མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་སྲིད་བློན་རྒྱ་ནག་ནང་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ཐུག་འཕྲད་གནང་སྟེ་ས་མཚམས་རྩོད་ཉོག་དང་ཚོང་དོན་རིག་གཞུང་བརྗེ་རེས་བཅས་ཀྱི་སྐོར་ལ་གྲོས་མོལ་གནང་བཞིན་ཡོད་པ་རེད།

དེ་རིང་ནས་བཟུང་ཉིན་གསུམ་རིང་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་རྒྱ་ནག་ནང་རྒྱལ་དོན་སྐོར་སྐྱོད་གནང་མགོ་བཙུགས་ཡོད་ཅིང་། སྔ་དྲོའི་ཆུ་ཚོད་ ༨།༠༠ ཐོག་སྲིད་བློན་ནཱ་རེན་ཌ་མུ་དྷེ་རྒྱ་ནག་གི་ཞི་ཨན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཡོད་ཅིང་། སྐབས་དེར་ཞི་ཨན་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ལེའུ་ (Lou Qinjian) ཡིས་ཕེབས་བསུ་ཞུས་ཡོད་པ་མ་ཟད། རྒྱ་ནག་གི་རིག་གཞུང་འཁྲབ་སྟོན་འདྲ་མིན་འཁྲབ་ནས་བསུ་བ་ཞུས་ཡོད་པ་དང་། དེའི་རྗེས་ནཱ་རེན་ཌ་མུ་དྷེས་ཤིན་ནན་གྲོང་ཁྱེར་གྱི་དམག་དམག་འགྲེམས་སྟོན་ཁང་(Terracotta Warriors) ཞེས་པ་དང་། ཌ་ཤིན་ཀྲང་དགོན་པར་(Daxingshan Temple) གཟིགས་སྐོར་ལ་ཕེབས་ནས་ལེགས་སྦྱར་སྐད་ནས་རྒྱ་སྐད་ནང་ཕབ་བསྒྱུར་བྱས་པའི་དཔེ་རྙིང་ཁག་གཅིག་ལ་གཟིགས་ཞིབ་གནང་ཡོད་པ་མ་ཟད། དགོན་པའི་མཁན་པོས་ཁོང་ལ་དྲན་རྟེན་གྱི་ཕྱག་རྟགས་སོགས་འཕུལ་ཡོད་འདུག 

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ནཱ་རེན་ཌ་མུ་དྷེ་རྒྱ་ནག་གི་ནང་པའི་དགེ་སློང་ཞན་ཙང་གིས་རྒྱ་གར་ནས་ཆོས་ཞུས་རྗེས་དར་གོས་ཚོང་ལམ་བརྒྱུད་དེ་ཕྱིར་རྒྱ་ནག་ལ་ལོག་རྗེས་ཆོས་ཀྱི་གླེགས་བམ་དང་སངས་རྒྱས་ཀྱི་སྐུ་བཞུགས་སར་བཞེངས་ཡོད་པའི་ཏཱ་ཡན་མཆོད་རྟེན་ (Big Wild Goose Pagoda) ཞེས་པར་ཕེབས་བསུ་ཞུས་ཡོད་ཅིང་། སྐབས་དེར་གྲོང་ཁྱེར་གྱི་གཞུང་ལམ་གཡས་གཡོན་དུ་མང་ཚོགས་སྟོང་ཕྲག་མང་པོས་འཚམས་འདྲི་ཞུས་ཡོད་འདུག དེའི་རྗེས་ཞི་ཅིན་ཕིན་གྱིས་ནཱ་རེན་ཌ་མུ་དྷེ་ཞི་ཨན་མགྲོན་ཁང་དུ་ (Shaanxi Guest House) གདན་ཞུ་བྱས་ཏེ། ས་མཚམས་རྩོད་ཉོག་གཙོས་ཚོང་དོན་གྲོས་མཐུན་ཁག་ལ་གྲོས་མོལ་བྱས་ཡོད་འདུག

ཞི་ཅིན་ཕིན་གྱིས་གསར་འགྱུར་བརྒྱུད་ལམ་ཐོག “ ཁྱེད་ཀྱིས་ང་ཁྱེད་རང་གི་ཕ་ཡུལ་ནང་གདན་ཞུ་བྱས་ནས་སྣེ་ལེན་ཟབ་རྒྱས་ཞུས་བྱུང་བས། ངས་ཀྱང་ཁྱེད་རང་ངའི་ཕ་ཡུལ་ནང་སྣེ་ལེན་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་།”ཞེས་དང་། ནཱ་རེན་ཌ་མུ་དྷེས། “ངས་རྒྱ་གར་བ་ཀཱ་རོ་ ༡༢༥ ཡི་སྐུ་ཚབ་བྱེད་ཐུབ་པར་གཟི་བརྗིད་ཆེན་པོ་སྐྱེ་ཡི་འདུག་ལ། སྲིད་འཛིན་ཞི་ཅིན་ཕིན་གྱིས་ཁོང་གི་ཕ་ཡུལ་ལ་གདན་དྲངས་བར་དེ་བས་དགའ་ཚོར་ཆེན་པོ་བྱུང་།”ཞེས་བརྗོད་འདུག

ཐེངས་འདིར་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་བར་གྱི་ས་མཚམས་རྩོད་ཉོག་དང་། རྒྱ་ནག་གིས་རྒྱ་གར་རྒྱ་མཚོའི་ཐོག་ཧམ་བྷན་ཌོ་ཌ་(Hambantota) གྲུ་ཁ་སོགས་བཟོས་ནས་ཨེ་ཤ་ཡའི་མངའ་ཁུལ་གྱི་བརྟན་ལྷིང་ལ་འགོག་རྐྱེན་བཟོ་བཞིན་པའི་སྐོར་དང་། རྒྱ་ནག་གིས་པ་ཀི་སི་ཐན་ནང་རྒྱལ་ཁབ་འཛུགས་སྐྲུན་ཆེད་མ་འཇོག་ཆེན་པོ་བྱེད་བཞིན་ཡོད་པ། རྒྱ་གར་གྱི་རླུང་སྦྱོར་ཡོ་གྷ་དང་རྒྱ་ནག་གི་དྲག་རྩལ་ཋེ་ཅེ་ (Tai chi) བར་གྱི་རིག་གཞུང་སྤེལ་རེས་དང་། རྒྱལ་ཁབ་ཕན་ཚུན་བར་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་གཏོང་རྒྱུའི་ཐོངས་མཆན་སྤྲོད་ཕྱོགས། རྒྱལ་ཁབ་གཉིས་ཀྱི་གྲོང་ཁྱེར་ཁག་གཅིག་བར་སྤུན་ཟླའི་གྲོང་ཁྱེར་དུ་བསྒྱུར་རྒྱུ། རྒྱ་ནག་གིས་རྒྱ་གར་ནང་མྱུར་བགྲོད་མེ་འཁོར་འཚོང་རྒྱུ་དང་རྡུལ་ཕྲན་གློག་ཤུགས་ས་ཚིགས་རྒྱག་རྒྱུ། རྒྱ་གར་གྱིས་རྒྱ་ནག་ལ་སྨན་དང་འཕྲུལ་ལས་རིག་པའི་ཞབས་ཞུ་བསྒྲུབ་རྒྱུ་སོགས་ལ་གྲོས་མོལ་བྱས་ཏེ། མ་འོངས་པར་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་ ༡༠ ལྷག་གི་ཚོང་འབྲེལ་བྱ་རྒྱུར་གྲོས་མོལ་བྱས་ཡོད་འདུག

རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་དང་དབྱིན་ཡུལ་གྱི་ཉིན་རེའི་གསར་འཕྲིན་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ད་ལྟ་རྒྱ་ནག་གི་དཔལ་འབྱོར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༡༠ ཡིན་སྟབས། རྒྱ་གར་དང་བསྡུར་ན་ཨ་སྒོར་ཁྲག་ཁྲིག་ཆེན་མོ་བརྒྱད་ཀྱི་མང་བ་ཡོད་ཀྱང་། འདི་ལོ་རྒྱ་གར་གྱི་དཔལ་འབྱོར་འཕེལ་ཚད་ ༧།༥ཡིན་སྟབས། རྒྱ་ནག་དང་བསྡུར་ན་ཚེག་ ༤ ཡི་མང་བ་ཡོད་པར་བརྟེན། རྒྱལ་ཁབ་གཉིས་གཅིག་ལ་གཅིག་རྟེན་ཆགས་ཡོད། རྒྱ་ནག་གིས་རྒྱ་གར་ལ་འཛུགས་སྐྲུན་ཐད་རོགས་རམ་བྱ་རྒྱུ་དང་རྒྱ་གར་གྱིས་རྒྱ་ནག་གི་ཁེ་ལས་གང་མང་རྒྱ་གར་ནང་གསར་འཛུགས་བྱེད་བཅུག་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་ཐབས་བྱས་པ་ཡིན་ན། དུས་རབས་ཉེར་གཅིག་ནི་ཨེ་ཤ་ཡའི་དུས་རབས་ཆགས་རྒྱུ་རེད་ཅེས་སོགས་བཀོད་འདུག

ཆུ་ཚོད་གཅིག་སྔོན་ལ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཇེ་ཤན་ཀར་ (S Jaishankar)ལགས་ཀྱིས་རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་ (NDTV) ཐོག “རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཀྱིས་ས་མཚམས་རྩོད་ཉོག་དང་མངའ་ཁུལ་བརྟན་ལྷིང་། རྒྱ་གར་ལ་ཚོང་འབྲེལ་ཐོག་གྱོང་རག་གི་ཡོད་པ། འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་འགོག་ཐབས་ལ་མཉམ་ལས་བྱ་རྒྱུ་གཙོས། ཚོང་དོན་གྲོས་མཐུན་ཁག་གཅིག་གི་ཐོག་གྲོས་མོལ་བྱས་ཡོད་པ་རེད།”ཅེས་དང་། རྒྱ་གར་གྱི་རྩོམ་པ་པོ་སུ་པར་མཱ་ཎེན་གྱིས་རྒྱ་གར་དུས་བབ་ཐོག “རྒྱ་ནག་གཞུང་གིས་པ་ཀི་སི་ཐན་དང་ཨ་སྒོར་ཐེར་འབུམ་ ༤༠ ལྷག་གི་ཚོང་འབྲེལ་བྱེད་པ་ལས་རྒྱ་གར་ལ་ཚོང་འབྲེལ་བྱས་ན་ཕན་ཐོགས་ཆེན་པོ་ཡོད་སྟབས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཁ་ལོ་བསྒྱུར་ནས་རྒྱ་གར་དང་མཉམ་ལས་བྱེད་དགོས། ད་ཐེངས་ཞི་ཅིན་ཕིན་གྱིས་རྒྱ་ནག་རྒྱལ་སའི་ཕྱི་ཕྱོགས་ལ་སྲིད་བློན་མུ་དྷེ་ཐུག་པ་དེས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་གོང་འཕེལ་གཏོང་ཐབས་ལ་དམིགས་པ་ཞིག་རེད།”ཅེས་བརྗོད་འདུག

ཞི་ཨན་ནི་རྒྱ་ནག་གི་གནའ་བོའི་དར་གོས་ཚོང་ལམ་གྱི་མགོ་ཁུངས་ཡིན་པ་མ་ཟད། ཞི་ཅིན་ཕིན་གྱི་ཕ་ཡུལ་ཡང་ཡིན། ༢༠༡༤ ལོའི་ཟླ་ ༩ པའི་ནང་ཞི་ཅིན་ཕིན་རྒྱ་གར་ལ་འཚམས་འདྲིར་སྐྱོད་སྐབས། མུ་དྷེས་ཞི་ཅིན་ཕིན་ཁོང་གི་ཕ་ཡུལ་གྷུ་ཅུ་ར་ཌེ་ལ་འཚམས་འདྲིར་གདན་ཞུ་བྱས་ཡོད་སྟབས། ད་ཐེངས་ཞི་ཅིན་ཕིན་གྱིས་མུ་དྷེ་ཁོང་གི་ཕ་ཡུལ་ཞི་ཨན་དུ་གདན་ཞུ་བྱས་ཡོད། ཞི་ཨན་ནི་རྒྱ་ནག་གི་ནང་པའི་དགེ་སློང་ཞན་ཙང་གིས་ཆོས་བསྒྱུར་བའི་གནས་ཡིན་པ་མ་ཟད། ལོ་རྒྱུས་ཐོག་རྒྱ་ནག་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་མགོ་བཙུགས་བྱེད་ས་ཞིག་ཀྱང་ཡིན་འདུག དེ་རིང་དགོང་དྲོར་ཞི་ཅིན་ཕིན་གྱིས་མུ་དྷེ་ལ་དགོང་དྲོའི་རྒྱལ་སྟོན་གསོལ་ཚིགས་ཤིག་འདེགས་འབུལ་ཞུ་རྒྱུ་དང་། སང་ཉིན་མུ་དྷེ་པེ་ཅིན་དང་དེའི་རྗེས་ཧྲང་ཧེ་ལ་བསྐྱོད་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 5

  1. རྣམ་རྒྱལ། says:
    ལོ་ 11 སྔོན།

    ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཚིགས་སྟེང་གི་གསར་འགྱུར་སྔོན་མ་ལྟ་ལུགས་མེད་ཀྱང་ད་ལྟ་སྤུས་དག་མོ་དཀའ་ངལ་ཏོག་ཙམ་རྒྱག་གི་ཡོད་པ་ལྟ་བུ་འདུག ཨ་རིའི་རླུང་འཕྲིན་ཚང་གི་དྲ་ཚིགས་སྟེང་གི་གསར་འགྱུར་ཀློག་ན་གསར་འགོད་པ་རེ་གཉིས་ཤིག་གིས་ཉི་མ་འཁྱོལ་ཐབས་དང་ཟླ་ཕོག་ཟ་ཐབས་ཙམ་བྱེད་ཀྱི་ཡོད་པ་ཤཻས་ཐུབ་པ་ཞིག་འདུག

    Reply
  2. རིགས་ཀྱི་བུ། says:
    ལོ་ 11 སྔོན།

    ངས་སྔོན་མ་ཞིག་ལ་འདིའི་སྐོར་ལ་ཞབས་མཆན་རིང་པོ་ཞིག་བཏབས་ཡོད་ཀྱང་དྲ་བདག་གིས་བཀོད་མ་སོང་། བར་ལམ་ཞིག་ནས་གསར་འགོད་པ་དོན་གྲུབ་ལགས་ཀྱི་གསར་འགྱུར་གྱི་རྒྱུ་སྤུས་ཞན་པོ་ཡིན་པ་ཞིག་ཚོར་སོང་། བར་ལམ་ཞིག་ནས་གསར་འགྱུར་འོག་གི་གསར་འགོད་པ་སུ་ཡིན་གྱི་མིང་ལ་བལྟས་རྗེས་ཀློག་མ་སྤྲོ་བ་ཞིག་ཚོར་གྱི་འདུག གླེང་གཞི་འདི་དང་བསྟུན་ཏེ་ངས་ཀྱང་བསམ་ཚུལ་ཕྲན་ཙམ་བཤད་ཡག་ཡོད། འདི་ཙམ་ཞིག་གཅིག་པོ་ཤོད་ཀྱི་མེད། བཙན་བྱོལ་ནང་གི་བོད་ཡིག་གི་གསར་འགྱུར་ཁག་ལ་བལྟས་ཡོང་ན་གསར་འགོད་པ་སུ་ཞིག་གིས་དོ་ནན་ཆེན་པོའི་འབྲི་བཞིན་ཡོད་པ་དང་གསར་འགྱུར་གང་ཞིག་གི་ཐོག་དཀའ་ལས་བརྒྱབ་ཡོད་མེད་དང་སུ་ཞིག་གིས་བསླ་བཅོས་བྱེད་ཀྱི་ཡོད་མེད་གསར་འགྱུར་དེ་འགོ་ནས་མར་ཀློག་ཡོང་མ་ཐག་ཧ་གོ་བ་ཞིག་རེད། འདིའི་སྐོར་ལ་ངས་སྔོན་མ་རྩོམ་ཡིག་ཅིག་བྲིས་ཏེ་ཁ་བརྡ་དྲ་རྒྱའི་ཐོག་བསྐུར་འཡང་རྗེས་སུ་འགོད་སྤེལ་བྱས་མ་སོང་། ངས་སྐྱོན་བརྗོད་བྱས་པ་མིན་བཙན་བྱོལ་ནང་གི་གསར་འགྱུར་ཁག་ནི་བོད་པའི་འཐབ་རྩོད་ཀྱི་མིག་དང་ཁ་ལག་པ་གསུམ་ཀ་རེད། དེ་བས་ཀྱང་ཤོག་བུའི་ཐོག་དང་དྲ་རྒྱའི་ཐོག་ལ་ཡིག་ཐོག་ཏུ་འཕབ་ཏེ་འགྲེམ་གྱི་ཡོད་པ་འདིས་སློབ་གྲྭ་ཁག་གི་ཕྲུ་གུ་ཚོར་ཕན་གྱི་ཡོད་པ་རེད་རླུང་འཕྲིན་དང་བརྙན་འཕྲིན་གསར་འགྱུར་ལས་རྩ་ཆེན་པོ་རེད་ལ་མ་འོངས་པར་ཡིག་ཆའི་ནང་ལྷག་འདུག་པ་ཞིག་ཀྱང་ཆགས་ཡོད་པ་རེད། རྒྱུ་མཚན་མང་པོ་ཞིག་གི་ཕྱོགས་ནས་འདིའི་སྐོར་ལ་ང་རང་བསམ་ཚུལ་ཆེན་པོ་ཡོད་མཁན་ཞིག་ཡིན་པའི་ཆ་ནས་བཤད་པ་ཡིན།

    Reply
  3. གཙང་སྨྱོན། says:
    ལོ་ 11 སྔོན།

    པེ་ཅིང་གི་ཕྱི་དྲོའི་ཆུ་ཚོད་(4:00)ཡིན་ན་རྒྱ་གར་ནང་གི་ཉིན་གུང་རྒྱབ་ཆུ་ཚོད་(1:30)ཙམ་ཆགས་ཡོད་རེད།
    གསར་འགྱུར་འབྲི་དུས་རྒྱ་གར་ནང་གི་ཆུ་ཚོད་(5:30)ཡིན་ན་པེ་ཅིང་གི་དགོང་དྲོའི་ཆུ་ཚོད་(8:00)ཆགས་གི་རེད།

    Reply
  4. དོན་གྲུབ། says:
    ལོ་ 11 སྔོན།

    བཀུར་འོས་གཙང་སྨྱོན་ལགས། ཁྱེད་ཀྱིས་བསམ་འཆར་གསུངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་མདང་དགོང་གོང་བཀོད་གསར་འགྱུར་དེ་ཆུ་ཚོད་ ༥།༣༠ ཡོལ་ཙམ་ལ་རྩོམ་སྒྲིག་པར་བཏང་བ་ཡིན། རྒྱ་ནག་གཞུང་གིས་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་(CCTV)ཟེར་བས་རྒྱ་གར་གྱི་ས་ཁྲའི་ཐོག་ཇམ་མུ་ཀཱ་ཤེ་མེར་དང་ཨ་རུན་ནཱ་ཅལ་མངའ་སྡེ་མེད་པ་བསྟན་པ་དེ་པེ་ཅིན་གྱི་དགོང་དྲོའི་ཆུ་ཚོད་ ༤།༠༠ ཡོལ་ཙམ་ལ་བསྟན་ཡོད། གསར་འགོད་པ་གཅིག་གི་ཆུ་ཚོད་ ༢༤ རིང་གསར་འགྱུར་ལས་རིགས་ཐོག་ལས་ཀ་བྱེད་ཐུབ་ཀྱི་མ་རེད། དེ་བཞིན་ཁྱེད་ཀྱིས་ངའི་གསར་འགྱུར་དག་བཀྲིས་བདེ་ལེགས་རྐྱང་རྐྱང་གི་གསར་འགྱུར་ཞིག་ཡིན་པའི་ཚོར་སྣང་འདུག་གསུངས་ཀྱི་འདུག་པས། ངས་ག་དུས་དང་གསར་འགྱུར་ག་རེ་བཀྲ་ཤིས་བདེ་ལེགས་བཀོད་ཡོད་པ་རེ་རེ་བཞིན་ལུང་དྲངས་ནས་གསུངས་རོགས། ཁྱེད་ལ་ཞུ་རྒྱུ་ཞིག་ལ་ཕྲན་གྱིས་རྒྱལ་སྤྱིའི་གསར་འགྱུར་གང་འདྲ་ཞིག་བོད་སྒྱུར་བྱས་ཀྱང་། རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་ ༡༠ ལྷག་བལྟ་ཀློག་བྱས་ནས་འབྲི་གི་ཡོད། ངས་མདང་དགོང་གསར་འགྱུར་དེ་འབྲི་སྐབས་རྒྱ་དཀར་ནག་གཉིས་ཀྱི་མགོ་ཁྲིད་ཀྱིས་གོང་བཀོད་གནད་དོན་ཁག་ལ་གྲོས་མོལ་བྱས་ཡོད་པ་གཞིར་བཞག་བྲིས་པ་ཡིན། ཁྱེད་རང་གཟིགས་འདོད་ཡོད་ན་ངས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་དྲ་འབྲེལ་ཁྱེད་ལ་བསྐུར་ཆོག དེ་ཚོར་ཁྱེད་ཀྱིས་གཟིགས་ན་མཁྱེན་གྱི་རེད། ངས་གསར་འགྱུར་ནང་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་ཉོག་དང་། རྒྱ་གར་ལ་ཚོང་འབྲེལ་ཐོག་གྱོང་རག་བཞིན་ཡོད་པ་བཅས་ཀྱི་གནད་དོན་ཁག་བཀོད་ཡོད། སྤྱིར་བཏང་རྒྱལ་ཁབ་ཕན་ཚུན་གྲོས་མཐུན་འཇོག་སྐབས་རྒྱལ་ཁབ་སུས་ཀྱང་ཕྱི་གསལ་ནང་གསལ་བྱེད་སྲོལ་མེད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཐུག་མ་ཐག་གྲོས་མཐུན་འདི་དང་འདི་བཞག་པ་རེད་ཅེས་ལབ་སྲོལ་མེད། གལ་སྲིད་ཁྱེད་ལ་བདེན་དཔང་བྱེད་རྒྱུའི་ནུས་པ་ཡོད་ན་ངས་བསྒུག་ཆོག

    Reply
  5. གཙང་སྨྱོན། says:
    ལོ་ 11 སྔོན།

    གསར་འགོད་པ་དོན་གྲུབ་ལགས་ལ་འཚམས་འདྲི་དང་འབྲེལ་ནས་ཞུ་རྒྱུར། བཀྲ་ཤིས་བདེ་ལེགས་ཀྱི་གསར་འགྱུར་རྐྱང་རྐྱང་འབྲི་སྤེལ་བྱེད་རྒྱུ་དེ་རང་དབང་གི་གསར་འགོད་པ་ཞིག་གི་ལས་འགན་རྩ་བ་ནས་མ་རེད། སྐུ་ཉིད་ཀྱི་གསར་འགྱུར་དག་ལ་ང་རང་སྔོན་མ་ནས་དེ་འདྲ་བའི་ཚོར་བ་ཞིག་བྱུང་སོང་། ད་རེས་མི་ཞུ་ཐབས་མེད་ཆགས་སོང་། རྒྱ་གར་གྱི་སྲིད་བློན་ན་རིན་དྷི་ར་མོ་དྷི་རྒྱ་ནག་ལ་སོང་བ་དང་བསྟུན་ཏེ། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གླེང་སློང་དང་འགྲོ་རྒྱུག་ཆེན་པོ་བྱེད་པ་ནི། རྒྱ་ནག་དབུས་བརྙན་འཕྲིན་ཁང་སོགས་སུ་རྒྱ་ནག་གི་ས་ཁྲ་གསར་པ་ཞིག་སྟོན་བཞིན་ཡོད་དང་། ཇ་མུའུ་ཀ་ཤི་མེར་དང་། ཨ་རུ་ན་ཅལ་མངའ་སྡེ་གཉིས་རྒྱ་ཁོངས་སུ་བཅུག་ཡོད་པའི་རི་མོ། གཞན་ད་དུང་གྲོས་གཞི་མང་པོ་ཞིག་ཕྲེང་བསྟར་བསྒྲིག་ཡོད་པ་དེ་དག་ཀྱང་ཐག་གཅོད་གང་འདྲ་ཞིག་ཅི་ལྟར་གནང་ཡོད་མེད་གཙོ་བོ་རེད་མ་གཏོགས་གྲངས་འདྲེན་གཙོ་བ་མ་རེད་བསམ་གྱི་འདུག མ་གཞི་གསར་འགོད་པ་དེ་ཚོར་ཁྱད་དུ་འཕགས་པའི་རྣམ་དཔྱོད་དང་རིགས་སྟོབས་ཡོད་ནའང་འདི་ང་རང་གི་མཐོང་ཚོར་ཙམ་ཞིག་ཞུས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese