མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་སྤྲད་ནས་ཉོས་པའི་ཕམ་ཁ།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༥༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱ་གར་ནང་གི་བོད་པའི་བུ་མོ་གཉིས་ནུབ་ཡུ་རོབ་གླིང་དུ་འགྲོ་འདོད་ཀྱི་རྨི་ལམ་ཁྲོད། ལྷོ་ཨ་ཧྥི་རི་ཀའི་ནང་ལོ་གཅིག་ལྷག་ལ་དཀའ་སྡུག་དང་བརྙས་བཅོས་མྱངས་པའི་གནས་ཚུལ་འདིས། འུ་ཅག་བོད་པ་ཚང་གི་སྐྱབས་བཅོལ་བ་སྤྱིའི་ལས་དབང་ལ་བསྐྱར་དུ་བསམ་གཞིག་ཅིག་གཏོང་དགོས་བྱུང་སོང་། ལོ་རབས་ལྔ་བཅུ་དང་དྲུག་བཅུའི་ནང་༧གོང་ས་མཆོག་གིས་དབུས་པའི་བོད་པ་མང་པོ་ཞིག་རྒྱ་བལ་འབྲུག་གསུམ་ནང་འབྱོར་མགོ་ཚུགས་པ་རེད། སྐབས་དེར་བོད་ནས་ཡོང་དུས་རྒྱ་ནག་གི་དྲག་པོའི་བཙན་འཛུལ་ལ་བྲོས་བྱོལ་བྱས་པ་དང་། མིའི་ལུང་པར་འབྱོར་སྐབས་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་པ་དངོས་ཡོད་གནས་ཚུལ་རེད།

ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་ཡོང་མཁན་ཚོའང་ཆབ་སྲིད་སྐྱབས་བཅོལ་བ་དང་། མང་ཆེ་བ་ཆོས་ལུགས་དང་ཤེས་ཡོན་སྐྱབས་བཅོལ་བ་རེད། ཉིས་སྟོང་ལྔ་དྲུག་ནས་བཟུང་ངེས་པ་དོན་གྱི་ཆབ་སྲིད་སྐྱབས་བཅོལ་བ་རེ་ཟུང་ཡོད་ན་ཡང་། མང་ཆེ་བ་དཔལ་འབྱོར་སྐྱབས་བཅོལ་བ་ཆགས་འདུག ལོ་རབས་དགུ་བཅུ་དང་ཉིས་སྟོང་ནང་ཨ་རི་དང་ཡུ་རོབ་ལུང་པར་སྐྱོད་བསླ་བ་དང་། ཕར་སོང་ན་དངུལ་གང་འཚམ་གསོག་ཐུབ་པ། དངུལ་དེས་ཕྱིར་ཕ་ཡུལ་བོད་དང་རྒྱ་གར་གྱི་སྤུན་མཆེད་ཚོར་རོགས་རམ་ཕྲན་བུ་ཐུབ་པ་བཅས་ལ་བརྟེན་ཏེ། བོད་མི་ཚོ་ཕྱི་རྒྱལ་ཁག་ཏུ་སྐྱོད་པར་འདྲོག་མགོ་ལངས་པ་རེད།

འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ཤོག་ལྷེ་ནང་དུ། ཆབ་སྲིད་སྐྱབས་བཅོལ་བ་དང་ཤེས་ཡོན་སྐྱབས་བཅོལ་བ། དཔལ་འབྱོར་སྐྱབས་བཅོལ་བ་གང་ཡིན་ཡང་། དཀའ་ངལ་ཞིག་གི་འོག་ནས་བྲོས་བྱོལ་བྱས་ཏེ་བློ་ཁེལ་ས་ཞིག་ལ་སྐྱབས་བཅོལ་ཞུས་པ་གཅིག་མཚུངས་རེད། ལྷག་པར་དུ་བོད་ནང་ལ་མཚོན་ན། ཤེས་ཡོན་དང་དཔལ་འབྱོར། ཆོས་དད་སོགས་ཀྱི་དཀའ་ངལ་གང་ཡིན་ཡང་། དེའི་རྒྱབ་ཕུགས་ཆབ་སྲིད་ཅིག་ལ་ཐུག་ཡོད་པ་དོན་དངོས་ཡིན་ཡང་། ད་ལྟའི་འཛམ་གླིང་གི་གནས་བབ་འདིའི་འོག་ཏུ། སྲིད་དོན་དང་ཆོས་ལུགས་སོགས་ལས་དཔལ་འབྱོར་དང་ཤེས་ཡོན་སྐྱབས་བཅོལ་ངོས་ལེན་མེད་པ་དེའང་ཤེས་དགོས།

རྒྱ་བལ་འབྲུག་གསུམ་ནང་གི་བོད་པ་ཚོར་སྐྱབས་བཅོལ་བ་དངོས་གནས་ཤིག་གི་ཐོབ་ཐང་རེག་གི་མེད་པ་དང་། སྲིད་འབྱོར་རིག་གསུམ་གང་ཅིར་དཀའ་ངལ་ཡོད་པ་དངོས་ཡོད་ཡིན། བོད་ནས་ཡོང་མཁན་ཆབ་སྲིད་དང་ཆོས་དད་ཀྱི་དཀའ་ངལ་ཡོད་མཁན་ལ་གདམ་ཀ་གཞན་མེད་ནའང་། ཤེས་ཡོན་དང་དཔལ་འབྱོར་སྐྱབས་བཅོལ་ཞུ་མཁན་ཚོས་ངེས་པར་དུ་བསམ་བློ་ནན་ཏན་གཏོང་རན་རེད། དེང་སྐབས་རྒྱ་ནག་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་དང་བསྟུན་ཏེ། བོད་ནང་གི་དཔལ་འབྱོར་གནས་སྟངས་ཀྱང་རྒྱ་བལ་འབྲུག་གསུམ་ལས་བཟང་ལ། ཤེས་ཡོན་གོ་སྐབས་ཀྱང་རྒྱ་བལ་འབྲུག་གསུམ་ལས་ཡག་པ་མིན་ཡང་སྐྱོ་བ་མིན།

འདས་པའི་ལོ་ཤས་གོང་ནས་བཟུང་ཨ་རི་དང་ནུབ་ཕྱོགས་སུ་འགྲམ་ཆུ་ལྡང་རིན་མེད་པ་ཆགས་བཞིན་ཡོད། ལྷག་པར་དུ་ཡུ་རོབ་ནང་བོད་པ་སྐྱབས་བཅོལ་བའི་ཡིག་ཆ་ནག་པོ་ཆགས་བཞིན་པའི་གནས་ཚུལ་ཧ་ཅང་ཛ་དྲག་རེད། དེང་སྐབས་ནུབ་ཕྱོགས་ནས་ཕ་ཡུལ་བོད་ནང་དངུལ་གཏོང་བ་ལས་ལྡོག་སྟེ། ནུབ་ཕྱོགས་སུ་སྡོད་མཁན་ཚོར་ཁང་པ་ཉོ་བ་སོགས་ལ་བོད་ནང་གི་སྤུན་ཉེ་ཚོས་ཚུར་ནུབ་ཕྱོགས་ལ་རྒྱ་སྒོར་གཏོང་གི་ཡོད་པའི་གནས་ཚུལ་ཡང་གོ་རྒྱུ་འདུག

བོད་ནས་རྒྱ་གར་དུ་ལམ་ཁྲིད་པར་རྒྱ་སྒོར་ཁྲི་ལྔ་དྲུག་སྤྲོད་དགོས་ལ། རྒྱ་གར་ནས་ནུབ་ཕྱོགས་སུ་སྐྱོད་པར་ཧིན་སྒོར་འབུམ་བཅུ་ནས་ཉི་ཤུའི་སྐད་ཆ་རེད། དངུལ་འབོར་ཆེན་སྤྲད་ཀྱང་དམིགས་ཡུལ་དུ་བསླེབ་ཐུབ་མིན་ལས་ལ་བཅོལ་དགོས་ཤིང་། གལ་སྲིད་ཨ་ཧྥི་རི་ཀར་ལུས་པའི་བུད་མེད་དེ་གཉིས་ལྟར། ལམ་བར་ནས་ལྷག་པ་དང་འཛིན་བཟུང་ཐེབས་པ་སོགས་བྱུང་ན། རི་བོང་དང་སྡོམ་པ་གཉིས་ཀ་ཤོར་བའི་དཔེ་ལྟར། མི་ཚེ་འཕྲོ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁའང་སོ་སོ་དང་འགྲོག་ནས་ཡོད་སྟབས། འདི་ནི་ཁྱོད་ཀྱིས་རིན་སྤྲོད་དེ་ཉོས་པའི་ཕམ་ཁ་སྡུག་ཤོས་དེ་ཡིན།།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese