མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཆོད་འབུལ་སྨོན་ལམ།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

༄༅། །འདི་ག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་རང་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཁམས་གསུམ་འགྲོ་བའི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་རྣམས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། གཞིས་བྱེས་བོད་ལྗོངས་ལྷ་མི་ཡོངས་ཀྱིས་རིང་ནས་སྙིང་ལ་བརྣག་པའི་བསྟན་སྲིད་རང་དབང་འཐབ་རྩོད་ཀྱི་བདེན་མཐའ་མྱུར་བ་མྱུར་དུ་འཐོབ་ཐུབ་པ། གཞན་ཡང་གྲྭ་ཚང་འདི་ཉིད་ཀྱི་དབུ་བཞུགས་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་མཚུངས་མེད་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག སྐྱབས་རྗེ་༸ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་ལས་ཟུར་རྣམ་པ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ། རྒྱལ་སྲས་བླ་སྤྲུལ་ཁག དགེ་འདུན་མང་དང་བཅས་པའི་སྐུ་གེགས་མཚན་མ་རང་སར་ཞི་ཞིང་ཆོས་སྤྱོད་སློབ་གཉེར་སོགས་ཡར་ངོའི་ཟླ་ལྟར་འཕེལ་ཐུབ་པ་སོགས་ལེགས་ཚོགས་སྒོ་བརྒྱའི་སླད་དུ་ལྷ་བླ་མའི་བཀའ་ལུང་ཕྱིར་ཕེབས་ལམ་སྟོན་ལྟར་ཞབས་རིམ་༸རྒྱལ་བའི་བཀའ་འགྱུར་དག་ཐོན་དང་སྲུང་མ་སྤྱིའི་བསྐང་བཤགས་སོགས་ཉིན་ལྔ་ཙམ་རིང་ལོ་ལྟར་བོད་ཟླ་གཉིས་པའི་ནང་གནད་སྨིན་འབད་སྒྲུབ་ཞུས་དང་ཞུ་མུས་ལགས་ཤིང་། འདི་ལོར་དམིགས་བསལ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐལ་བཟང་དགའ་སྟོན་དང་སྦྲགས་གྲྭ་ཚང་ནས་ཟླ་འདིའི་ཕྱི་ཚེས་ ༧ རེས་གཟའ་མིག་དམར་ནས་ཉིན་གྲངས་དྲུག་རིང་བསྟན་འགྲོའི་བདེ་ཐབས་སྤྱི་དང་།༸རྒྱལ་བའི་སྐུ་ཕྱྭའི་སླད་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དང་བླ་ཆེན་རྣམ་པའི་ཐུགས་དམ་བཀའ་ལན་ཕྱིར་ཕེབས་ལྟར་༸རྒྱལ་བའི་བཀའ་འགྱུར་དག་ཐོན། ཤེར་ཕྱིན་བརྒྱད་སྟོང་པ་སྟོང་ཚར། གཟུངས་བསྡུས་སྟོང་ཚར། སྒྲོལ་མ་འབུམ་ཐེར། པཎ་གྲུབ་བསྟོད་ཆེན། གནས་བརྟན་ཕྱག་མཆོད་དང་འབྲེལ་མཆོད་སྤྲིན་སྟོང་ཚར། གསོལ་འདེབས་བདེན་པའི་རྔ་སྒྲ། འདོད་ཁམས་བདག་མོའི་བསྐང་བཤགས། དཔའ་མགོན་ཞལ་བཞིའི་བསྐང་བཤགས། རྡོ་རྗེ་གྲགས་ལྡན་དང་དམ་ཅན་བསྐང་བཤགས། ཤེས་རབ་སྙིང་པོ་ཁྲི་ཚར། རྗེ་བླ་མའི་མཚན་སྔགས་འབུམ་ཐེར་བཅས་སྒྲུབ་བཞིན་པར་སྤྱིར་མཆོད་བསྙེན་དད་སྦྱིན་ཞུ་མུས་ཁོངས་འདི་ལོ་ལྷག་པར་ཨ་རིར་གནས་བཞུགས་གྲྭ་ཚང་གི་དགེ་འདུན་པ་དང་དེ་སྔ་གྲྭ་ཚང་སྒྲིག་ཁོངས་སུ་ཞུགས་མྱོང་ཞིང་ད་ལྟ་ཨ་རིའི་རྒྱལ་ཁོངས་སུ་འཚོ་སྡོད་སེར་སྐྱ་བརྒྱ་དང་བརྒྱད་ཀྱིས་མ་སྐུལ་དང་བླངས་ཐོག་ཞལ་འདེབས་བསྡུ་འབུལ་གནང་བ་ད་ལམ་ཕྱར་བ་གྲུ་འདེགས་སུ་གྱུར་པས་བཀའ་དྲིན་ཆེ་ཞུ་བཅས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ ༢༠༡༥ ཟླ་ ༤ ཚེས་ ༨ ཉིན་བཟང་པོར་ཕུལ།

 

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese