མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་གནས་དབྱུང་གཏོང་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་ཉིན་ནས་བཟུང་བྷར་ཛིལ་གྱི་མང་ཚོགས་ས་ཡ་གཅིག་ལྷག་གིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་ཏུ་སྲིད་འཛིན་གནས་དབྱུང་གཏོང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་འདུག

ཟླ་འདིའི་ཚེས་ ༡༥ ཉིན་བྷར་ཛིལ་གྱི་ཁྲིམས་རྩོད་པ་ཌལ་ཌན་ (Deltan Martinazzo Dallagnol) ཞུ་བ་ཞིག་གིས་གཞུང་འཛིན་ངལ་རྩོལ་ཚོགས་པའི་དངུལ་གཉེར་ཇའོ་ཝ་ཁཱ་རེ་ (Joao Vaccari) གཙོས་ཆབ་སྲིད་པ་ ༢༧ གྱིས་གཞུང་གི་སྟངས་འཛིན་འོག་ཡོད་པའི་པེ་ཌོར་བྷར་སི་རྡོ་སྣུམ་ཁེ་ལས་ (Petrobras) ནས་ཨ་སྒོར་ཐེར་འབུམ་མང་པོ་ལྐོག་ཟ་དང་ལྐོག་རྔན་བླངས་ཡོད་སྐོར་བསྒྲགས་ཡོད་སྟབས། རྒྱལ་ས་བྷར་ཛི་ལི་གཙོས་རྒྱལ་ཡོངས་ཀྱི་མངའ་སྡེ་ ༢༢ དང་གྲོང་ཁྱེར་ཁག་ ༡༥༠ ཡི་མང་ཚོགས་ས་ཡ་གཅིག་ལྷག་གིས་ངོ་རྒོལ་བྱས་ཏེ། བྷར་ཛིལ་གྱི་སྲིད་འཛིན་ལྕམ་ཌིལ་མཱ་རོབ་སི་ཧྥི་ (Dilma Rousseff)ལས་གནས་ནས་གནས་དབྱུང་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་འདུག

འདིའི་ཐད་ཁྲིམས་གཏུགས་བྱེད་མཁན་ཁྲིམས་རྩོད་པ་ཌལ་ཌན་གྱིས་རོའུ་ཌར་གསར་ལམ་ཐོག “ང་ཚོར་གཞུང་འཛིན་ངལ་རྩོལ་ཚོགས་པའི་དངུལ་གཉེར་ཇའོ་ཝ་ཁཱ་རེ་ཡིས་པེ་ཌོར་བྷར་ སི་རྡོ་སྣུམ་ཁེ་ལས་ཀྱི་འགན་འཛིན་ཟུར་པ་རེ་ཎཱ་ཌོ་ (Renato Duque) ས་ནས་ཞལ་འདེབས་མ་དངུལ་མང་པོ་བསླུ་བྲིད་བྱས་ཡོད་པ་ཁུངས་སྐྱེལ་བྱ་རྒྱུ་ཡོད་པ་མ་ཟད། ཎཱ་ཌོ་ཡིས་ཁོར་དངུལ་དེ་དག་ལྐོག་རྔན་གྱི་ཚུལ་དུ་སྤྲད་ཡོད་པ་བདེན་དཔང་བྱས་ཡོད་པར་བརྟེན། འདས་ལོའི་ནང་ཎཱ་ཌོ་བཙོན་འཇུག་བྱས་ཡོད་ཀྱང་ངན་རོགས་མང་པོ་ཞིག་འཛིན་བཟུང་བྱེད་ཐུབ་མེད་སྟབས། ད་ཐེངས་ཆེས་མཐོའི་ཁྲིམས་ཁང་གིས་བརྟག་དཔྱད་ནན་མོ་བྱས་ནས་ཉེས་ཆད་གཅོད་དགོས”ཞེས་བརྗོད་འདུག

བྷར་ཛིལ་གྱི་སྲིད་འཛིན་ལྕམ་ཌིལ་མཱ་རོབ་སི་ཧྥི་ཡིས།  “ཁོ་ཚོས་བརྟག་དཔྱད་བྱེད་དགོས་ཚེ་བྱ་རྒྱུ་ཡིན་སྟབས། སུས་ནོར་འཁྲུལ་བྱས་ཡོད་ཀྱང་འགན་འཁུར་དགོས”ཞེས་བརྗོད་ཡོད་པ་དང་། བདུན་ཕྲག་འདིའི་ནང་ཁོ་མོས་གྲོས་ཚོགས་ནང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་རྒྱུའི་ཐབས་ལམ་ཞིག་གསལ་སྟོན་དང་འབྲེལ་ཆབ་སྲིད་བཅོས་སྒྱུར་གྱི་རྩ་འཛིན་ཁྲིམས་ཡིག་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད་འདུག གཞུང་འཛིན་ངལ་རྩོལ་ཚོགས་པས་པེ་ཌོར་བྷར་རྡོ་སྣུམ་ཁེ་ལས་ནས་ཁྲིམས་མཐུན་ཐོག་ཞལ་འདེབས་བསྡུ་སློང་བྱས་པ་ལས་ལྐོག་ཟ་རུལ་སུངས་བྱས་མེད་སྐོར་བརྗོད་འདུག

༢༠༠༣ ནས་ ༢༠༡༢ ལོའི་བར་རེ་ཎཱ་ཌོ་ (Renato Duque) ཡིས་པེ་ཌོར་རྡོ་སྣུམ་ཁེ་ལས་ཀྱི་འགན་འཛིན་བྱེད་སྐབས། གཞུང་གིས་ཁོས་ལྐོག་ཟ་བྱས་པ་དང་ལྐོག་རྔན་བླངས་ཡོད་པའི་དོགས་གཞིའི་འོག་རླངས་འཁོར་གཙང་ཕྱག་ལས་འགུལ་(Operation Car Wash) ཞེས་པ་ཞིག་སྤེལ་ཏེ། རྟོག་ཞིབ་ཚོགས་ཆུང་གིས་ཎཱ་ཌོ་ཡིས་ཨ་སྒོར་ས་ཡ་ ༢༡ ཙམ་སུད་སི་དང་མོ་ཎཱ་ཁཱོ། ཨ་རི་དང་ཧོང་ཀོང་སོགས་ཀྱི་དངུལ་ཁང་ནང་བཏང་ཡོད་པ་ཤེས་རྟོགས་བྱུང་སྟེ་འདས་ལོར་ཁོ་འཛིན་བཟུང་བྱས་ཡོད།

བདུན་ཕྲག་སྔོན་མའི་ནང་པེ་ཌོར་རྡོ་སྣུམ་ཁེ་ལས་ཀྱི་འགན་འཛིན་ཟུར་པ་པེ་ཌོར་ (Pedro Barusco) གྱིས་བྷར་ཛིལ་གྲོས་ཚོགས་ཀྱི་བསྐྱར་ཞིབ་བགྲོ་གླེང་སྐབས། གཞུང་འཛིན་ངལ་རྩོལ་ཚོགས་པས་པེ་ཌོར་རྡོ་སྣུམ་ཁེ་ལས་ལ་གཞུང་གི་ལས་འཆར་ཁག་ཅིག་ཐོབ་ཆེད་རྡོ་སྣུམ་ཁེ་ལས་ནས་ཨ་སྒོར་ས་ཡ་ ༢༠༠ ལྷག་ལྐོག་རྔན་བླངས་ཚུལ་བརྗོད་ཡོད་པ་མ་ཟད། ཁ་ཉིན་ཁྲིམས་རྩོད་པ་ཌལ་ཌན་གྱིས་གཞུང་འཛིན་ངལ་རྩོལ་ཚོགས་པའི་དངུལ་གཉེར་ཐེ་པའི་ཆབ་སྲིད་པ་ ༢༧ གྱིས་གཞུང་འཛིན་རྡོ་སྣུམ་ཁེ་ལས་ནས་ལྐོག་ཟ་བྱས་ཡོད་པ་ཐེར་འདོན་བྱས་ཡོད་འདུག

༢༠༡༤ ལོའི་ཟླ་ ༢ ནང་བྷར་ཛིལ་ཆེས་མཐོའི་ཁྲིམས་ཁང་གིས་ཆབ་སྲིད་པ་དང་ཁེ་ལས་པ་གཙོས་གཞུང་གི་གནད་ཡོད་མི་སྣ་མང་པོ་ཞིག་གིས་བྷར་ཛིལ་གྱི་པེ་ཌོར་བྷར་སི་རྡོ་སྣུམ་ཁེ་ལས་ (Petrobras) ནས་ཨ་སྒོར་ཐེར་འབུམ་ ༣ ལྐོག་ཟ་བྱས་ཡོད་པ་ཕྱིར་བསྒྲགས་བྱས་ཡོད་ཅིང་། རྡོ་སྣུམ་ཁེ་ལས་ཀྱི་འགན་འཛིན་ཟུར་བ་གཉིས་དང་ས་ཁང་ཐོན་ལས་ཀྱི་ཁེ་ལས་པ་བརྒྱད། ཆབ་སྲིད་པ་དང་སྲི་ཞུ་བ་ཁག་ཅིག་བཅས་ཁྱོན་མི་ ༣༩ འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བཏང་ཡོད་སྟབས། སྐབས་དེར་གསར་ལམ་ཁག་ཅིག་གིས་ལྕམ་ཌིལ་མཱ་རོབ་སི་ཧྥི་ཡིས་ཀྱང་ལྐོག་ཟ་བྱས་ཡོད་པའི་ནག་ཉེས་བཙུགས་ཡོད་ཀྱང་། ཁོ་མོས་གནད་དོན་ངོས་ལེན་བྱས་མེད་པ་མ་ཟད། ད་ཐེངས་ཀྱང་ཁོ་མོས་དོན་རྐྱེན་དེ་དང་འབྲེལ་བ་མེད་སྐོར་བརྗོད་ཡོད།

ཁ་སང་ངོ་རྒོལ་ནང་མཉམ་ཞུགས་བྱེད་མཁན་ཨན་ཌར་ (Andre Menezes) གྱིས་དབྱིན་ཡུལ་གྱི་ཉིན་རེའི་གསར་འཕྲིན་ (Daily Mail) ཐོག སྲིད་འཛིན་མཆོག་ལྐོག་ཟ་རུལ་སུངས་དོན་རྐྱེན་དང་ཐད་ཀར་འབྲེལ་བ་མེད་སྲིད་ཀྱང་། ཁོ་མོས་དོན་རྐྱེན་དེ་ཤེས་བཞིན་དུ་དུས་ཐོག་ཐག་གཅོད་མ་བྱས་པར་ནར་འགྱངས་བྱས་ཡོད་སྟབས། ལས་གནས་ནས་གནས་དབྱུང་གཏོང་དགོས་ཞེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese