མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕག་པའི་ཆམ་ཚད་ཅིག་རྒྱ་གར་ནང་ཁྱབ་བཞིན་པ་དེར་ཚང་མས་གཟབ་རོགས།

བོད་ཀྱི་དུས་བབ།
༢༠༡༥/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཏུ་ཕག་པའི་ཆམ་ཚད་ཀྱི་རིམས་ནད་ཅིག་ཁྱབ་རྡལ་དུ་འགྲོ་བཞིན་ཡོད་འདུག་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་བོད་པ་ཚོར་ནད་གཞི་དེར་ཡིད་གཟབ་དང་སྔོན་འགོག་བྱེད་ཐུབ་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་གནང་།

དེང་སྐབས་རྒྱ་གར་གྱི་རྒྱལ་ས་ལྡི་ལིས་གཙོས་མངའ་སྡེ་ཁག་ ༨ ཙམ་གྱི་ནང་ཕག་པའི་ཆམ་ཚད་(Swine Flu)ཟེར་བ་ཞིག་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པ་དང་། ད་བར་མི་གྲངས་ ༢༢༠༠༠ ལ་ན་ཚ་དེ་ཕོག་ནས་མི་ ༡༢༠༠ ཙམ་འདས་གྲོངས་སུ་ཕྱིན་ཡོད་འདུག འདི་གའི་གསར་འགོད་པས་དྷ་ས་བདེ་ལེགས་སྨན་ཁང་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་བཅས་སུ་བཅར་འདྲི་ཞུས་ཏེ། བོད་མིའི་སྤྱི་ཚོགས་ནང་ན་ཚ་དེ་ཁྱབ་རྡལ་ཕྱིན་ཡོད་མེད་དང་རིམས་ནད་དེ་སྔོན་འགོག་བྱེད་ཐབས་སྐོར་རྒྱུས་ལོན་བྱས།

དྷ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ། ན་ཚ་དེ་ཐོག་མར་ཇི་ལྟར་འགོས་ཁྱབ་འགྲོ་བཞིན་ཡོད་པ་དང་ནད་རྟགས་ག་འདྲ་ཡོད་དྲིས་པར་ཁོང་གིས། དེང་སང་མི་མང་མང་པོ་ཞིག་གིས་ཕག་པའི་ཆམ་ཚད་ཟེར་དུས་ཕག་ཤ་ཟོས་བ་ལས་འགོས་པ་ཞིག་ལ་གོ་ནོར་ཐེབས་ཀྱི་འདུག ཨ་རིའི་ཆེད་མཁས་པས་ཞིབ་འཇུག་བྱས་པའི་གྲུབ་དོན་ལྟར་ན། ན་ཚ་དེ་ཕག་ཤ་ཟོས་པ་ལས་འགོས་ཞིག་མིན་པར། ཆམ་རིམས་བཞིན་ཕག་པ་གསོ་མཁན་དང་ཕག་གསོ་ར་བའི་ནང་ལས་ཀ་བྱེད་མཁན་སོགས་ནས་འགོ་རྒྱུའི་ཉེན་ཁ་འདུག ན་ཚ་དེ་འགོས་རྗེས་ཚ་བ་འཕར་བ་དང་གློ་རྒྱག་པ། མིད་པ་ཚ་བ། རུས་པ་དང་མགོ་ན་བ། ཡང་ཁ་ཤས་ལ་གྲོད་ཁོག་བཤལ་བ་སོགས་ཀྱི་ནད་རྟགས་ཡོང་གི་ཡོད་ས་རེད། ན་ཚ་དེ་ཆམ་རིམས་ལྟར་མཁའ་དབུགས་བརྒྱུད་ནས་མི་མང་ནང་འགོས་ཁྱབ་འགྲོ་བཞིན་འདུག དེ་སྔོན་གྱི་གྲངས་ཐོ་ལྟར་ན་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་བརྒྱ་ཆ་ ༤ ཙམ་རེད། ཅེས་བརྗོད་བྱུང་།

བོད་མིའི་ཁྲོད་ན་ཚ་དེ་ཁྱབ་རྡལ་ཕྱིན་ཡོད་མེད་དྲིས་པར། རྒྱ་གར་གཞུང་གིས་ང་ཚོའི་སྨན་ཁང་ཁག་ལ་ནད་པ་དེ་རིགས་བྱུང་ཚེ་བརྡ་ལན་ཕུལ་དགོས་པའི་གསལ་བསྒྲགས་འབྱོར་སོང་། ཧི་མ་ཅལ་མངའ་སྡེའི་ནང་དོགས་ཡོད་ནད་པ་ཁ་ཤས་བྱུང་ཡོད་པ་དང་། དེའི་ནང་དུ་དོགས་པ་ཡོད་པའི་བོད་རིགས་ནད་པ་གཅིག་ཡོད་སྐོར་གོ་སོང་ཡང་། ད་སྔ་གཞུང་ངོས་ནས་ན་ཚ་དེ་འགོས་འདུག་ཟེར་ནས་ང་ཚོར་ཡི་གེ་གང་ཡང་བསླེབས་མ་སོང་ཟེར།

ཡང་ན་ཚ་དེ་ཇི་ལྟར་སྔོན་འགོག་བྱེད་དགོས་པའི་སྐོར་ལ་ཁོང་གིས། ན་ཚ་དེ་ཆམ་པའི་རིགས་ཤིག་ཡིན་སྟབས་སྔོན་འགོག་བྱེད་ཐབས་གཙོ་བོ་ལག་པ་ཡང་ཡང་འཁྲུད་དགོས་པ་དང་། དབུགས་ལམ་བརྒྱུད་ནས་འགོས་ཀྱི་ཡོད་སྟབས་ཁ་སྣ་ལ་ལག་པ་མང་པོ་འཆང་རྒྱུ་ཡོད་པ་མ་རེད། དེ་ནས་ནམ་རྒྱུན་ཁ་རས་གྱོན་པ་དང་སྔ་དགོང་ལ་ཆུ་ཚ་བོའི་ནང་ཚ་བླུགས་ཏེ་མིད་པ་ཆུ་བཤལ་བཏང་ན་ཡག་པོ་ཡོད་པ་རེད། ཡར་མར་འགྲོ་འོང་བྱེད་སྐབས་ན་ཚ་དེ་འགོས་པའི་ཉེན་ཁ་ཡོད་སྟབས། སོ་སོའི་ངོས་ནས་སྔོན་འགོག་བྱ་རྒྱུ་གལ་ཆེ་ཤོས་རེད། གལ་སྲིད་ན་ཚ་དེ་འགོས་ཚར་པ་ཡིན་ན་བཅོས་ཐབས་མེད་པ་ཞིག་མ་རེད། ཡིན་ནའང་མི་སུ་ཞིག་ཡིན་ཡང་བདུན་ཕྲག་གཅིག་རེར་ཚ་བ་འཕར་བ་དང་གློ་རྒྱག་པ་སོགས་ཀྱི་གནས་ཚུལ་ཡོད་ན་སྨན་ཁང་དུ་བསྟེན་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༧ ཉིན་འདི་གའི་གསར་འགོད་པས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ལ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕག་པའི་ཆམ་ཚད་ཐད་གྲ་སྒྲིག་གང་འདྲ་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། ང་ཚོ་འཕྲོད་བསྟེན་ལས་ཁུངས་ནང་སྤྱི་ཚོགས་འཕྲོད་བསྟེན་ཚན་པ་ཞིག་ཟུར་དུ་བཙུགས་ཡོད་ལ། ལོ་ལྟར་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་ཉིན་མོ་ཁག་སྲུང་གཙི་དང་། མཚམས་རེར་གློ་བུར་དུ་ཁྱབ་ཡོང་བའི་ན་ཚ་དཔེར་ན་ཨེ་བྷོ་ལ་དང་ཕག་པའི་ཆམ་ཚད་ལྟ་བུ་བསླེབ་སྐབས། ས་གནས་ཁག་ཏུ་བཀོད་ཁྱབ་གནང་བ་ལྟར་འབྲེལ་ཡོད་སྨན་པ་དང་འཕྲོད་བསྟེན་སྨན་ཞབས་པ་ཚོས་མི་མང་ལ་གོ་རྟོགས་གང་ཐུབ་སྤེལ་བཞིན་ཡོད་པ་རེད། ད་ལྟའི་ཕག་པའི་ཆམ་ཚད་དེའི་སྐོར་ལའང་ང་ཚོ་འཕྲོད་བསྟེན་ལས་ཁུངས་ངོས་ནས་བོད་དབྱིན་གཉིས་ཐོག་གནས་ཚུལ་ཞིག་ཁྱབ་བསྒྲགས་བྱེད་འཆར་ཡོད། ང་ཚོའི་ངོས་ནས་སྔོན་འགོག་གི་གོ་རྟོགས་སྤེལ་རྒྱུ་དེ་གལ་ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད། ད་ལྟའི་བར་བདེ་ལེགས་སྨན་ཁང་དང་ས་གནས་ཁག་གི་སྨན་ཁང་ནས་ན་ཚ་དེ་ཡོད་པའི་གནས་ཚུལ་གང་ཡང་བསླེབས་མ་སོང་། ཞེས་གསུངས་བྱུང་།

བོད་མི་ཚང་མས་རྒྱུན་དུ་འཕྲོད་བསྟེན་དང་འབྲེལ་བའི་དོན་ཚན་ལྔར་དོ་སྣང་དགོས་པའི་སྐོར་ལ་ཁོང་གིས། ང་ཚོ་བོད་མི་ཚང་མ་འཕྲོད་བསྟེན་དང་ལྡན་པ་ཞིག་དགོས་རྒྱུ་གལ་ཆེན་ཡིན་སྟབས། རྒྱུན་དུ་ཡིད་གཟབ་དགོས་པའི་དོན་ཚན་ལྔ་སྟེ་དང་པོ་གཟུགས་པོའི་ཕྱི་ནང་གཉིས་ལ་གཙང་སྦྲ་གང་ལེགས་དགོས་པ་དང་། གཉིས་པ་ཟ་མ་འཕྲོད་བསྟེན་དང་ལྡན་པ་སྟེ་སྔོ་ཚལ་དང་ཤིང་ཏོག་རིགས་མང་དུ་བཟའ་དགོས་པ་དང་དུས་གསུམ་གྱི་ཟ་མ་དུས་ཚོད་ལྟར་བཟའ་དགོས་པ་མ་ཟད་མང་ཉུང་འཚམ་པོ་དགོས། གསུམ་པ་ལུས་རྩལ་རྩེ་བ་དང་གོམ་པ་རྒྱག་པ་སོགས་གཟུགས་པོར་འགུལ་སྐྱོད་གང་མང་བྱེད་པ། བཞི་པ་སྤྱོད་པ་འཕྲོད་བསྟེན་དང་ལྡན་པ་སྟེ་བཟང་སྤྱོད་ལྡན་པའི་ཐོག་ནས་གཞན་ལ་འབྲེལ་འདྲིས་བྱེད་པ་དང་ཟས་སྤྱོད་ཀྱི་བླང་དོར་མ་ནོར་བ་དགོས། ལྔ་པ་སེམས་ཁམས་ཀྱི་འཕྲོད་བསྟེན་ཏེ་རང་སེམས་ལ་སྟངས་འཛིན་ཐུབ་པའི་ཐོག་ནས་རྒྱུན་དུ་སེམས་ཞི་ལྷོད་དང་སྐྱིད་པོ་བྱེད་དགོས་པ་བཅས་ལ་ཆུང་དུས་ནས་གོམས་འདྲིས་ཐུབ་ན། ལུས་ལ་ནད་མནར་ཉུང་ཞིང་ཚེ་རིང་བར་ཕན་ཐོགས་ཡོད་སྟབས། བོད་མི་སྤྱི་བོ་གནམ་བསྟན་ཚང་མས་གོང་བརྗོད་དོན་ཚན་ལྔ་ལ་དོ་སྣང་དགོས་པ་ཧ་ཅང་གལ་ཆེན་རེད་ཅེས་འབོད་སྐུལ་གནང་སོང་།

ཉེ་སྔོན་རྒྱ་གར་འཕྲོན་བསྟེན་བློན་ཆེན་ནཱ་ཌཱ་(JP Nadda)མཆོག་གིས། ད་ལྟའི་ཆར་འགོས་ནད་ཞིབ་འཇུག་ཁང་ ༢༡ གིས་ཕག་པའི་ཆམ་ཚད་དེ་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཀྱང་ད་དུང་འདང་གི་མེད་སྟབས། རྒྱ་གར་གཞུང་གིས་མངའ་སྡེ་རེ་རེའི་ནང་ཆེད་དུ་འགྲོ་གྲོན་བཏང་སྟེ་(H1N1)བརྟག་དཔྱད་ལས་གཞི་ལག་བསྟར་བྱ་འཆར་ཡོད་ལ། མི་ཚང་མས་སོ་སོའི་འཕྲོད་བསྟེན་ཐོག་དོ་གཟབ་བྱེད་སྐོར་སྐུལ་མ་གནང་འདུག

རྒྱ་གར་དུས་བབ་སོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། འགོས་ནད་དེ་གྷོ་ཇི་ར་ཐི་ (Gujarat )ནང་མི་ ༤༦༡༤ ལ་ཕོག་ནས་མི་ ༢༧༥ འདས་གྲོངས་ཕྱིན་ཡོད་པ་དང་། ར་ཇི་སི་ཐན་ (Rajasthan )ནང་མི་ ༥༧༨༢ ལ་ཕོག་ནས་མི་ ༢༨༦ འདས་གྲོངས། མཱ་ཧཱ་ར་ཞི་ཊིར་(Maharashtra)ནང་མི་ ༢༠༠༥ ལ་ཕོག་ནས་མི་ ༡༧༠ འདས་གྲོངས། ལྡི་ལིར་མི་ ༣༢༢༠ ལ་ཕོག་ནས་ཉུང་མཐར་མི་བཅུ་གྲངས་ཤིག་འདས་གྲོངས། དེ་བཞིན་མཱ་ཌི་ཡཱ་ (Madhya )ནང་ ༡༦༠ དང་ཀར་ན་ཊ་ཀ་ནང་ ༥༡། ཨན་ཌ་ར་ (Andhra )ནང་ ༡༢། ཧི་མ་ཅལ་ནང་ ༨། ཇ་མུ་ཀ་ཤི་མིར་ནང་ ༧ འདས་གྲོངས་སུ་ཕྱིན་པ་སོགས་ད་ལྟའི་བར་ཁྱོན་མི་གྲངས་ ༡༢༠༠ ཙམ་གྱིས་ཚེ་སྲོག་ཤོར་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 1

  1. བཛྲ་སུ་མ་ཏི། says:
    ལོ་ 11 སྔོན།

    རིམས་ནད་འདི་ཁྱབ་ནས་ཟླ་ཤས་འགྲོ་བཞིན་ཡོད་པ་དང་མི་སྟོང་ཁྲག་ཁ་ཤས་གྲོངས་ཚར་བ་སོགས་ཆ་ཚང་ཚར་ཚར་ནས་ད་གཞི་ནས་འཕྲོད་བསྟེན་ལས་ཁུངས་སླེབས་འདུག ཐབས་སྐྱོ་བོ་རེད་ཡ་་མི་དམངས་ལ་དུས་ཐོག་གསལ་བསྒྲགས་མ་སྤེལ་ག་རེ་བྱས་བསྡད་ཡོད་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese