མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་ཡོན་ཁཱང་བསྐྱར་དུ་གླེང་མགོ་བརྩམས།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཀྲུའུ་ཡོན་ཁཱང་གི་གྱོད་དོན་ཐན་ཅིན་གྲོང་ཁྱེར་ཞིབ་བཤེར་ལྷན་ཁང་ཡན་ལག་དང་པོས་ཐན་ཅིན་གྲོང་ཁྱེར་འབྲང་རིམ་ཁྲིམས་ཁང་དང་པོར་ཞུ་གཏུག་བྱས་པ་ཡོངས་བསྒྲགས་བྱས་འདུག

དེ་རིང་ཞོགས་པའི་རྒྱ་ནག་གི་ཆུ་ཚོད་ ༩ བའི་སྟེང་། རྒྱ་ནག་དབུས་ཆེས་མཐོའི་ཞིབ་བཤེར་ལྷན་ཁང་གི་དྲ་ཚིགས་གཙོས་པའི་བརྒྱུད་ལམ་ཆེ་ཁག་གསུམ་གྱིས་དུས་གཅིག་ཏུ་ “ཐན་ཅིན་ཞིབ་བཤེར་ལྷན་ཁང་གིས་ཀྲུའུ་ཡོན་ཁཱང་གི་གྱོད་དོན་ཞུ་གཏུག”ཅེས་པའི་གནས་ཚུལ་ཞིག་ཁྱབ་བསྒྲགས་བྱས་རྗེས། ཕྱི་ནང་གི་གསར་ལམ་ཁག་མང་པོ་ཞིག་ཏུ་སླར་ཡང་ཀྲུའུ་ཡོན་ཁཱང་གི་སྐོར་གླེང་མགོ་བརྩམས་ཡོད།

དེ་རིང་རྒྱ་ནག་ཆེས་མཐོའི་ཞིབ་བཤེར་ལྷན་ཁང་གི་དྲ་བས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་དབུས་སྲིད་གྲོས་ལྷན་ཁང་གི་རྒྱུན་ལས་ཟུར་བ་དང་། དབུས་སྲིད་ཁྲིམས་ལྷན་ཁང་མགོ་གཙོ་གཞོན་པ་ཟུར་བ་ཀྲུའུ་ཡོན་ཁཱང་གིས་ལྐོག་ངན་འབོར་ཆེན་བླངས་པ་དང་དབང་ཆ་སྒེར་སྤྱོད་བྱས་པ། རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པ་བཅས་ཀྱི་གྱོད་དོན་དེ་ཆེས་མཐོའི་ཞིབ་བཤེར་ལྷན་ཁང་གིས་རྩད་ཞིབ་བྱས་པའི་མཇུག་འབྲས་ཐོན་པ་ལྟར། ཐན་ཅིན་གྲོང་ཁྱེར་ཞིབ་བཤེར་ལྷན་ཁང་ཡན་ལག་དང་པོར་ཞིབ་བཤེར་རྩིས་སྤྲོད་བྱས་ཡོད་པ་དང་། ཟླ་འདིའི་ཚེས་ ༣ ཉིན་ཐན་ཅིན་གྲོང་ཁྱེར་ཞིབ་བཤེར་ལྷན་ཁང་ཡན་ལག་དང་པོས་ཐན་ཅིན་གྲོང་ཁྱེར་འབྲང་རིམ་ཁྲིམས་ཁང་དང་པོར་ཞུ་གཏུག་བྱས་པ་ཡོངས་བསྒྲགས་བྱས་ཡོད་འདུག

དེ་རིང་ཏཱ་ཅི་ཡོན་དྲ་བའི་སྟེང་། རྒྱ་ནག་ཞིབ་བཤེར་ལྷན་ཁང་གི་གནས་ཚུལ་ལྟར་ན། ཀྲུའུ་ཡོན་ཁཱང་གི་ནག་ཉེས་རྡོ་སྣུམ་ཕྱོགས་དང་སི་ཁྲོན་ཕྱོགས། ཆབ་སྲིད་ཕྱོགས་ཀྱི་ཁྱབ་ཁོངས་གླེང་ཡོད་ཀྱང་། སྔོན་ཆད་རྒྱ་གཞུང་གིས་གནས་ཚུལ་བརྡ་ཁྱབ་སྤེལ་སྐབས་ཀྲུའུ་ཡོན་ཁཱང་ལ་ནག་ཉེས་དྲུག་ཡོད་པ་དང་། དེའི་སྟེང་ཕྱི་ཕྱོགས་བརྒྱུད་ལམ་ཁག་ཏུ་གླེང་སློང་བྱེད་བཞིན་པའི་ནག་ཉེས་གཞན་ལའང་དོགས་གཞི་ཡོད་སྐོར་བསྒྲགས་ཡོད་ཀྱང་། ད་རེབ་རྒྱ་གཞུང་གིས་དངོས་སུ་ཞུ་གཏུག་བྱས་སྐབས། ལྐོག་རྔན་འབོར་ཆེན་བླངས་པ་དང་དབང་ཆ་སྒེར་སྤྱོད། རྐང་བཙུགས་ནས་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པ་བཅས་ལས་ཁྱབ་བསྒྲགས་བྱས་མི་འདུག

གནས་ཚུལ་དེའི་ནང་མུ་མཐུད་དུ་བཀོད་དོན། སྔོན་ཆད་གཞུང་ཕྱོགས་ནས་ཁྱབ་བསྒྲགས་སྤེལ་པའི་ཁྲོད་ཀྲུའུ་ཡོན་ཁཱང་གི་ནག་ཉེས་ཀྱི་ནང་དོན་གཙོ་བོ་དག་ཁྱབ་བསྒྲགས་བྱས་མེད་ཀྱང་། ཕྱིའི་བརྒྱུད་ལམ་ཁག་ཏུ་ཀྲུའུ་ཡོན་ཁཱང་གི་ནག་ཉེས་ནོར་ནག་གི་སྤུ་ལས་མང་པ་ཡོད་སྟབས། རྒྱ་གཞུང་གིས་ཀྲུའུ་ཡོན་ཁཱང་གིས་ལྐོག་རྔན་བླངས་པ་དང་དབང་ཆ་སྒེར་སྤྱོད་སོགས་ཁྱབ་བསྒྲགས་བྱས་ཀྱང་གནས་ཚུལ་གསར་བ་ག་ཚོད་ཞིག་ཆགས་སྲིད་དམ། རྒྱལ་ཁབ་ཀྱི་གསང་བ་ག་རེ་ཕྱི་གྱར་བྱས་པ་རྒྱ་གཞུང་གིས་ཁྲིམས་ལུགས་ལྟར་ཁྱབ་བསྒྲགས་བྱ་མི་ཆོག་ཀྱང་། མི་སྒེར་གྱི་གནད་དོན་དང་ཚོང་འབྲེལ་གྱི་གསང་བ་སོགས་ཡོངས་གྲགས་སུ་འདྲི་གཅོད་མ་བྱས་ན་རྒྱ་ནག་ནང་གི་མང་ཚོགས་ག་ཚོད་ཀྱིས་གནས་ཚུལ་དེའི་སྐོར་ཤེས་རྟོགས་བྱུང་ངམ། ཅེས་སོགས་བརྗོད་འདུག

ཀྲུང་གོར་ལྟ་བ་ཞེས་པའི་དྲ་བས་གནས་ཚུལ་སྤེལ་པ་ལྟར་ན། དེ་རིང་རྒྱ་གཞུང་གིས་ཀྲུའུ་ཡོན་ཁཱང་གི་ནག་ཉེས་ཁ་ཤས་ཞུ་གཏུག་ཁྱབ་བསྒྲགས་བྱས་ཡོད་ཀྱང་། ནག་ཉེས་ཐག་གཅོད་བྱེད་པའི་ཉིན་མོ་ཁ་གསལ་མེད་ཀྱང་། ཟླ་སྔོན་མའི་རྒྱ་ནག་གི་ཚོགས་ཆེན་སྐབས་རྒྱ་ནག་ཆེས་མཐོའི་ཞིབ་དཔྱོད་ཁང་གི་འགན་འཛིན་ཚའོ་ཅན་མིན་ (Cao Jianming)གྱིས། འབྱུང་འགྱུར་ཀྲུའུ་ཡོན་ཁཱང་དང་ཞི་ཚད་ཧོ་སོགས་ཀྱི་མཐོ་རིམ་དཔོན་རིགས་ཚོའི་ནག་ཉེས་ཡོངས་གྲགས་ཐོག་ཐག་གཅོད་བྱ་རྒྱུ་ཡིན་ཡང་། ཡོངས་གྲགས་བྱེད་པའི་བརྒྱུད་རིམ་གང་ཞིག་ལ་སླེབ་ཡོད་མེད་གསལ་བོ་མི་འདུག་ཅེས་བརྗོད་ཡོད། ཅེས་འཁོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

སྐར་མ ༣༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧

མཆན། 1

  1. འབྲོང་བུ་སོག་ཚ། says:
    ལོ་ 11 སྔོན།

    སྦྲུལ་ཡག་པོ་བཙིར་ན་ཡན་ལག་དང་ཉིང་ལག་རིགས་དོན་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese