མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་དུ་ས་ཡོམ་བརྒྱབ།

བོད་ཀྱི་དུས་བབ།
༢༠༡༥/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་བལ་ཡུལ་གྱི་ཆུ་ཚོད་ ༡༡།༣༠ སྟེང་། བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌའུ་ཁུལ་དུ་ཚད་རིམ་ ༧།༩ ཅན་གྱི་ས་ཡོམ་ཞིག་བརྒྱབ་སྟེ་མི་རྒྱུ་གཉིས་ཀར་གོད་ཆགས་ཆེན་པོ་ཐེབས་ཡོད་འདུག

གནས་ཚུལ་འབྱོར་གསལ་ལྟར་ན། བལ་ཡུལ་རྒྱལ་ས་ཁུལ་ཀ་ཐ་མན་ཌའུ་(Kathmandu) ནས་པོག་ར་(Pokhara) བར་ས་འགུལ་ཤུགས་རྐྱེན་ཆེན་པོ་བྱུང་སྟེ། ཁང་རྩེག་མང་པོར་རྡིབ་སྐྱོན་བྱུང་བའི་ཁྲོད་མི་ ༡༡༠༠ ཙམ་གྲོངས་ཡོད་པ་དང་མི་ ༡༨༩༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག མི་འདས་གྲོངས་ཀྱི་གྲངས་ཚད་ད་ལྟ་མུ་མཐུད་འཕར་བཞིན་ཡོད་པ་མ་ཟད། ས་གནས་ཁུག་ཀྱོག་དག་ཏུ་ད་རེབ་ས་འགུལ་གྱི་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་གསར་དུ་འཐོན་བཞིན་ཡོད་འདུག

ས་འགུལ་དེ་བྱུང་མ་ཐག་བལ་ཡུལ་གཞུང་གིས་མྱུར་སྐྱོབ་ཀྱི་ལས་འདོན་མགོ་འཛུགས་བྱས་ཏེ། དམག་མི་ཕོན་ཆེན་བཏང་སྟེ་ཁང་པ་བརྡིབ་པ་དང་ལམ་ཁ་ཞིག་པ་སོགས་བསྔོགས་ཏེ་མིའི་ཚེ་སྲོག་སྐྱོབ་པ་དང་། རྨས་མ་རྣམས་སྨན་ཁང་དུ་དབོར་འདྲེན་བྱེད་བཞིན་ཡོད་འདུག་ལ། རྒྱ་གར་སོགས་བལ་ཡུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རོགས་སྐྱོར་ཡང་ལམ་ལ་ཆས་བཞིན་ཡོད་འདུག

བལ་ཡུལ་རྒྱལ་སའི་མཆོད་རྟེན་ཁུལ་དུ་ས་འགུལ་ཤུགས་གྱི་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། མཆོད་རྟེན་བྱ་རུང་ཁ་ཤོར་འགྲམ་གྱི་མཆོད་རྟེན་ཆུང་བ་ཞིག་ལ་གཏོར་སྐྱོན་ཐེབས་ཡོད་པ་མ་ཟད། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྟེང་དུའང་གས་ཁ་ཆེན་པོ་ཞིག་བྱུང་ཡོད་འདུག བལ་ཡུལ་དུ་བོད་པའི་དགོན་པ་མང་པོ་ཡོད་པ་མ་ཟད། མཆོད་ཇོར་ཁུལ་དུ་བོད་མི་མང་པོ་གནས་སྡོད་བྱས་ཡོད་ཀྱང་། ད་སྔ་ཐེངས་འདིའི་ས་འགུལ་ཁྲོད་བལ་ཡུལ་དུ་བོད་མི་ལ་ཤི་རྨས་བྱུང་བའི་གནས་ཚུལ་གང་ཡང་མི་འདུག

ད་ལྟ་བལ་ཡུལ་དུ་དབྱར་མགོ་ཚུགས་ཡོད་པ་དང་གནམ་གཤིས་ཀྱང་ཧ་ཅང་ཡག་པའི་དུས་ཡིན་སྟབས། བལ་ཡུལ་ནང་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་མང་བའི་དུས་ཚོད་ཅིག་ཏུ་ཁེལ་ཡོད་སྟབས། ཐེངས་འདིའི་ས་ཡོམ་ཤི་རྨས་ཁྲོད་རྒྱལ་ཁབ་གཞན་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་རེ་ཟུང་ཡང་ཚུད་ཡོད་པ་དང་། བལ་ཡུལ་ནང་གི་སྤྲོ་འཆམ་པ་མང་པོ་ཞིག་ཕྱིར་རང་རང་གི་ཡུལ་དུ་ལོག་བཞིན་ཡོད་འདུག

བལ་ཡུལ་རྒྱལ་ཁབ་དེ་ནི། ཡུ་རོབ་གླིང་དང་ཨེ་ཤ་ཡའི་གླིང་ཆེན་གཉིས་བར་གནོན་བཙིར་བྱས་པ་ལས་ཡར་འཕགས་པའི་འཛམ་གླིང་གི་རི་བོ་མཐོ་ཤོས་ཧི་མ་ལ་ཡ་༼ཇོ་མོ་གླང་མ།༽ཞེས་པའི་འདབས་རོལ་དུ་ཆགས་ཡོད་པ་དང་། རྒྱ་མཚོ་ཆེན་པོའི་གཡོ་ཁྱོམ་དང་བསྟུན་ཏེ་ཡུ་རོབ་དང་ཨེ་ཤ་ཡའི་གླིང་གཉིས་རྩུབ་རྡར་བྱེད་ཀྱིན་ཡོད་སྟབས། བལ་ཡུལ་ནི་ས་གཡོམ་གྱི་ཉེན་ཁ་ཆེན་པོ་ཡོད་པ་ཞིག་ཡིན་པ་དང་། ཐེངས་འདི་ནི་ལོ་ངོ་ ༨༡ ཚུན་དུ་བལ་ཡུལ་ནང་བྱུང་བའི་ས་འགུལ་ཚད་རིམ་མཐོ་ཤོས་དེ་ཆགས་ཡོད་འདུག

རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཐེངས་འདིའི་བལ་ཡུལ་གྱི་ས་འགུལ་དེ་ཚད་རིམ་ ༨།༡ ཡིན་པ་དང་། ས་འགུལ་དེའི་ཤུགས་རྐྱེན་བོད་ལྗོངས་གཞིས་ཀ་རྩེ་དང་ལྷ་ས་སོགས་སུའང་བྱུང་ཡོད་འདུག གཉའ་ལམ་རྫོང་གི་རྫོང་དཔོན་དང་འགྲམ་མཐའ་མཚམས་དོ་དམ་འགན་འཛིན་ཝང་ཕིན་(Wang Ping)གྱིས་གསར་འགོད་པར། ཐེངས་འདིར་བལ་ཡུལ་དུ་བྱུང་བའི་ས་འགུལ་དེས་གཞིས་ཀ་རྩེའི་འོག་གི་སྐྱིད་གྲོང་དང་གཉའ་ལམ། འགྲམ་སོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། འགྲམ་ས་ཆའི་ཁང་པ་བརྒྱ་ཆ་ ༧༠ ཙམ་ལ་གས་སྐྱོན་བྱུང་ཡོད་པ་མ་ཟད། ད་སྔ་ཤེས་རྟོགས་བྱུང་བར་བོད་མི་གཅིག་གི་ཚེ་སྲོག་ཤོར་ཡོད་པ་དང་། མི་གཞན་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག  

སྐྱིད་གྲོང་རྫོང་གི་རྫོང་དཔོན་ཧོ་ཧོན་(HuHong)ཟེར་བས་གསར་འགོད་པར་བརྗོད་པ་ལྟར་ན། སྤྱིར་བཏང་དེང་སྐབས་ས་གནས་དེ་ཁུལ་དུ་ཞིང་ཁ་འདེབས་ལས་བྱེད་པའི་དུས་ཚོད་ལ་འཁེལ་ཡོད་སྟབས། ཁང་པའི་ནང་དུ་མི་མང་པོ་བསྡད་མེད་པ་དང་། ཁྱིམ་དུ་བསྡད་ཡོད་པ་དག་ཀྱང་ས་འགུལ་བྱུང་བ་ཚོར་མ་ཐག་ཕྱི་ལོགས་སུ་བྲོས་ཏེ་ཉེན་གཡོལ་བྱས་ཡོད་སྟབས་མི་ལ་གནས་ཚུལ་ཆབས་ཆེན་བྱུང་མེད་ཀྱང་། ཁང་པ་མང་པོ་ཞིག་ལ་གཏོར་སྐྱོན་ཐེབས་ཡོད་པ་དང་། ས་གནས་དེ་ཁུལ་གྱི་གློག་དང་བརྡ་འཕྲིན་སོགས་ཀྱི་བརྒྱུད་ལམ་ཆད་ཡོད་འདུག

དེ་རིང་བལ་ཡུལ་རྒྱལ་སར་ས་འགུལ་ཤུགས་ཆེན་བྱུང་སྟེ་མི་མང་པོ་ཤི་རྨས་ཐེབས་པ་དང་། ལྷག་པར་དུ་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལ་གས་སྐྱོན་བྱུང་བ་སོགས་ཀྱི་ཐད་བོད་མི་ཚོས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གླེང་སློང་སྣ་ཚོགས་བྱེད་བཞིན་ཡོད་ཅིང་། ཁག་ཅིག་གིས་རྟེན་འབྲེལ་ཡག་པོ་མིན་པའི་རྟགས་མཚན་ཞིག་ཡིན་ལུགས་བརྗོད་པ་དང་། ཁག་ཅིག་གིས་ད་རེབ་ས་འགུལ་ཁྲོད་ཉེས་མེད་མི་སེར་མང་པོའི་ཚེ་སྲོག་ཤོར་བ་དེ་ནི་ཧ་ཅང་སྙིང་རྗེའི་ཡུལ་ཞིག་དང་གདུང་སེམས་མཉམ་སྐྱེད་བྱ་དགོས་པ་ཞིག་རེད་ཅེས་མ་ཎི་བགྲང་གི་ཡོད་པ་དང་། ཡང་རྒྱ་ནག་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་མི་ལས་འགུལ་བ་ཚོར་རྡུང་རྡེག་བཙོན་འཇུག་མང་པོ་བྱས་སྟབས། ད་རེབ་ཀྱི་གོད་ཆག་དེ་ནི་བལ་ཡུལ་གཞུང་ལ་ཉེས་ཆད་ལྟ་བུ་ཞིག་ཆགས་ཡོད་སྐོར་གྱི་སེམས་ཚོར་གླེང་མཁན་ཡང་རེ་ཟུང་འདུག

ཁག་ཅིག་གིས་ད་རེབ་ཀྱི་ས་འགུལ་ལ་ཆོས་ལུགས་དང་ཚན་རིག་འདྲེས་མའི་འགྲེལ་བཤད་རྒྱག་གི་ཡོད་པ་ནི། བལ་ཡུལ་ནང་གི་ཧིན་རྡུའི་ཆོས་ལུགས་ཀྱི་གྲུབ་མཐའ་བྱེ་བྲག་པ་ཞིག་སྟེ་ནུས་སྟོབས་ཀྱི་ལྷ་མོ་(Gadhimai)ཞེས་པའི་རྗེས་འབྲང་པ་ཚོས། ལོ་ལྟར་ཕྱི་ཟླ་ ༡༡ པའི་ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་། ཕྱུགས་ཟོག་སེམས་ཅན་འབུམ་ཕྲག་མང་པོ་སྡེབ་གསོད་བྱས་ཏེ་དམར་མཆོད་བྱེད་ཀྱིན་ཡོད་སྟབས། ད་རེབ་ཀྱི་གོད་ཆགས་དེ་ནི་སྡིག་སྤྱོད་ཆེན་པོའི་ལས་ཀྱི་རྣམ་པར་སྨིན་པ་ཞིག་དང་། སྐྱེས་དངོས་རིག་པའི་གཞུང་ལུགས་ལྟར་ནའང་། སེམས་ཅན་མང་པོ་མེད་པ་བཟོས་སྟབས། རང་བྱུང་ཁམས་བརྟེན་འཚོ་དོ་མཉམ་མ་བྱུང་བའི་ཤུགས་རྐྱེན་ཡིན་སྐོར་ཡང་བརྗོད།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 7

  1. arya says:
    ལོ་ 11 སྔོན།

    བལ་ཡུལ་གྱི་ས་ཡོམ་གོད་ཆག་དེ་རང་བྱུང་གི་གནོད་འཚེ་མིན་པར་རང་བྱུང་གི་འཕེལ་རིམ་ཞིག་རེད་ལ་དེ་ལ་ཡང་ཚན་རིག་གི་འགྲེལ་བཤད་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་སོ་སོའི་འདོད་བློ་ལྟར་འགྲེལ་བརྗོད་གང་བྱས་ཀྱང་སོ་སའི་འདོད་བློ་རེད། དེ་རིང་གི་བལ་ཡུལ་གོད་ཆག་དེས་བལ་ཡུལ་གྱི་ཡུལ་མི་དང་ལྷག་པར་ངེད་བོད་པ་ཚང་གི་མི་མང་པོ་ཞིག་ལ་གནོད་འཚེ་བྱུང་སྟབས་སེམས་དེ་སྐྱོ་ལྷང་ལྷང་ཞིག་ཏུ་འགྱུར། ཡང་བལ་ཡུལ་གྱི་ས་ཡོམ་གྱི་རྐྱེན་པས་ངེད་གངས་ཅན་གྱི་ས་ཁུལ་གཉའ་ལམ་གཙོས་པའི་ས་ཁུལ་མང་དག་ཞིག་ལ་ཁང་པ་གཏོར་བཤིག་དང་དེ་མིན་མི་ཁ་ཤས་གྲོང་པ་དང་མི་མང་པོ་ཞིག་ལ་གནོད་སྐྱོན་ཕོག་འདུག བརྒྱུད་རིམ་དེའི་ཁྲོད་ནས་སེམས་སྐྱོ་དགོས་པ་ཞིག་ལ། སྲིད་སྐྱོང་གཙོས་པའི་གཞུང་ཞབས་ཚོས་བལ་ཡུལ་དང་རྒྱ་གར་གྱི་ཡུལ་མི་ཚོར་སེམས་གསོའི་སྐད་ཆ་རེ་བཤད་པ་ལས་དེ་མིན་བོད་ནང་གི་བོད་མི་ཚོར་སེམས་གསོའི་སྐད་ཆ་བཤད་མ་སོང་། བྱེད་སྟངས་དེས་ངས་སེམས་པ་ཡང་བསྐྱར་སྡུག་གིས་བརླན་སོང། ད་སྲིད་སྐྱོང་སྤྲེལ་ལད་ཅན་དང་ཚོགས་གཙོ་སྤྲེལ་ལད་ཅན་ལ་མི་དགའ།།།

    Reply
  2. tezingdorjee says:
    ལོ་ 11 སྔོན།

    སེམས་རྒྱ་ཆེ་མདོག་དང་བྱམས་སྙིང་རྗེ་ཡོད་མདོག་མ་བསྟོན་རོགས། བལ་ཡུལ་དངོས་སུ་བསྡད་མེད་མཁན་ཚོས་བལ་ཡུལ་ནང་གི་བོད་མི་ཚོའི་ལུས་སེམས་ཀྱི་དཀའ་སྡུག་ཚོར་གྱི་ཡོད་མ་རེད། བལ་ཡུལ་མི་མིང་སྡུག་ཅག་རེད་སུས་ཀྱང་ཞུ་གི་ཡོད་མ་རེད། བལ་ཡུལ་གཞུང་གི་བྱེད་སྟངས་ལས་སྟངས་བོད་མི་ཚོའི་སེམས་ནང་ཧ་ཅང་སྡུག་པོ་ཆགས་ཡོད་པ་རེད། ད་རེས་ས་འགུལ་གྱི་གནས་ཚུལ་དེ་བྱུང་མ་ཐག་ངོ་དེབ་ཙམ་མ་རེད་སྐད་འཕྲིན་ཚོགས་པ་སོགས་རྒྱུད་ལམ་མང་པོ་ཞིག་གི་ནང་དུ་ཡང་བསྐྱར་བལ་ཡུལ་གཞུང་གི་བྱས་ཉེས་དག་གླེང་སློང་བྱེད་མགོ་བརྩམས་ཡོད་པ་མ་ཟད། པར་མང་པོ་ཞིག་བརྒྱུད་འགོད་བྱེད་བཞིན་ཡོད་པ་གཤམ་གསལ་ལྟར་རེད།
    https://www.facebook.com/marina.evers?fref=nf
    https://www.facebook.com/photo.php?fbid=687334774728795&set=pcb.687335011395438&type=1&theater
    https://www.facebook.com/photo.php?fbid=687334818062124&set=pcb.687335011395438&type=1&theater
    དཔེ་མཚོན་ཙམ་ཡིན

    Reply
  3. ཚེ་རིང་། says:
    ལོ་ 11 སྔོན།

    དུས་བབ་ཀྱིས་གསུངས་པ་དངོས་ཡོད་གནས་སྟངས་ཤིག་རེད། གནས་ཚུལ་ག་རེ་བྱུང་བ་དང་། དེ་ལ་སྤྱི་ཚོགས་ནང་ལྟ་ཕྱོགས་བསམ་ཕྱོགས་གང་ཡོད་པ་དེ་ཅི་མ་ཅི་བཞིན་འགོད་དགོས་པ་རེད་མ་གཏོགས། དགོས་མཁོ་ལ་གཞིགས་ཏེ་ཡག་པོ་མཛེས་པོ་རྐྱང་རྐྱང་བཙལ་ནས་འཁོད་བསྡད་ན། (བཀྲ་ཤིས་བདེ་ལེགས་ཀྱི་གསར་འགྱུར)ཟེར་བ་དེ་ཆགས་འགྲོ་བ་རེད།
    བལ་ཡུལ་གཞུང་ལ་ཅི་ཙམ་སྡིགས་ར་གཏོང་གི་ཡོད་མེད་ངོ་དེབ་ནང་གཟིགས་ན་མཐོང་གསལ་རེད། ཁ་སང་བལ་ཡུལ་ལ་ས་ཡོམ་བརྒྱབ་པའི་པར་རྣམས་གསར་ལམ་དག་ཏུ་འཁོད་པ་དང་མཉམ་དུ་རྒྱ་ནག་གི་རྒྱུག་ཁྱི་བལ་གཞུང་གི་ཉེན་རྟོག་པ་ཚོས་བོད་མི་ཚོར་ཉེས་རྡུང་ཚོད་མེད་གཏོང་གི་ཡོད་པའི་པར་རིས་དང་། བལ་ཡུལ་གྱི་ཕྱུགས་ཟོག་སེམས་ཅན་མང་པོའི་སྐེ་གཅོད་ཀྱི་ཡོད་པའི་པར་རིས་ཧ་ཅང་མང་པོ་གཏོང་གི་ཡོད་པ་མཐོང་གསལ་རེད།

    Reply
  4. ལྷ་་སྤྱན་གསུམ་པ says:
    ལོ་ 11 སྔོན།

    གོ་སྐབས་འདི་འདྲ་ལ། དེ་འདྲའི་སྐད་ཆ་ངན་པ་བཤད་ན་ཡག་པོ་མི་འདུག དངོས་ནས་བྱས་ན་སྐྱེན་ངན་འདི་ལས་ངན་གྱི་འབྲས་བུ་ཞིག་ཡིན་ངེས་མོད། སྐབས་འདི་འདྲ་ལ། ང་ཚོས་ཀྱང་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་ལས། དམོད་མོ་དང་དགའ་འབོད་བྱེད་ན་ཡག་པོ་མ་རེད། དུས་བབ་གསར་འགོད་པས་ཀྱང་འདི་སྤེལ་ལུགས་ལ་ཅུང་ཙམ་ཐུགས་སྣང་དགོས་པ་ལས། སེམས་ཅན་གསོད་པ་སོགས་དང་སྒྲིག་ན་ཡག་པོ་མ་རེད་ཡ། ང་ཚོ་ཚང་མ་ཚོར་བ་ཅན་གྱི་མི་རེད་པ། གདུང་སེམས་མཉམ་བསྐྱེད།

    Reply
  5. རྣམ་རྒྱལ། says:
    ལོ་ 11 སྔོན།

    བལ་བོ་གནས་སྡོད་བོད་མི་རྣམས་ལ་བཀའ་ངལ་རབ་དང་རིམས་པ་འཕྲད་བཞིན་པ་ལྟར་གང་བྱུང་མང་བྱྱང་བཤད་ན་བལ་ཡུལ་གནས་སྡོད་བོད་མི་རྣམས་ལ་དེ་ལས་སྡུག་པའི་བཀའ་འཕྲད་རྒྱུ་ལས་ཕན་པ་མེད་པ་མངོན་གསལ་རེད། དུས་བབས་ཚང་སྡུག་ཚོད་ཟིན་མ་དགའ།

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 11 སྔོན།

    འཕྱི་དྲགས་སོང་བ་རེད་་་ཉེན་རྟོགས་པ་གང་མང་མང་ཞིག་་་ཨོཾ་མ་ཎི་པདྨེ་ཧྰུཾ།

    Reply
  7. བདེ་རྒྱལ། says:
    ལོ་ 11 སྔོན།

    སྔ་ལྟས་འདི་ཇོ་མོ་གླང་མར་ཨི་ཁུང་བརྟོལ་རྗེས་བལ་ཡུལ་རྒྱ་མིར་སླེབས་ནས། རྒྱ་མིའི་མི་སེར་སྤེལ་ཡུལ་ཆགས་རྒྱུ་དེ་དང་། དེ་རིང་སྔ་དྲོ་པན་ཆེན་རིན་པོ་འཁྲུངས་སྐར་ལ་བོད་མི་མང་པོར་ཉེས་རྡུང་བ་དང་དམ་དྲག་བྱས་པའི་རྣམ་སྨིན་ཡང་ཡིན་སྲིད། གང་ལྟར་སྙིང་རྗེ། ཤི་བོ་ཚེ་ཆེད་དུ་ཨོཾ་མ་ཎི་པདྨེ་ཧྰུཾ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese