མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་འཇིཊ་མེད་རྒྱ་མཚོར་ཉེས་འཛུཊ།

བོད་ཀྱི་དུས་བབ།
༢༠༡༥/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་བདེ་ཐང་དགོན་གྱི་དབུ་མཛད་གྲྭ་འཇིགས་མེད་རྒྱ་མཚོ་ལགས་གནས་སྐབས་རིང་ཀློད་གྲོལ་བཏང་ཡོད་ཀྱང་མ་འོངས་པར་ཁྲིམས་བཤེར་བྱ་རྒྱུ་ཡིན་འདུག

འདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་བདེ་ཐང་དགོན་གྱི་དབུ་མཛད་གྲྭ་འཇིགས་མེད་རྒྱ་མཚོ་ལགས་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ཡཱང་ཏུང་ཧྲིན་ཟེར་བའི་དཔང་མི་ཞིག་གི་འགན་ལེན་འོག་ཀློད་གྲོལ་བཏང་ཡོད་ཀྱང་། ཉེན་རྟོག་ཁང་གིས་ཁོང་གི་དབུ་མཛད་ཀྱི་ལས་ཡུན་རྫོགས་རྗེས་ཁྲིམས་བཤེར་བྱ་རྒྱུ་ཡིན་པའི་ཡི་གེ་སྤྲད་ཡོད་འདུག

གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཕྱི་ལོ་ ༡༩༧༦ ཟླ་ ༣ ཚེས་ ༢༣ ཉིན་ཅོ་ནེ་རྫོང་ཁོངས་སུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༩ ལོར་པེ་ཅིན་ནང་བསྟན་སློབ་གླིང་ནས་མཐར་ཕྱིན་ཡོད་པ་དང་། ༢༠༡༠ ལོར་བདེ་ཐང་དགོན་པའི་དབུ་མཛད་དུ་བསྐོ་བཞག་གནང་སྟེ་ལོ་ ༦ རིང་གི་ལས་འཁུར་ཞུ་བཞིན་ཡོད་པ་དང་།  འདི་ལོའི་བོད་ཟླ་དང་པོའི་ཚེས་ ༡༦ ཉིན་(ཕྱི་ཟླ་ ༣ ཚེས་ ༦ ཙམ་ལ)གྲྭ་ཚང་གི་དབུ་ཁྲིད་དེ་བླ་བྲང་བཀྲ་ཤིས་འཁྱིལ་ཏུ་རྩ་བའི་བླ་མ་བདེ་ཐང་མཁན་རིན་པོ་ཆེ་མཆོག་གི་ཞབས་བརྟན་སྒྲུབ་ཏུ་ཕེབས་ཡོད་ཀྱང་།  བོད་ཟླ་དང་པོའི་ཚེས་ ༡༩ ཉིན་གྱི་མཚན་མོར་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཉིན་ཞག་ ༡༡ འགོར་རྗེས་ད་གཟོད་ཅོ་ནེ་རྫོང་གི་བཙོན་ཁང་དུ་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་གཞུང་གི་དམ་དྲག་སྲིད་བྱུས་ལ་སྐྱོན་བརྗོད་ཐེངས་མང་གནང་མྱོང་བ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་བོད་ཁམས་ཡོངས་ལ་དམག་མི་འབོར་ཆེན་འགྲེམས་འཇོག་བྱེད་སྐབས། དམག་མི་ཚོས་ས་གནས་མང་ཚོགས་ཀྱིས་ལྷ་མཆོད་བསང་གསོལ་གཏོང་སའི་མཚོ་ཁ་ནས་ཉ་བཟུང་སྟེ། ས་གནས་མི་མང་གི་སེམས་ལ་ཕོག་ཐུག་ཆེན་པོ་བཟོས་པར་བརྟེན། ཁོང་གིས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་མི་རིགས་སྲིད་བྱུས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་ཁྲིམས་གཞིར་བཟུང་གནས་ཚུལ་དེ་གོང་རིམ་ལ་ཞུ་གཏུག་གནང་ཡོད་འདུག ཕྱི་ལོ་ ༢༠༡༢ ལོར་ཁོང་ལྷ་སར་ཕྱིན་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། སྟག་རྩེ་རྫོང་བཙོན་ཁང་དུ་བཀག་ཉར་གྱིས་ཟ་མ་དང་གྱོན་གོས་མ་སྤྲད་པར་ཞག་མ་ ༣ རིང་མནར་གཅོད་བཏང་ཡོད་ཀྱང་། ཁོང་གིས་གཞི་མེད་ཀྱི་ཉེས་འཛུགས་དང་ལེན་མ་བྱས་པར་བརྟེན་མཐར་ཀློད་གྲོལ་གཏོང་དགོས་ཁེལ་ཡོད་འདུག

གཞན་ཡང་། ཕྱི་ལོ་ ༢༠༡༠ དང་ ༢༠༡༡ ལོར་རྒྱ་གཞུང་གིས་ས་གནས་ཀྱི་དམའ་འབྲིང་སློབ་གྲྭའི་ནང་བོད་ཡིག་གི་བསླབ་གཞི་རྩ་བ་ནས་མེད་པར་བཟོས་སྟབས། གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་ཡིག་ངག་གཉིས་ཐོག་ནས་གོང་རིམ་ལ་ཡང་ཡང་ཞུ་གཏུག་བྱས་པ་མ་ཟད། ས་གནས་མི་མང་ལ་སོ་སོའི་སྐད་ཡིག་གི་དགོས་གལ་རང་བཞིན་དྲན་སྐུལ་སོགས་གནང་སྟེ་འབད་བརྩོན་གནང་བརྒྱུད། འདི་ལོའི་སློབ་སྐབས་དང་བོ་ནས་བཟུང་ས་གནས་དམའ་འབྲིང་ནང་བོད་ཡིག་འཛིན་གྲྭ་ཞིག་གསར་འཛུགས་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

 

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese