མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་ལ་བབ་པའི་བོད་ཀྱི་ལས་འགུལ་ཆེན་མོ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་བཞུགས་རྩོམ་པ་པོ།

དང་པོ།

དེ་སྔོན་ཕྱི་ལོ་ ༢༠༡༥/༠༣/༠༥ ཙམ་ལ་རྒྱ་གཞུང་གི་བཀག་རྒྱ་ལ་མ་བལྟས་པར་ཐབས་ཤེས་སྣ་ཚོགས་ཀྱི་ལམ་ནས་དོན་ཚན་ལྔ་ཅན་གྱི་བསམ་ཚུལ་ཞིག་བརྒྱུད་བསྒྲགས་བྱས་ཡོད་པ་དང་། མདོ་དབུས་ཁམས་གསུམ་གྱི་སྐད་ཐོག་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གིས་རྒྱང་སྲིང་ཡང་བྱས་ཟིན། དེ་ནི་གཙོ་བོ་བཙན་བྱོལ་གཞུང་དང་ཕྱི་བཞུགས་གནད་ཡོད་མི་སྣ་དག་ལ་དམིགས་ནས་ཕུལ་པ་ཞིག་ཡིན། ཐུགས་སྣང་གནང་གལ་ཆེན་པོ་ཞིག་ཀྱང་ཡིན་པས་སྣང་མེད་བསྐྱུར་འཇོག་བྱས་མེད་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱིན་ཡོད།

གཉིས་པ།

བོད་མི་རིགས་ཀྱི་དབུ་ཁྲིད་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ཕྱི་ཕྱོགས་སུ་བཞུགས་པ་འདི་རྒྱ་གཞུང་ལས་རྣམ་པར་རྒྱལ་བ་ཞིག་ཡིན། རྒྱ་གཞུང་གིས་རྒྱ་ནག་རྒྱལ་ཁབ་ཆེན་པོའི་ཕྱིའི་རྫིག་ཉམས་ཙམ་བསྟན་ཏེ་ཡིན་མདོག་གི་རྣམ་པ་སྟོན་མོད། འོན་ཀྱང་། ༸གོང་ས་མཆོག་སྐུ་སྒེར་གྱི་མཛད་འཕྲིན་དང་སྙན་གྲགས་ཕྱི་རྒྱལ་ཡུལ་གྲུ་ཀུན་ཏུ་ཁྱབ་པ་དེས་རྒྱ་གཞུང་ཡོངས་སུ་ཕམ་དུ་བཅུག་ཡོད་ལ། སྐུ་སྒེར་གྱི་ངོས་ནས་བསྒྲུབ་དགོས་པ་གང་དག་བསྒྲུབས་ནས་དོན་དངོས་སྟེང་རྒྱ་གཞུང་ལས་རྒྱལ་ཡོད་པ་ཧ་ཅང་གསལ། མ་ཟད་དགོངས་དོན་དེ་ཡང་བོད་རྒྱའི་ཁེ་ཕན་ཙམ་མ་ཡིན་པར་སའི་གོ་ལའི་སྟེང་གི་མིའི་འགྲོ་བ་ཡོངས་ལ་བདེ་སྐྱིད་བསྐྲུན་ཐབས་དང་། བྱམས་བརྩེ་སྤྲོད་རྒྱུ་དེ་ཡིན། རྒྱ་ནག་གཞུང་གིས་འདི་ལྟ་བུ་ངོས་ལེན་མི་བྱེད་པ་ནི་རྒྱ་མི་རིགས་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན་པ་དང་། མ་འོངས་པར་ད་ལྟའི་རྒྱ་གཞུང་གི་དབུ་ཁྲིད་ཚོ་ནི་འདིའི་ཐད་ཀྱི་ཉེས་ཅན་ཞིག་ཏུ་འགྱུར་ངེས་ཡིན།

གསུམ་པ།

ད་ལྟའི་བོད་ནང་གི་རང་དབང་འཐབ་རྩོད་ནི་དཔའ་བོ་ཁེར་རྒྱུག་གི་རྣམ་པ་ལྟ་བུ་ཞིག་རེད། ལ་རྒྱ་དང་དཔའ་སྤོབས་ཅན་དག་གིས་རང་ལུས་སྦྱིན་སྲེག་ཅི་ཙམ་གནང་ནའང་། ཚེ་སྲོག་གི་རིན་ཐང་དང་བསྡུར་ན་ནུས་པ་དེ་ཙམ་ཐོན་གྱི་མི་འདུག་ལ། དཔའ་བོ་དཔའ་མོ་དག་ཀྱང་རེ་རེ་བཞིན་ཚར་པ་ལས་མི་འདུག་པས། ང་ཚོས་ལས་འགུལ་གྱི་རྣམ་པ་གཞན་ཞིག་ཏུ་བསྒྱུར་ཏེ་ཚང་མ་མཉམ་རུབ་བྱེད་དགོས། དེ་ཡང་དུས་ཚོད་གཏན་ཁེལ་གོ་རིམ་ཡོད་པ་ཞིག་ཡིན་ན་མཆོག དཔེར་ན། ལོ་གཅིག་གི་ལོ་གསར་ཚེས་དང་པོ་ནས་ལོ་དེའི་ལོ་མཇུག་གི་གནམ་གང་བར་ལྟ་བུར་དུས་ཆད་བྱས་ཏེ། དེའི་རིང་ཆོལ་ཁ་གསུམ་གྱི་ཞིང་འབྲོག་ཚང་མས་ལས་ཀ་མཚམས་འཇོག་གིས་མཉམ་ལངས་བྱས་ཏེ་གནམ་ས་གཡོ་བའི་ལས་འགུལ་སྤེལ་པའི་དུས་ལ་རན་ཡོད། ལས་འགུལ་གྱི་རྣམ་པ་ནི་༸གོང་ས་མཆོག་གི་དགོང་གཞི་ལྟར་འཚེ་མེད་ཞི་བའི་ངོ་བོ་ཡིན་དགོས་ལ། འཛམ་གླིང་ཡོངས་གང་ནས་ཀྱང་འཚེ་བའི་རིགས་ལ་བརྒྱབ་སྐྱོར་མི་འཐོབ་པ་དེ་མང་ཚོགས་ལ་ཡང་སྔོན་ནས་གྲ་སྒྲིག་གིས་རྟོགས་སུ་འཇུག་དགོས་པ་མ་ཟད། ལས་འགུལ་ཚགས་ཚུད་ཡོང་དགོས་ན་དབུ་ཁྲིད་ཅིག་ལ་ངེས་པར་ལྟོས་དགོས་པས། གཞོན་ནུ་ལྷན་ཚོགས་ལྟ་བུའི་ཚོགས་པ་གང་རུང་ཞིག་གིས་ལས་འགུལ་གྱི་ངོ་བོ་དང་རྣམ་པ། གཅིག་གྱུར་གྱི་འབོད་ཚིག་དང་དུས་ཚོད་སོགས་སྔ་མོ་ནས་ཁྱབ་བསྒྲགས་འཐུས་ཚང་གིས་དབུ་ཁྲིད་བྱེད་དགོས།

བཞི་བ།

རྒྱ་གཞུང་ནི་བོད་མིར་བསམ་དོན་གང་ཡོད་ན་དེ་རུ་བསམ་བཞིན་དུ་ཞེ་ནག་བཟོ་མཁན་ཡིན་པས། ང་ཚོས་རེ་བ་གང་བཏོན་པ་ཐམས་ཅད་བརྩིས་མེད་དང་རྡོག་བརྫུས་བྱེད་རྒྱུ་ལས་མི་འདུག ང་ཚོས་“རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་རོགས། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས”ཞེས་རེ་སྐུལ་ཇི་ལྟར་བྱས་ཀྱང་། དེ་ལས་ལྡོག་པའི་དྲག་གནོན་མང་བོ་དང་གཡོ་ཇུས་མང་བོ་ལག་བསྟར་བྱེད། དེས་ན་ང་ཚོས་ཀྱང་རང་རྐང་ཚུགས་པའི་ལས་འགུལ་ཞིག་སྤེལ་དགོས་པས། ༸གོང་ས་མཆོག་ཁྲི་ལོར་ཤོག་ཟེར་བའི་ཚབ་ཏུ་བོད་ཁྲི་ལོར་ཤོག་དང་། ཁོང་གི་སྐུ་པར་གྱི་ཚབ་ཏུ་རྒྱལ་དར་བསྒྲེང་རྒྱུ་དེ་ཡིན།

 

མཆན། གོང་གི་རྩོམ་ཡིག་དེ་བོད་ནང་གི་མཁས་དབང་ཞིག་གིས་བྲིས་ཀྱང་ཕྱི་ཕྱོགས་སུ་བསྐུར་སྟབས་མ་བདེ་བའི་དབང་གིས་ཁ་པར་བརྒྱུད་ངག་ཐོག་ནས་ཞུས་པ་ཨུ་རུ་སུར་གནས་སྡོད་དྲ་མིང་འོད་ཅན་གྱིས་ ༢༠༡༥། ༠༥། ༡༡ ཉིན་ཡིག་ཐོག་ཏུ་བཀོད།

 

 

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 2

  1. བཛྲ་སུ་མ་ཏི། says:
    ལོ་ 11 སྔོན།

    དེང་སང་བོད་ཕྱི་ལ་ཡོད་མཁན་ཁ་ཤས་ནས་བོད་ནང་གི་མཁས་པའི་མིང་བེད་སྤྱད་ནས་རྩོམ་ཡིག་སྤེལ་མཁན་དེ་འདྲ་མང་པོ་ཡོང་གི་འདུག བོད་ནང་ནས་དགོངས་པ་མ་ཞུ་ཞེས་ཁ་པར་སླེབས་སོང་ཞེས་པ་དང་བོད་ནང་ནས་ཡི་གེ་སླེབས་སོང་ཞེས་པ་སོགས་དེ་འདྲ་བཤད་མཁན་འགོ་སྤྱི་མཐུས་ཚོགས་ཁང་ནས་བཟུང་ནད་ཡམས་དེ་ཁྱབ་འདུག་ན་ཀུན་གྱིས་ཧོབ་རྒྱུགས་མི་གནང་བར་དགོངས་པ་ཟབ་མོ་བཞེས་རྒྱུ་གལ་ཆེ་སྙམ།

    Reply
  2. བཛྲ་སུ་མ་ཏི། says:
    ལོ་ 11 སྔོན།

    བོད་བཞུགས་མཁས་པ་ལགས། གོང་དུ་བཀོད་པའི་བསམ་ཚུལ་སྔ་མ་རྣམས་ལ་མི་འཐད་པ་གང་ཡང་མ་མཐོང་མོད། མཐའ་མའི་བསམ་ཚུལ་ཐོག་ཅུང་ཟད་ཅིག་གསལ་འདེབས་ཞུ་དགོས་སྙམ། ཁྱོད་ཀྱི་མ་ཤེས་མ་མཐོང་བ་ཡིན་མི་སྲིད་སྙམ་བཙན་བྱོལ་ལ་ཡོད་མཁན་རྣམས་ཀྱིས་ཁྲོམ་སྐོར་དང་སྐད་འབོད་ནམ་ཡིན་ལ་བོད་རྒྱལ་གྱུར་ཅིག་དང་བོད་ཀྱི་རྒྱལ་དར་འཁྱེར་བཞིན་པ་མ་ཟད་དེ་དང་མཉམ་དུ་རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག་དང་ཁོང་གི་སྐུ་པར་ཡང་འཁྱེར་བཞིན་པ་རེད། ཁྱོད་ཀྱིས་བསམ་བཞིན་དུ་ཁོང་གི་སྐུ་པར་དང་ཁོང་ཁྲི་ལོར་བརྟན་པར་ཤོག་ཅེས་པ་འགོག་དོན་གང་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese