མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇིཊ་བྱེད་སྐྱབས་ཉེན་གཡོལ་དུ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་ས་ཁང་གནད་དོན་ཞུ་གཏུག་པ་འཇིགས་བྱེད་སྐྱབས་ལགས་ཀྱིས་བརྙན་ཐུང་ཞིག་བསྐུར་ཏེ། མུ་མཐུད་ཞུ་གཏུག་བྱེད་པའི་གོ་སྐབས་ཐོབ་ཆེད་ཁོང་ཡིབ་ནས་ཡོད་སྐོར་བརྗོད་འདུག

འདི་གར་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སི་ཁྲོན་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་འབྲོག་མང་གི་ས་ཁང་སྲིད་གཞུང་གིས་བཙན་འཕྲོག་བྱས་པའི་གནད་དོན་ཞུ་གཏུག་བྱེད་མཁན་འཇིགས་བྱེད་སྐྱབས་ལགས། ཉེ་སྔོན་གར་ཡོད་ཅི་བྱུང་མེད་པར་གྱུར་ཏེ་ཁྱིམ་མི་གཉེན་འབྲེལ་སོགས་ཀྱིས་སེམས་འཁྲལ་ཆེན་པོ་བྱས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཁོང་གིས་བརྙན་ཐུང་ཞིག་བསྐུར་ཏེ། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་སྲིད་གཞུང་གིས་ཁོང་བཙན་ཁྲིད་བྱས་པ་མ་ཟད། རྗེས་དེད་པ་བཏང་སྟེ་གསང་བའི་འཛིན་བཟུང་བྱེད་པའི་ངན་ཇུས་འཐེན་པར་བརྟེན། ད་ལྟ་ཁོང་ཉེན་གཡོལ་དུ་ཕྱིན་ཏེ་མཐོ་རིམ་མགོ་ཁྲིད་ཚོར་ཞུ་གཏུག་བྱེད་པའི་གོ་སྐབས་ཤིག་ལ་སྒུག་ཡོད་སྐོར་བརྗོད་འདུག

བརྙན་ཐུང་དེའི་ནང་ཁོང་གིས། ཐང་སྐོར་གྱི་ས་དོན་གྱི་རྐྱེན་གྱིས་ཁ་སང་ཕྱི་ཚེས་ ༡༣ ཉིན་ས་གནས་སྲིད་གཞུང་གི་ལས་བྱེད་ཚོས་ང་བཙན་གྱིས་ཁོང་ཚོའི་སར་ཁྲིད་དེ། གནས་གང་ཡིན་མི་ཤེས་ས་ཞིག་ཏུ་བཙན་གྱིས་འཁྲིད་རྩིས་བྱས་ཀྱང་ང་མ་སོང་བར་བརྟེན། ང་ཚོའི་བར་ཁ་རྩོད་ཤོར་ཏེ་རྒྱག་རིས་བྱས་པ་ཡིན། ཕྱི་དྲོར་ང་ཁྱིམ་དུ་ཡོང་སྟེ་སྒོ་ཕྱིར་འབུད་སྐབས། ངོ་མི་ཤེས་པའི་མི་རེས་ངའི་རྗེས་དེད་ཡོང་ནས་གཏོང་གི་མི་འདུག་པས་ཡར་མར་ཞིག་ལ་བཟུར་བཞག་པ་ཡིན། གཉེན་ཉེ་དང་གྲོགས་པོ་ཚང་མས་ངའི་དོན་དུ་སེམས་འཁུར་བྱེད་ཀྱི་ཡོད་པས། གནས་སྐབས་རིང་ང་གང་དུ་ཡོད་མེད་བཤད་མ་ཐུབ་པར་དགོངས་དག་ཞུས་པ་ཡིན། ང་གང་དུ་ཡོད་མེད་མི་བཤད་པའི་རྒྱུ་མཚན་ནི། ངས་ཁྱེད་ཚོར་ཁ་པར་བརྒྱབ་པ་ཡིན་ན། ཁོ་ཚོས་ཁ་པར་ལ་ལྐོག་ཉན་བྱས་ནས་བསྡད་ཡོད་སྟབས། ང་གང་དུ་ཡོད་ཤེས་ནས་འཛིན་བཟུང་བྱ་ངེས་རེད། ཁོ་ཚོའི་འཛིན་བཟུང་བྱེད་སྟངས་ཡང་ཁྲིམས་མེད་ལུགས་མེད་ཀྱིས་དགོང་མོ་དང་མི་མང་པོས་མི་མཐོང་ས་ནས་འཛིན་བཟུང་བྱེད་འགྲོ་ཡི་འདུག ཅེས་དང་།

ཡང་ཁོང་གིས། ང་གཡོལ་དགོས་པའི་དམིགས་ཡུལ་ཅི་ཡིན་ཟེར་ན། ང་ལ་ཉི་མ་གཅིག་མ་དགོས་སྐར་ཆ་གཅིག་ལས་མ་བྱུང་བ་ཡིན་ནའང་། གོང་རིམ་གྱི་མགོ་ཁྲིད་རྣམས་ལ་ང་ཚོར་གནས་ཚུལ་འདི་འདྲ་བྱུང་གི་འདུག་ཅེས་བཤད་པའི་གོ་སྐབས་ཤིག་རག་ན་བསམ་པ་ཡིན། ང་ཚོའི་ཁེ་ཕན་དང་བདེ་འཇགས་ལ་གོང་རིམ་གྱི་མགོ་ཁྲིད་ཆེན་པོ་ཞིག་གིས་ཁག་ཐེག་བྱེད་མ་ཐུབ་ཚེ། ང་ཚོའི་བདེ་འཇགས་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་མཁན་མི་འདུག ཅེས་བརྗོད་འདུག

ཕྱི་ལོ་ ༢༠༡༠ ལོར་ཐང་སྐོར་ཡུལ་ཚོའི་ས་གནས་སྲིད་གཞུང་གིས་གྲོང་ཁྱེར་ལྗང་མདོག་ཅན་དུ་བསྒྱུར་བར་ཁ་གཡར་ཏེ། ཐང་སྐོར་ཡུལ་ཚོ་སྐ་བར་མ་སྡེ་བའི་འབྲོག་ཁྱིམ་ ༢༠ ལྷག་བཙན་གྱིས་གནས་སྤོར་དུ་བཅུག་ནས་ས་ཁང་བཙན་འཕྲོག་བྱས་པར་བརྟེན། ས་གནས་མི་མང་གིས་ཐེངས་དུ་མར་རྫོང་སྲིད་གཞུང་ལ་ཞུ་གཏུག་བྱས་ཡོད་ཀྱང་། གོང་རིམ་ནས་གནད་དོན་ཐག་གཅོད་རྒྱུ་ཡིན་ལུགས་བརྗོད་དེ་ནར་འགྱངས་བྱས་ཡོད་པ་མ་ཟད། ཞུ་གཏུག་བྱས་ན་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཕྱི་དྲིལ་བཀའ་བློན་མཆོག་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས།

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

གོ་སྟོན་དང་འབྲེལ་བའི་སེམས་ཚོར།

ཆུ་ཚོད་ ༢༣ སྔོན་ལ།
སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་དང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

དབྱིན་ཡུལ་དང་ཡུ་རོབ་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་གནང་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

༢༠༢༥/༠༦/༢༤
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་།  པར་ཧྥ་རན་སིའི་ (France 24)
Mobile App

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

༢༠༢༥/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese