མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིར་བྲོས་བྱོལ་ཕྱིན་པའི་རྒྱ་དཔོན་རུལ་སུངས་པ་ཚོ་འཛིན་རོགས་བྱོས།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་བྱེད་མཁན་མང་པོ་ཞིག་ཨ་རི་སོགས་ཕྱི་རྒྱལ་ཁག་ཏུ་བྲོས་བྱོལ་བྱས་ཡོད་པའི་དམིགས་བསལ་མིང་ཐོ་ཞིག་ཨ་རིའི་གཞུང་ལ་སྤྲད་དེ། ཉེས་ཅན་དེ་དག་འཛིན་བཟུང་དང་རྒྱ་ནག་ནང་གི་ནག་ཚོགས་རྩ་གཏོར་ཆེད་ཨ་རིའི་གཞུང་གིས་རོགས་འདེགས་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

གཟའ་ལྷག་པའི་ཉིན། རྒྱ་ནག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབུས་རུལ་སུངས་རྒོལ་རྡུང་ལས་འགུལ་གྱི་མགོ་གཙོ་ཞི་ཅིན་ཧོའུ་ (Xu Jinhui) གྱིས་རྒྱ་ནག་གཞུང་འབྲེལ་གསར་ལམ་ཐོག ཨ་རིར་བྲོས་བྱོལ་དུ་ཕྱིན་པའི་རྒྱ་ནག་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་པ། དེ་བཞིན་ཁྲིམས་འགལ་གྱི་དངུལ་འབོར་ཆེན་པོ་ལྐོག་ཉར་བྱས་ཡོད་པའི་མི་སྣ་མང་པོ་ཞིག་གི་དམིགས་བསལ་མིང་ཐོ་ཞིག་ཨ་རིའི་གཞུང་ལ་ཕུལ་ཏེ། ཨ་རིའི་གཞུང་ནས་འཛིན་བཟུང་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་། དམིགས་བསལ་མིང་ཐོ་དེའི་ནང་རྒྱ་ནག་གི་ཁྲིམས་འགལ་ཉེས་ཅན་པ་མང་པོ་ཞིག་ཨ་རིའི་ནང་སྐུང་ཡོད་སྐོར་འཁོད་ཡོད་ཀྱང་། མི་སུ་དག་ཚུད་ཡོད་མེད་ཁྱབ་བསྒྲགས་བྱས་མེད་སྟབས། ཕྱི་ཕྱོགས་ཀྱི་ལམ་གསར་ཁག་ཏུ། དེ་ནི་རྒྱ་གཞུང་གི་གསང་བའི་གནས་ཚུལ་མང་པོ་ཤེས་མཁན་ལིན་ཅི་ཧྭ་ཡི་ནུ་བོ་ལིན་ཝན་ཁྲིན་དང་། ལྐོག་ཟ་དངུལ་འབོར་ཆེ་ཤོས་གྲས་ཀོ་ཝན་ཀོའུ་ (Guo Wengui) སོགས་ཀྱི་མིང་ཐོ་ཡིན་ཚུལ་བརྗོད་པ་མ་ཟད། དཔྱད་ཞིབ་པ་ཁག་ཅིག་གིས། ཝང་ཆི་ཧྲན་ཨ་རི་ལ་སྐོར་སྐྱོད་བྱེད་འཆར་ཡོད་པ་དེའང་དཔོན་ངན་བྲོས་བྱོལ་པ་དེ་ཚོ་འཛིན་རྒྱུའི་ལས་འཆར་ཞིག་ཡིན་པ་དང་། གང་མགྱོགས་ “སྟག་རྒན་རྒྱལ་བོ་” གསོན་འཛིན་བྱ་རྒྱུའི་རྟགས་མཚན་གསལ་བོ་ཡིན་སྐོར་ཡང་བརྗོད།

གཟའ་ལྷག་པའི་ཉིན་ཏཱ་ཅིས་ཡོན་དྲ་བའི་སྟེང་། ཉེ་ལམ་པེ་ཅིན་གཞུང་གིས་རྒྱལ་ཁབ་གཞན་ལ་བྲོས་བྱོལ་ཕྱིན་བའི་རུལ་སུངས་དཔོན་ངན་འཛིན་བཟུང་གི་ནུས་ཤུགས་ཆེ་རུ་གཏོང་གི་ཡོད་པ་དང་། རྒྱ་གཞུང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མགོ་གཙོ་ཝང་ཆི་ཧྲན་འབྱུང་གྱུར་ཨ་རིར་བསྐྱོད་འཆར་ཡོད་པ་དེ་ནི། བྲོས་བྱོལ་བ་དེ་དག་གི་སྐོར་ལ་ཨ་རིའི་གཞུང་དང་གྲོས་མོལ་བྱ་འཆར་ཡིན་ཡང་། ལས་རིམ་ད་དུང་གཏན་འཁེལ་མེད་པ་དང་། འབྱུང་གྱུར་ཕྱི་ཟླ་ ༩ བའི་ནང་སྲིད་འཛིན་ཞི་ཅིན་ཕིན་ཨ་རི་སྐོར་སྐྱོད་བྱ་འཆར་ཡོད་ཚུལ་སོགས་བཀོད་འདུག

ལིན་ཝན་ཁྲིན་ཨ་རིར་བྲོས་བྱོལ་བྱས་པ་དང་། ཁོའི་ལག་ཏུ་ཀྲུང་ནན་ཧེ་ཡི་གལ་ཆེའི་གསང་བ་ཁ་ཤས་ཡོད་སྟབས། རྒྱ་ནག་གཞུང་གིས་ལིན་ཁྱིམ་རྒྱུད་གྱི་ཁེ་ཕན་མེད་པའི་སྔོག་བཤེར་མཚམས་འཇོག་བྱས་ཡོད་པའི་གནས་ཚུལ་ཞིག་གསར་ལམ་ཁག་ཏུ་ཐོན་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་རྒྱ་ཡིག་བརྒྱུད་ལམ་ཁག་ཏུ། ལིན་ཝན་ཁྲིན་ཨ་རིར་བྲོས་སྐབས་ཁོའི་ལག་ཏུ་རྒྱ་ནག་དཔོན་རིགས་ཚོའི་གཡེམ་སྤྱོད་ཀྱི་བརྙན་ཐུང་འགའ་ཡོད་ཚུལ་ཡང་བཀོད་ཡོད་ཀྱང་། ཟླ་འདིའི་ཚེས་ ༡༠ ཀྲུང་ནན་ཧེ་ནས་གསལ་བཤད་བྱས་པར། ལིན་ཝན་ཁྲིན་གྱི་ལག་ཏུ་ཆབ་སྲིད་ཀྱི་ཉིང་རྡུལ་ཞིག་ཡོད་པ་རེད་ཟེར་བ་དེར་ཀྲུང་ནན་ཧེའི་མཐོ་རིམ་དཔོན་ཚོ་ཁྱོན་ནས་ཞེད་ཀྱི་མེད་པར་དེ་ལ་རྒོལ་རྡུང་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་ཚུལ་བརྗོད་འདུག དེ་བཞིན། ཟླ་འདིའི་ཚེས་ ༡༣ ཉིན། རྒྱ་ནག་གཞུང་གི་ཆེས་མཐོའི་ཁྲིམས་ཁང་གི་མགྲིན་ཚབ་པ་སཱོན་ཅོན་ཀོན་ (Sun Jungong) གྱིས། ཀྲུའུ་ཡོན་ཁཱང་དང་ལིན་ཅི་ཧྭ་གཉིས་ཀྱི་ཉེས་དོན་ཡོངས་ཁྱབ་ཐོག་འདྲི་གཅོད་བྱ་རྒྱུ་ཡིན་པ་དང་། གནས་ཚུལ་དེ་ཐད་ཀར་རྒྱང་སྲིང་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

ཉེ་ཆར་རྒྱ་ནག་ལྐོག་གྱུར་གྱི་ཚོང་པ་ “པེ་ཅིན་སྟེང་ཕྱོགས་ཚོང་འབྲེལ་འཛིན་སྐྱོང་ལྷན་ཁང་” (北京政泉控股)ཟེར་བའི་རྒྱབ་ཀྱི་སྤྱིན་བདག་ཀོ་ཝན་ཀོའུ་དང་རྒྱ་ནག་གཞུང་གི་དཔོན་ངན་ཚོའི་བར་ཐོག་མར་མཉམ་འབྲེལ་བྱས་པ་དང་། རྗེས་སུ་འགལ་ཟླ་བྱུང་པའི་བརྒྱུད་རིམ་གཅིག་རྗེས་གཉིས་མཐུད་དུ་གླེང་སློང་བྱུང་པ་དང་། དེ་འབྲེལ་གྱི་རྩོམ་ཡིག་ཅིག་ཏུ། ཀོ་ཝན་ཀོའུ་ལ་སྔོན་ཆད་འབྲེལ་བ་ཟབ་མོ་ཡོད་པའི་རྒྱ་ནག་གཞུང་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པ་མཱ་ཅིན་()གྱི་ནག་ཉེས་སྐོར་ཀོ་ཝན་ཀོའུ་ཡིས་རྒྱ་གཞུང་ལ་སྙན་སེང་ཞུས་རྗེས་མཱ་ཅན་གྱི་གོ་གནས་ཕབ་ཡོད་པའི་གནས་ཚུལ་ཕྱི་ཟླ་ ༢ ཚེས་ ༡༡ ཉིན་རྒྱ་ནག་གི་སཱོ་ཧོའི་དྲ་བའི་སྟེང་། “ཀོ་ཝན་ཀོའུ་སྔ་རྗེས་ཀྱི་སྲིད་ཚོང་རྒྱལ་ཁབ་” ཅེས་པའི་རྩོམ་ཡིག་ཅིག་ཏུ་བཀོད་ཡོད་ཀྱང་། དེའི་རྗེས་རྗེས་རྩོམ་ཡིག་དེ་དྲ་བའི་སྟེང་ནས་ནག་གསུབ་བཏང་ཡོད་འདུག

པའོ་ཞིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༣ ལོའི་ཟླ་ ༡༢ ནང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཀོ་ཝན་ཀོའུ་ལ་གྲོས་མོལ་དུས་ཆད་བཟོས་རྗེས་ཁོ་རྒྱ་ནག་ནས་བྲོས་བྱོལ་ཕྱིན་ཡོད་པ་དང་། ༢༠༡༤ ལོའི་ལོ་མཇུག་ལ་དབྱིན་ཡུལ་ནས་ཏོག་ཙམ་བསྡད་རྗེས་ཨ་རིར་འབྱོར་ཡོད་འདུག ཨ་རི་ནས་ཁོས་རྒྱ་ནག་ལ་གནས་ཚུལ་ཁ་ཤས་སྙན་སེང་ཞུས་ཡོད་འདུག་ལ། ༢༠༡༥ ལོའི་ཟླ་ ༡ ཚེས་ ༢༢ ཉིན་སྦྲགས་ཐོག་ནས་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་ལ་ཡི་གེ་ཞིག་བཏང་ཡོད་པའི་ནང་། རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པ་མཱ་ཅིན་(Ma Jian)གྱི་ལག་ཏུ་ང་རང་གི་ཨ་སྒོར་ཁྲི་ ༤༥༠༠ ཙམ་ལྷག་ཡོད་ཚུལ་སོགས་བཀོད་ཡོད་འདུག

ཟླ་འདི་ཚེས་ ༢༤ ཉིན། རྒྱ་ནག་གི་ལིན་ཅེན་ (Lengjing)དྲ་ཚིགས་སྟེང་གནས་ཚུལ་སྤེལ་བའི་ནང་། ཀོ་ཝན་ཀོའུ་ཡིས་པེ་ཅིན་ནས་ཕན་ཀོའི་ཏཱ་ཀན་(盘古大观) འཛུགས་བསྐྲུན་བྱས་པ་དང་། ཆབ་སྲིད་དང་ཚོང་འབྲེལ་གྱི་དྲ་རྒྱ་འབོར་ཆེན་བཙུགས་པའི་བརྒྱུད་རིམ་ཁྲོད། ཁོས་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པ་མཱ་ཅིན་དང་མཉམ་འབྲེལ་བྱས་ཏེ། པེ་ཅིན་གྲོང་ཁྱེར་གྱི་མགོ་གཙོ་གཞོན་པ་ལིའུ་ཀྲི་ཧྭ་ཕམ་པར་བརྒྱབ་པ། མཇུག་མཐར་རྒྱ་ནག་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པ་མཱ་ཅིན་འཛིན་བཟུང་བྱས་ཚུལ་སོགས་འཁོད་ཡོད་པ་དང་། ཀོ་ཝན་ཀོའུ་ཡི་བུ་དང་ལིན་ཅི་ཧྭ་ཡི་བུ་གཉིས་འབྲེལ་བ་ཡོད་ཚུལ་དང་ཁོ་གཉིས་རླངས་འཁོར་ལ་དགའ་བ་སོགས་ཀྱང་བཀོད་ཡོད་འདུག

ཝང་ཆི་ཧྲན་འབྱུང་འགྱུར་ཨ་རིར་བསྐྱོད་རྒྱུའི་གནས་ཚུལ་རྒྱ་ནག་སྐམ་སར་ཁྱབ་པ་དང་བསྟུན་ཏེ། རྒྱལ་ཁབ་གཞན་ལ་བྲོས་བྱོལ་ཕྱིན་པའི་རྒྱ་ནག་ཧི་པེ་ཞིང་ཆེན་ཀྲུའུ་ཁཱོའི་གྲོང་ཁྱེར་གྱི་འབྲི་མཛོད་ཁང་གི་འགན་འཛིན་ཆའོ་ཅན་ཅོན་ (Qiao Jianjun)གྱི་སྐྱེས་དམན་སྔ་མ་ཀྲའོ་ཧྲི་ལན་ (Zhao Shilan) འཛིན་བཟུང་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༧ ཉིན། ཨ་རིའི་མཉམ་འབྲེལ་མཐུན་ཚོགས་ཟེར་བས་ཀྲའོ་ཧྲི་ལན་ཁྲིམས་འགལ་ཐོག་ཨ་རིར་གནས་སྤོར་བྱས་པ་དང་། དངུལ་གཙང་མ་བཟོས་པའི་ནག་ཉེས་བཅས་ཀྱི་འོག་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ཚེས་ ༢༠ ཉིན། ཝ་ཤིན་ཊོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁྲིམས་ཁང་ཞིག་ནས་འདྲི་གཅོད་བྱས་མཐར། ལོ་སན་ཇི་ལེ་གྲོང་ཁྱེར་ཁྲིམས་ཁང་གིས་ཐག་གཅོད་བྱ་རྒྱུར་བཀོལ་མངག་བྱས་ཡོད་འདུག ཀྲའོ་ཧྲི་ལན་དང་མོའི་སྔོན་མའི་ཁྱོ་ག་ཆའོ་ཅན་ཅོན་གཉིས་གཞིས་སྤོར་གྱི་མིང་ཐོག་ནས་ཨ་རིར་བསྐྱོད་ཡོད་པ་མ་ཟད། ཁྲིམས་འགལ་གྱི་དངུལ་དང་ཁང་པ་མང་པོ་ཡོད་སྟབས། ཨ་རིའི་གཞུང་གིས་རྩད་ཞིབ་བྱས་པ་བརྒྱུད་དེ་ཁོ་གཉིས་ལ་ནག་ཉེས་མང་པོ་ཡོད་པའི་འཚང་བརྡོལ་ཡོད་འདུག

དཔལ་འབྱོར་དུས་བབ་ (Financial Times) དྲ་བའི་སྟེང་། ཇེམ་སུ་ཊང་ཐེབས་རྩའི་ (Jamestown Foundation) རྒྱ་ནག་བདེ་འཇགས་ཆེད་མཁས་པ་ཕེ་ཊའུ་མཱ་ཊེ་སུ་ (Peter Matisse)ལགས་ཀྱིས། “གལ་སྲིད་ཝང་ཆི་ཧྲན་གྱིས་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་འགན་འཁུར་ཐོག་ནས་ཨ་རིར་བསྐྱོད་པ་ཡིན་ན། ཁོས་རྒྱ་ནག་གི་རུལ་སུངས་ཕྱིར་བྲོས་པ་རྣམས་འཛིན་བཟུང་དང་། ཁྲིམས་འགལ་ཐོག་རྒྱ་གར་ཕྱིར་འདྲེན་བྱས་ཡོད་པ་དག་གི་ར་མདའ་རེད།” ཅེས་བརྗོད་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཧྲི་ཏཱ་ (Shi Da)ཡིས། ཝང་ཆི་ཧྲན་ཨ་རིར་བསྐྱོད་འཆར་དེ་རུལ་སུངས་དཔོན་ངན་བྲོས་བྱོལ་བ་རྣམས་འཛིན་བཟུང་བྱ་རྒྱུ་གཅིག་པུ་མིན་པར། དེའི་རྒྱབ་ཏུ་གལ་ཆེའི་གྲོས་དོན་གཉིས་ཡོད་པ་ནི། དང་པོ་ཀྲུའུ་ཡོན་ཁཱང་དང་ཞོ་ཚད་ཧོ། པའོ་ཞི་ལེད། ལིན་ཅི་ཧྭ་སོགས་མི་བཞི་ཤོག་ཁག་གསར་བའི་གནད་དོན་ཇི་ལྟར་ཐག་གཅོད་བྱ་དགོས་པ་དང་། ཁོ་ཚོའི་རྒྱབ་ཀྱི་ནག་ཚོགས་མགོ་བ་ཅང་ཙེ་མིན་རྩ་མེད་བཟོ་ཕྱོགས། གཉིས་པ་ཀྲུའུ་ཡོན་ཁང་དང་རྒྱ་ནག་གི་དབང་བོ་གསོན་ལེན་བྱེད་པའི་གྱོད་གཞི་ནག་པོའི་གནད་དོན་གཉིས་ཡིན་སྐོར་སོགས་བཀོད་འདུག

རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་གཞོན་པ་ཟུར་བ་ཧོང་ཅེད་ཧྥོ་ (Huang Jiefu) ཡིས་ཟླ་འདིའི་ཚེས་ ༡༥ ཉིན་རྨ་བྱ་བརྙན་འཕྲིན་ཁང་དུ། རྒྱ་ནག་གི་དབང་བོ་བརྗེ་ལེན་བྱེད་པའི་གནད་དོན་དེའི་རྒྱབ་ཀྱི་ཉེས་ཅན་གཏེ་དེ་ཀྲུའུ་ཡོན་ཁཱང་ཡིན་ཚུལ་བརྗོད་པ་དང་། དབང་བོ་གསོན་ལེན་བྱེད་པ་ནི་མིའི་རིགས་ཀྱི་ཀུན་སྤྱོད་ལས་བརྒལ་ཡོད་སྟབས། ཝང་ཆི་ཧྲན་གྱིས་ཨ་རི་དང་འབྲེལ་བ་བྱས་ཏེ་ཀྲུའུ་ཡོན་ཁཱང་གཙོས་བའི་མི་བཞི་ཤོག་ཁག་གིས་དབང་བོ་གསོན་ལེན་བྱས་པའི་མི་སྤྱོད་ལས་འདས་པའི་ནག་ཉེས་ཁག་དང་། དེ་དག་ལ་ཅང་ཙེ་མིན་གྱིས་བཀོད་སྒྲིག་ཡོད་མེད་སོགས་ཐག་གཅོད་བྱ་རྒྱུ་རེད། ཅེས་བརྗོད་འདུག

ཁོང་གིས་མུ་མཐུན་དུ། ཞི་ཅིན་ཕིན་དང་ཅང་ཙེ་མིན་གཉིས་ཀྱི་འཐབ་འཁྲུག་ཁྲོད་ཞི་ཅིན་ཕིན་ལ་ཨ་རིའི་རོགས་སྐྱོབ་ཐོབ་ཀྱི་རེད། དེ་ནི་ཞི་ཅིན་ཕིན་གྱིས་ཅང་ཙེ་མིན་དང་ཁོའི་ཤོག་ཁག་གི་གནད་དོན་རྩ་མེད་གཏོང་བར་ཨ་རིའི་རོགས་རམ་གལ་ཆེན་པོ་ཆགས་ཡོད་པ་ལྟར། ཨ་རིའི་གཞུང་གིས་ཀྱང་བསམ་ཤེས་བྱས་ཏེ་རོགས་རམ་གནང་དགོས་པ་དང་། མདོར་ན་བཟང་སྤྱོད་དང་ལྡན་པའི་བྱ་འགུལ་ཞིག་ཁས་ལེན་བྱེད་དགོས་ཀྱང་རྒྱ་གཞུང་གིས་མཉམ་འབྲེལ་བྱ་རྒྱུའི་རེ་བ་འཆང་ཡོད་པ་རེད། ཅེས་སོགས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༢ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༧ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese