མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་ལོ་བའི་རང་ཤི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

རེས་གཟའ་སྤེན་པའི་ཉིན་པེ་ཅིན་གྲོང་ཁྱེར་གྱི་ཝང་ཧྥི་ཅིན་སྲང་ལམ་དུ་གླ་འཁོར་ཁ་ལོ་བ་ ༣༠ ལྷག་གིས་རང་ཤི་ངོ་རྒོལ་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཧེ་ལུང་ཅང་ཞིང་ཆེན་གྱི་སོའུ་ཧྥིན་ཧི་གྲོང་ཁྱེར་ནས་ཡིན་པའི་གླ་འཁོར་ཁ་ལོ་བ་ ༣༠ ལྷག་གིས། མི་ཚོགས་ཆེ་བའི་པེ་ཅིན་གྲོང་ཁྱེར་ཝང་ཧྥི་ཅིན་སྲང་ལམ་དུ་སྨན་རྫས་རིགས་ཤིག་བཏུངས་ཏེ་རང་ཤི་བརྒྱབ་ཡོད་ཀྱང་། དེ་མ་ཐག་མྱུར་སྐྱོབ་བྱས་ཏེ་ད་ལྟ་ཚང་མ་སྲོག་ཉེན་ལས་ཐར་ཡོད་ལུགས་བསྒྲགས་འདུག

རྒྱ་ནག་ལྷོ་ཕྱོགས་ཞོགས་པའི་ཚགས་པར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གླ་འཁོར་ཁ་ལོ་བ་དེ་ཚོས་གླ་འཁོར་བརྗེ་བསྒྱུར་དང་འགྲུལ་བ་སྐྱེལ་འདྲེན་གྱི་ཐོབ་ཐང་རྩོད་ལེན་ཆེད། ཐེངས་མང་པེ་ཅིན་དུ་ཕྱིན་ཏེ་ཞུ་གཏུག་བྱས་ཡོད་ཀྱང་གྲུབ་འབྲས་གང་ཡང་སོན་མེད་པ་དང་། ཉེ་སྔོན་ཁ་ལོ་བ་ ༣༠ ལྷག་བསྐྱར་དུ་པེ་ཅིན་ལ་ཕྱིན་ནས་ཞུ་གཏུག་བྱས་ཀྱང་ཕན་འབྲས་མ་ཐོན་པར་བརྟེན་རང་ཤི་བརྒྱབ་ཡོད་འདུག

པེ་ཅིན་ནོར་དོན་དྲ་བའི་གསར་འགོད་པས་ཞུ་གཏུག་བྱེད་མཁན་གྱི་ཁ་ལོ་བ་ཞིག་ལ་ཁ་པར་བརྒྱུད་བཅར་འདྲི་བྱེད་སྐབས། ཁོ་ཚོ་ཉིན་ལྔ་ཡི་གོང་པེ་ཅིན་དུ་བསླེབས་པ་དང་། རྒྱལ་ཁབ་འགྲིམ་འགྲུལ་ལས་ཁུངས་དང་ཞུ་གཏུག་ལས་ཁུངས་སུ་ཞུ་གཏུག་བྱས་ཀྱང་། ཕན་ཐོགས་གང་ཡང་མ་བྱུང་བར་བརྟེན། འུ་ཐུག་ཐབས་ཟད་ཀྱིས་རང་ཤི་རྒྱག་པའི་ཐབས་ལམ་འདེམས་དགོས་བྱུང་བ་དང་། ད་ལྟའི་ཆར་ཁོང་ཚོའི་ནང་ནས་མི་ ༤ ཡི་གནས་སྟངས་ཅུང་ཛ་དྲག་ཡིན་སྐོར་བརྗོད་ཡོད་འདུག བཅར་འདྲི་བྱེད་བཞིན་པའི་སྐབས་སུ་ཉེན་རྟོག་པས་ཁ་པར་བཙན་གྱིས་བཅད་ཡོད་པ་མ་ཟད། བརྒྱུད་ལམ་དུ་ཐོན་པའི་ཐེངས་འདིའི་གནས་ཚུལ་སྐོར་ནག་གསུབ་གཏོང་གི་ཡོད་འདུག

རྒྱ་གཞུང་གི་དཔལ་འབྱོར་འཛུགས་སྐྲུན་ཞེས་པའི་གཞི་རྒྱ་ཆེ་བའི་ལས་གཞིའི་འོག ཞིང་འབྲོག་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་དང་ཚོང་ལས་ཐོབ་ཐང་ལ་དབྱེ་འབྱེད་སོགས་ཀྱི་གནད་དོན་མང་དུ་བྱུང་བཞིན་ཡོད་པ་ལྟར། མི་མང་གིས་སོ་སོའི་ཐོབ་ཐང་བརྩོན་ལེན་ཆེད་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པ་དང་། པེ་ཅིན་དུ་ཆེད་སྐྱོད་ཀྱིས་ན་གཞོན་ཚགས་པར་ཁང་དང་ཀྲུང་ནན་ཧེ་གཞུང་སྒྲུབ་ལྟེ་གནས་སོགས་ཀྱི་སྒོ་ཆེན་འགྲམ་དུ། སྨན་རྫས་རིགས་འཐུང་ནས་རང་ཤི་རྒྱག་མཁན་བསྟུན་མར་བྱུང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ལོ་གཅིག་པུར་ཉུང་མཐར་མི་གྲངས་ ༥༠ ཙམ་གྱིས་རང་ཤི་ངོ་རྒོལ་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་ ད་ལྟའི་ཆར་ཁོང་ཚོའི་ནང་ནས་མི་ ༤ ཡི་གནས་སྟངས་ཅུང་ཛ་དྲག་ཡིན་སྐོར་བརྗོད་ཡོད་འདུག བཅར་འདྲི་བྱེད་བཞིན་པའི་སྐབས་སུ་ཉེན་རྟོག་པས་ཁ་པར་བཙན་གྱིས་བཅད་ཡོད་པ་མ་ཟད།
    བརྒྱུད་ལམ་དུ་ཐོན་པའི་ཐེངས་འདིའི་གནས་ཚུལ་སྐོར་ནག་གསུབ་གཏོང་གི་ཡོད་འདུག ་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese