མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པ་ཀི་སི་ཐན་གྱི་ཨ་རིའི་གཞུང་ཚབ་པ་འཕོ་འགྱུར།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨོ་བྷ་མས་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་འོག་ཌ་ཝུ་ཌེ་ཧཱ་ལེ་མཆོག་ཨ་རིའི་པ་ཀི་སི་ཐན་གྱི་གཞུང་ཚབ་པ་ཆེན་མོར་བསྐོ་བཞག་བྱས་ཡོད་འདུག 

ཁ་སང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་འོག་ད་ལྟའི་ལེ་བྷ་ཎོན་གྱི་ཨ་རིའི་གཞུང་ཚབ་པ་ཆེན་མོ་ཌ་ཝུ་ཌེ་ཧཱ་ལེ་ (David Hale) མཆོག་པ་ཀི་སི་ཐན་གྱི་ཨ་རིའི་གཞུང་ཚབ་པར་བསྐོ་བཞག་བྱས་ཡོད་འདུག

ཨོ་བྷ་མས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ། “སྐུ་ཞབས་ཌ་ཝུ་ཌེ་ཧཱ་ལེ་ལགས་ནི་ཨ་རིའི་ཕུལ་བྱུང་གི་ཕྱི་འབྲེལ་སྐུ་ཚབ་ཅིག་ཡིན་པ་མ་ཟད། རྒྱལ་སྤྱིའི་གནད་དོན་ཆེ་ཆུང་ཁག་ལ་རྒྱུས་མངའ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་མཁན་ཞིག་ཀྱང་ཡིན་སྟབས། ད་ཐེངས་ཁོང་ཨ་རིའི་པ་ཀི་སི་ཐན་གྱི་གཞུང་ཚབ་པར་བསྐོ་བཞག་བྱས་པ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པ་བསྐྱར་གསོ་ཐུབ་པར་རེ་བ་བྱེད་བཞིན་ཡོད”ཅེས་བརྗོད་འདུག

ཌ་ཝུ་ཌེ་ཧཱ་ལེ་ལགས་ཀྱིས་ ༡༩༨༤ ལོར་ཨ་རིའི་ཕྱི་སྡོད་གཞུང་ཞབས་ཁོངས་ཞུགས་ཏེ། ཨི་ཛི་རལ་དང་པ་ལི་སི་ཐན་གནད་དོན་ལས་ཁང་གི་འགན་འཛིན་དང་། དེའི་རྗེས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེའི་ཕྱག་རོགས་སོགས་བྱས་ཡོད་པ་དང་། ཨ་ཧྥི་རི་ཀའི་ཡུལ་གྲུ་བྷ་རེན་ (Bahrain) དང་སོ་ཌི་ཨེ་རབ་བྷེ་ཡ་ (Saudi Arabia) ནང་ཨ་རིའི་ཕྱི་འབྲེལ་མི་སྣའི་བྱ་བ་བསྒྲུབས་ཡོད་པ་མ་ཟད། ༢༠༠༥ ནས་ ༢༠༠༨ བར་ཇོར་ཌན་གྱི་ཨ་རིའི་གཞུང་ཚབ་ཆེན་མོའང་གནང་ཡོད་འདུག 

༢༠༠༨ ནས་ ༢༠༠༩ ལོ་བར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ནུབ་ཨེ་ཤ་ཡའི་ལས་དོན་ཁང་གི་འགན་འཛིན་གཞོན་ པར་བསྐོས་ཡོད་པ་དང་། ༢༠༠༩ ནས་ ༢༠༡༡ ལོ་བར་དཀྱིལ་ཤར་ཡུལ་གྲུའི་དམག་འཐབ་ལྷིང་འཇགས་ཡོང་ཐབས་ལ་ཞི་མོལ་གནང་མཁན་གྱི་ཨ་རིའི་དམིགས་བསལ་སྐུ་ཚབ་གཞོན་པ་བཅས་ཀྱི་བྱ་གཞག་ཁག་བསྒྲུབས་རྗེས། ༢༠༡༡ ནས་ ༢༠༡༣ ལོའི་བར་དཀྱིལ་ཤར་ཡུལ་གྲུའི་ཨ་རིའི་དམིགས་བསལ་སྐུ་ཚབ་གནང་སྟེ་གྲུབ་འབྲས་ཡག་པོ་ཐོབ་ཡོད་སྟབས། ༢༠༡༣ ལོའི་ལོ་མཇུག་ཏུ་ ལེ་བྷ་ཎོན་གྱི་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱས་ཏེ་ད་ལྟ་ལས་འགན་སྒྲུབ་ཡོད་པ་རེད།

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་ལྟ་ཨ་རིས་པ་ཀི་སི་ཐན་དང་བདེ་སྲུང་དང་གསང་བའི་ལས་དོན་ཐོག་མཉམ་ལས་བྱས་ཏེ། ཁ་ཆེའི་དྲག་སྤྱོད་པ་རྩ་མེད་བཟོ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། དེ་སྔོན་ཨ་རིའི་དམིགས་བསལ་བྱ་སྤྱོད་རུ་ཁག་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་བྷིན་ལཱ་ཌིན་བསད་པ་མ་ཟད། ད་ལྟ་རྒྱ་གར་གཞུང་དང་རྡུལ་ཕྲན་གློག་ཤུགས་ཀྱི་གྲོས་མཐུན་བཞག་པ་དང་འབྲེལ། རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཁོངས་སུ་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད་སྟབས། གཞུང་ཚབ་པ་གང་འདྲ་ཞིག་བསྐོ་བཞག་བྱས་ཀྱང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་བཟང་ ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག

 གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese