མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལིན་ཁྱིམ་རྒྱུད་ཞིབ་བཤེར་མཚམས་བཞག་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

ལིན་ཅི་ཧྭ་ཡི་ནུ་བོ་ལིན་ཝན་ཁྲིན་ཨ་རིར་བྲོས་བྱོལ་ཕྱིན་ཡོད་པ་དང་ཁོའི་ལག་ཏུ་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ཚོའི་གསང་བ་མང་པོ་ཞིག་ཡོད་སྟབས་རྒྱ་གཞུང་གིས་ཐབས་ཤེས་སྣ་ཚོགས་བྱས་ཏེ་རྗེས་འདེད་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གི་བཀག་བསྐྱིལ་ཞིབ་བཤེར་འོག་ཡོད་པའི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་ལིན་ཅི་ཧྭ་ཡི་ནུ་བོ་ལིན་ཝན་ཁྲིན་ཉེ་ལམ་ཨ་རི་ལ་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་། ལིན་ཝན་ཁྲིན་གྱི་ལག་ཏུ་ཀྲུང་ནན་ཧེ་ཡི་གལ་ཆེའི་གསང་བ་ཁ་ཤས་ཡོད་སྟབས། ཁོ་ཕྱི་ལོགས་སུ་ཤོར་བའི་གནས་ཚུལ་དེ་ཐོན་མ་ཐག་རྒྱ་ནག་གཞུང་གིས་ལིན་ཁྱིམ་རྒྱུད་ཀྱི་གྱོད་དོན་ཞིབ་བཤེར་མཚམས་འཇོག་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ལིན་ཝན་ཁྲིན་གྱི་ལག་ཏུ་ཡོད་པའི་རྒྱ་ནག་གི་གསང་བ་དེ་ནི་ཝང་ལི་ཅིན་གྱིས་གསང་བ་ཕྱི་གྱར་བྱས་པ་ལས་ཀྱང་ལྷག་ཡིན་པ་དང་། དེ་ནི་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ཚོའི་གཡེམ་སྦྱོར་གྱི་བརྙན་པར་རིགས་ཡིན་པའི་གནས་ཚུལ་ཐོན་འདུག

ཕྱི་ཚེས་ ༢༠ ཉིན་ཀྲུང་གོར་ལྟ་བ་ཞེས་པའི་དྲ་བའི་སྟེང་། ལིན་ཅི་ཧྭ་ཡི་ཕུ་བོ་གཉིས་པ་ཧྲན་ཞི་ཞིང་ཆེན་སྲིད་གྲོས་འགན་འཛིན་གཞོན་པ་ཟུར་པ་ལིན་ཀྲིན་ཚི། རྒྱ་གཞུང་གིས་བཀག་ཉར་ཞིབ་བཤེར་བྱས་པའི་ཉིན་གཉིས་སྔོན་ལ་ལིན་ཝན་ཁྲིན་ཨ་རི་ལ་བྲོས་བྱོལ་ཕྱིན་ཡོད་པ་དང་། ལིན་ཝན་ཁྲིན་ལ་ཨ་རི་དང་ཁེ་ན་ཌ་སོགས་སུ་སྡོད་ཁང་ཡོད་པའི་བཤད་ཚུལ་ཡོད་སྟབས། ཟླ་གཉིས་པའི་ནང་ཨ་རིའི་རླུང་འཕྲིན་ཁང་གིས་ཨ་རའི་ཕྱི་སྲིད་ལྷན་ཁང་ལ་གནས་ཚུལ་དེའི་སྐོར་བཅའ་འདྲི་བྱས་པར། གྱོད་དོན་འདིའི་སྐོར་ལ་གསལ་བཤད་ཞུ་ཐུབ་ཀྱི་མི་འདུག་ཅེས་ལན་བསྐྱོན་འདུག འོན་ཀྱང་། རྒྱ་ནག་ཕྱི་ཕྱོགས་ཀྱི་རྒྱ་ཡིག་བརྒྱུད་ལམ་ཁག་ཏུ། ལིན་ཝན་ཁྲིན་ཨ་རིར་བྲོས་བྱོལ་དུ་ཕྱིན་པ་དང་ཁོའི་ལག་ཏུ་རྒྱ་གཞུང་གི་ཚོར་བ་རྣོ་བའི་གསང་བ་འབོར་ཆེན་ཞིག་ཡོད་སྟབས། གལ་སྲིད་རྒྱ་གཞུང་གིས་མུ་མཐུད་དུ་ལིན་ཁྱིམ་རྒྱུད་ལ་སྔོག་བཤེར་བྱས་པ་ཡིན་ན། ཁོས་གསང་བ་དེ་དག་ཨ་རི་ནས་ཁྱབ་བསྒྲགས་བྱ་རྒྱུའི་འཇིགས་སྐུལ་བྱས་ཡོད་པ་སོགས་བརྗོད་ཡོད་འདུག

ཟླ་འདིའི་ཚེས་ ༨ ཉིན་མིན་ཅིན་གསར་ཁང་གི་རྩོམ་སྒྲིག་པ་ཁྲིན་ཞོ་ཕིན་ (Chen Xiaoping) གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཀྲུང་ནན་ཧེའི་ནང་གི་གཙོ་གཉེར་བ་ཆེན་མོ་ལིན་ཅི་ཧྭ་ཡི་ནུ་བོ་ཕྱི་ལ་བྲོས་བྱོལ་ཕྱིན་པ་དེ་ནི། དེ་སྔའི་ཁྲོན་ཆེན་གྲོང་ཁྱེར་ཉེན་རྟོག་མགོ་བ་ཝང་ལིན་ཅིན་གྱིས་རྒྱ་ནག་ལ་རྒྱབ་འགལ་བྱས་པ་དང་བསྡུར་ན་ཧ་ཅང་ཚབས་ཆེན་ཡིན་པ་མ་ཟད། རྒྱ་ནག་གཞུང་གི་རིག་གནས་གསར་བརྗེ་རྗེས་ཀྱི་བྲོས་བྱོལ་བ་ཚབས་ཆེ་ཤོས་སུ་གྱུར་ཡོད་སྟབས། ད་ལྟ་བར་དུ་པེ་ཅིན་གྱིས་ཐབས་ཤེས་སྣ་ཚོགས་བྱས་ཏེ་ཨ་རི་དང་ཕྱི་ཕྱོགས་ལ་གསང་འཕྲིན་བརྒྱ་ལྷག་བཏང་སྟེ། ཁོ་རྩད་གཅོད་བྱས་ཡོད་ཀྱང་མཇུག་འབྲས་གང་ཡང་ཐོན་མི་འདུག འོན་ཀྱང་། ལིན་ཝན་ཁྲིན་གྱི་ལག་ཏུ་ཆབ་སྲིད་ཀྱི་ཉིང་རྡུལ་འབར་མདེལ་ག་རེ་ཡོད་དམ་ཞེ་ན། རྩོམ་སྒྲིག་པས་མུ་མཐུད་དུ། ལིན་ཅི་ཧྭ་ཡི་ཆབ་སྲིད་གོ་གནས་ཅང་ཙི་མིན་དང་ཧུའུ་ཅིན་ཐོ། ཞི་ཅིན་ཕིན་བཅས་སྲིད་འཛིན་གསུམ་གྱི་ནང་དུ་གནས་པ་འདི་དང་། ལིན་ཝན་ཁྲིན་ནི་ལིན་ཅི་ཧྭ་ཡི་འབྲེལ་མཐུད་པ་གཙོ་བོ་ཡིན་སྟབས། ལིན་ཅི་ཧྭ་ཡིས་གང་ཤེས་པ་ཐམས་ཅད་ཁོས་ཀྱང་ཤེས་པ་དང་། ཡིན་ན་ཡང་། པེ་ཅིན་གྱིས་སེམས་ཁྲལ་བྱེད་ས་ནི། རྒྱ་གཞུང་མཐོ་རིམ་དཔོན་རིགས་ཚོའི་སྒེར་གྱི་གཡེམ་སྦྱོར་གྱི་གནས་ཚུལ་རྫོབ་པོ་དང་། རྒྱ་ནག་གཞུང་གི་སྲིད་བྱུས་ཀྱི་གསང་བ་དག་རེད། གནས་ཚུལ་འདི་གཅིག་པུས་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ཚོའི་དཔའ་འཁུམ་སྙིང་འདར་བྱེད་ཀྱིན་ཡོད་སྟབས། ད་ལྟ་རྒྱལ་སྤྱིའི་གསང་འཕྲིན་གླིང་ན་ལིན་ཝན་ཁྲིན་རྗེས་འདེད་ཀྱི་དམིགས་འབེན་ཡིན་པའང་དེ་རེད་ཅེས་བརྗོད་འདུག

ཕྱི་ཚེས་ ༡༠ ཉིན། པའོ་ཝིན་ཧྲི་ (baowenshe)བརྒྱུད་ལམ་ལ་ཀྲུང་ནན་ཧེ་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཀྲུང་ནན་ཧེ་མཐོ་རིམ་དཔོན་ཚོ་ལིན་ཝན་ཁྲིན་གྱི་ལག་ཏུ་ཆབ་སྲིད་ཀྱི་ཉིང་རྡུལ་ཞིག་ཡོད་པར་ཁྱོན་ནས་ཞེད་ཀྱི་མེད་པ་མ་ཟད། ཆབ་སྲིད་ཀྱི་འཇིགས་སྐུལ་བྱེད་པ་ལ་དེ་བས་ཀྱང་ཞེད་ཀྱི་མེད་པ་དང་། དེ་ལ་རྒོལ་རྡུང་གི་གྲ་སྒྲིག་ཡོད་སྐོར་བརྗོད་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་ཀྲུང་གོ་ལྟ་བ་ཞེས་པའི་དྲ་བས་བརྒྱུད་ལམ་གཞན་གྱི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན། པེ་ཅིན་གྱིས་སེམས་ཁྲལ་བྱེད་བཞིན་པ་ནི་ལིན་ཝན་ཁྲིན་གྱི་ལག་ཏུ་ཡོད་པ་ནི་རྒྱ་ནག་གཞུང་གི་དམག་དོན་གནས་ཚུལ་གང་ཡང་མིན་ལ། རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ནང་དོན་ཡང་མེད། འོན་ཀྱང་། ཁོའི་ལག་ཏུ་ཡོད་པ་ནི་རྒྱ་གཞུང་མཐོ་རིམ་དཔོན་རིགས་ཚོའི་གཡེམ་སྦྱོར་བརྙན་ཐུང་འགའ་ཡོད་པའི་དོགས་གཞི་ཡོད་པ་དེ་རེད། ཡིན་ན་ཡང་། གནས་ཚུལ་འདིར་ཡིད་ཆེས་བྱེད་པར་ད་དུང་ཁུངས་སྐྱེལ་ར་སྤྲོད་བྱེད་དགོས་པ་ཞིག་ཆགས་ཡོད། ཅེས་སོགས་འཁོད་འདུག

གསར་འགོད་པ། འཇིགས་མེད།

 

འབྲེལ་ཡོད་གསར་འགྱུར།

A view inside the Main Tibetan Temple during His Holiness the Dalai Lama’s teaching in Dharamsala, HP, India on October 4, 2025. Photo by Ven Zamling Norbu
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་མཛད།

ཆུ་ཚོད་ ༢༣ སྔོན་ལ།
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ་ཤོག་སྦག་ཕོན་ཆེན་སྦར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོས། དྲ་ལམ་གྱི་པར།
Mobile App

བོད་ནང་ཤོག་སྦག་སྤར་བ་ལས་འཕྲོས་པའི་གཏམ་གླེང།

༢༠༢༥/༡༠/༠༤
Mobile App

ཧི་མ་ཅལ་གྱི་རྒྱལ་སའི་ཁུལ་དུ་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་འགྲེམས་སྟོན་གནང་།

༢༠༢༥/༡༠/༠༤
Mobile App

པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བས་བོད་ནང་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་འདུག

༢༠༢༥/༡༠/༠༣
HUMAN RIGHTS FIRST HONORS RICHARD GERE WITH INAUGURAL VISIONARY AWARD FOR LIFETIME ACHIEVEMENTS IN HUMAN RIGHTS. Tibettimes Photo
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་འབུལ་གཏན་ཁེལ།

༢༠༢༥/༡༠/༠༣
Himachal dastak Representative Image
Mobile App

བོད་ཁྱིམ་གྱི་སློབ་མ་ཞིག་ལ་བཙན་གཡེམ་བྱས་ཡོད་མེད་ཐད་ཉེན་རྟོག་པས་ཞིབ་འཇུག་བྱེད་མུས་ཡིན་འདུག

༢༠༢༥/༡༠/༠༣

མཆན། 1

  1. བཛྲ་སུ་མ་ཏི། says:
    ལོ་ 11 སྔོན།

    ད་ང་ཚོ་བཙན་བྱོལ་ནང་དུ་ལྐོག་ཟ་རུལ་སུང་དང་སྤྱི་རྒྱུ་སྒེར་བདག མི་གསོད་ཁྲག་སྦྱོར་གསུམ་ཐོན་སོང་ང་། ད་གཡེམ་སྦྱོར་བརྙན་ཐུང་ཡང་ཐོན་ལ་ཉེ་བ་མེད་འགྲོ་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese