐལ་སྐྱའི་འོག་གི་མེ་དམར་བཞིན་ང་ཚོའི་བོད་མི་རིགས་ལ་རང་བཞིན་ལྷན་སྐྱེས་ཀྱི་གཏུམ་དྲག་གི་གཤིས་ཀ་ཞིག་ཡོད་པ་དེ། སྦྱངས་པའི་ཤེས་ཡོན་དང་བརྒྱུད་པའི་ཉམས་མྱོང་། མཐའ་ན་ནང་པའི་ཆོས་ཀྱི་སློབ་གསོས་ཀྱང་འདུལ་མ་ཐུབ་བསྒྱུར་མ་ནུས་པའི་གནས་ལུགས་ཤིག་ཕྱིར་བསྟན་པ་རེད། ཐབས་གདུག་གི་གནས་ཚུལ་འདི་བརྒྱུད་དེ། དབྱིན་ཡིག་གཏམ་དཔེར། ཡོན་ཏན་ཆུང་ཆུང་ཉེན་ཁ་ཆེན་པོ་ཅེས་པ་ལྟར། འུ་ཅག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ཤེས་ཡོན་ཅན་དང་མི་མང་གི་སྣེ་འཁྲིད་པ་ཡིན་ཟེར་མཁན་དེ་དག་ཀྱང་ཧ་ཅང་འཇིགས་སུ་རུང་བ་རྐྱང་རྐྱང་ཡིན་པ་བསྟན་ཡོད།

སྤྱིར་བཏང་གནས་ཚུལ་དེ་གླེང་མི་འདོད་པ་ཞིག་དང་། གླེང་མི་འོས་པ་ཞིག་ཡིན་ནའང་། དངོས་སུ་བྱུང་ཟིན་པའི་གནས་ཚུལ་ལ་གཡོལ་ཐབས་དང་སྦེད་ཐབས་མེད། ད་ལྟ་གནས་ཚུལ་འདི་ཇི་ལྟར་བྱུང་བ་དང་ཅིའི་ཕྱིར་བྱུང་བར་དོན་སྙིང་མེད་པར། གནས་ཚུལ་གྱི་ངོ་བོ་གང་འདྲ་ཞིག་ཡིན་པ་དང་འདི་ལ་བརྟེན་ནས་ཅི་ཞིག་འབྱུང་སྲིད་པ་དེ་གླེང་དགོས།

མི་ཞིག་དུས་མིན་རྐྱེན་ལམ་དུ་སོང་ན་མྱ་ངན་དང་གདུང་སེམས་མཉམ་སྐྱེད་བྱེད་པ་མི་རིགས་ཐུན་མོང་གི་ལུགས་སྲོལ་ཞིག་ཡིན་ལ། སྲིན་བུ་རྡོག་པས་བརྫིས་ན་མ་ཎི་བགྲང་མཁན་བོད་པ་ཚོ་དེ་བས་ཀྱང་སྨོས་མ་དགོས་ཀྱང་། ཐེངས་འདིར་དེ་ལས་ལྡོག་སྟེ་མི་ཚང་མས་ཞབས་འདྲེན་ཐན་ལྟས་དང་། ཐ་ཤལ་བླུན་རྨོངས་ཞེས་དམོད་མོ་བྱེད་ཡུལ་ཞིག་ཆགས་སོང་།

དམར་འཛིང་དེའི་རྒྱབ་ཏུ་རྒྱུ་དང་རྐྱེན་གང་འདྲ་ཞིག་ཡོད་པ་སུས་ཀྱང་རྟོགས་ཐུབ་མེད་ཅིང་། གཅིག་བྱས་ན་བདེན་དོན་དང་གནས་ལུགས་ཡིད་འགུལ་ཐེབས་པ་ཞིག་ཡོད་ཀྱང་སྲིད་མོད། བྱེད་སྟངས་ཀྱི་ཆ་ནས་དགེ་ཆོས་ཀྱིས་བླུན་པོ་མཁས་པའི་རྗེས་སུ་མི་འབྲང་ཡང་། །མཁས་པ་བླུན་པོའི་རྗེས་སུ་མི་འབྲང་བ། །འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། འཆི་བ་སྲོག་ལ་བབས་ཀྱང་འབད་པས་སྲུང་ཞེས་གསུངས་པ་ལྟར། བླུན་པོ་ལུག་གི་མགོ་ཅན་དང་གླང་གི་སྣ་ཅན་གྱི་བྱ་སྤྱོད་ལས་ཀྱང་རྫོབ།

སྤྱི་ཚོགས་གང་ཞིག་ཡིན་ནའང་མང་ཚོགས་དཀྱུས་མ་ཚོས་མིག་དཔེ་ལྟ་ས་དང་། ལད་ཟློས་བྱེད་ས་དེ་སྤྱི་ཚོགས་ནང་གི་ཤེས་ཡོན་ཅན་དང་། དུས་རྒྱུན་མང་ཚོགས་ཀྱི་མིག་ལམ་རྣ་ལམ་བརྒྱུད་མཁན་དེ་ཚོ་ཡིན། ད་རེབ་གནས་ཚུལ་འདིས་སྤྱི་ཚོགས་ལ་མིག་དཔེ་ངན་པ་བཞག་པའི་ནག་ཉེས་དེ་ཁྲིམས་ཐོག་ནས་མི་བསད་པའི་ནག་ཉེས་ལས་ཀྱང་ལྡབ་འགྱུར་གྱིས་ལྕི་ཞིང་། ཆོས་ཕྱོགས་ནས་བསྟན་པ་བཤིག་པ་ལས་ཀྱང་ལྡབ་འགྱུར་གྱིས་སྡིག་པ་ཆེ་བར་སུས་མི་བརྩི།།༡

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese