མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླང་འབྲུག་གཉིས་ཀྱི་འཁྲབ་སྟོན།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་དཀར་ནག་གཉིས་ཀྱི་སྲིད་བློན་ཐུག་འཕྲད་གནང་སྟེ་ས་མཚམས་རྩོད་ཉོག་ཐད་གྲོས་མོལ་དང་ཨ་སྒོར་ཐེར་འབུམ་ ༡༠ ཡི་ཚོང་དོན་གྲོས་མཐུན་བཞག་ཡོད་འདུག

དེ་རིང་སྔ་དྲོར་པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོའི་ནང་། རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་དང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་རྣམ་གཉིས་ཐུག་འཕྲད་གནང་སྟེ། རྒྱ་གར་གྱིས་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནང་རྒྱ་གར་གྱི་ཚོང་འབྲེལ་དོན་གཅོད་ཁང་དང་རྒྱ་ནག་གིས་རྒྱ་གར་གྱི་གྲོང་ཁྱེར་མ་དྷ་ར་སི་ནང་རྒྱ་ནག་གི་ཚོང་འབྲེལ་དོན་གཅོད་ཁང་འཛུགས་རྒྱུ་དང་། རྒྱ་གར་གྱི་མི་སྣ་གསོ་སྐྱོང་དང་ཁེ་ལས་བདག་སྐྱོང་ལྷན་ཁང་དང་རྒྱ་ནག་གི་མི་ཁུངས་ལྷན་ཁང་བར་ལས་རིགས་དང་ལག་རྩལ་ཐོག་མཉམ་ལས་བྱ་རྒྱུ། ༢༠༡༥ ནས་ ༢༠༡༦ ལོ་བར་རྒྱལ་ཁབ་གཉིས་ཀྱི་མེ་འཁོར་བདག་སྐྱོང་ལྷན་ཁང་བར་ཚོང་འབྲེལ་འཛུགས་རྒྱུ། རྒྱལ་ཁབ་གཉིས་བར་ཤེས་ཡོན་སྤེལ་རེས་དང་གཏེར་ལས་ལྷན་ཁང་བར་མཉམ་འབྲེལ་བྱ་རྒྱུ། རྒྱ་གར་གྱི་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་ལམ་དྷུར་ཌར་ཤིན་ (Doordarshan) དང་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་བར་གསར་འགྱུར་རྒྱང་སྲིང་བྱེད་ཕྱོགས་དང་བར་སྣང་གི་ཚན་རྩལ་འཕེལ་རྒྱས་གཏོང་ཕྱོགས་མཉམ་ལས་བྱ་རྒྱུ། རྒྱ་ནག་སི་ཁྲོན་ཞིང་ཆེན་དང་རྒྱ་གར་གྱི་ཀཱ་ཎ་ཀྲ་ཀཱ་མངའ་སྡེ་དང་། མ་དྷ་ར་སི་དང་ཁྲིན་ཏུའུ། ཧེ་ཌར་བྷ་ཋ་དང་ཆིན་ཏོ། ཨུ་རན་གྷ་བྷ་ཌ་(Aurangabad) དང་ཏུན་ཧོང་བཅས་བར་སྤུན་ཟླའི་གྲོང་ཁྱེར་དང་མངའ་སྡེར་འགྱུར་རྒྱུ། རྒྱ་ནག་གི་ཕུའུ་ཏན་སློབ་ཆེན་ (Fudan) ནང་གྷན་དྷེ་དང་རྒྱ་གར་གྱི་ཤེས་ཡོན་ཚན་ཁག་འཛུགས་རྒྱུ་དང་། ཡུན་ནན་མི་རིགས་སློབ་ཆེན་ནང་རྒྱ་གར་གྱི་རླུང་སྦྱོར་ཡཱོ་གྷ་བསླབ་རྒྱུ། རྒྱལ་ཁབ་གཉིས་ཀྱི་ས་དཔྱད་རིག་པ་དང་མཚོ་ངོས་ཚན་རིག་ཁང་བར་མཚོ་ཐོག་འཕྲུལ་ལས་དང་གནམ་གཤིས་འགྱུར་ལྡོག་བཅས་ཀྱི་ཐོག་མཉམ་འབྲེལ་བྱ་རྒྱུ། དེ་བཞིན་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་མི་སྣའི་བར་འབྲེལ་མོལ་དང་མཁས་པའི་བགྲོ་གླེང་འཚོགས་རྒྱུ་སོགས་ཨ་སྒོར་ཐེར་འབུམ་ ༡༠ ཡི་ཚོང་དོན་གྲོས་མཐུན་ཁག་ ༢༤ བཞག་ཡོད་འདུག

དེ་བཞིན། མགོ་ཁྲིད་རྣམ་གཉིས་ཀྱིས་ས་མཚམས་རྩོད་ཉོག་འགྲིག་འཇགས་ཡོང་ཐབས་དང་། རྒྱ་གར་ལ་ཚོང་འབྲེལ་ཐོག་གྱོང་རག་གི་ཡོད་པ། རྒྱ་ནག་གིས་པ་ཀི་སི་ཐན་ལ་ཨ་སྒོར་ཐེར་འབུམ་ ༤༦ ལྷག་གི་ཚོང་འབྲེལ་གྲོས་མཐུན་བཞག་ནས་རྒྱ་གར་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པ། རྒྱ་ནག་གཞུང་གིས་ཇམ་མུ་ཀཱ་ཤེ་མེར་དང་ཨ་རུན་ནཱ་ཅལ་མངའ་སྡེའི་ཡུལ་མི་ཚོར་རྒྱ་ནག་ནང་འགྲོ་སྐྱོད་ཆོག་པའི་དམིགས་བསལ་ཐོངས་མཆན་ལག་འཁྱེར་སྤྲོད་བཞིན་ཡོད་པ། དེ་མིན་རྒྱལ་ཁབ་གཉིས་པོས་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་ཐབས་བཅས་ཀྱི་ཐོག་གྲོས་མོལ་བྱས་ཡོད་འདུག

ནཱ་རེན་ཌ་མུ་དྷེས་རྒྱལ་སྤྱིའི་དཔལ་འབྱོར་དུས་བབ་དང་རྒྱ་གར་བརྙན་འཕྲིན་བརྒྱུད་ལམ་ (CNNIBNLive) ཐོག “ང་ཚོས་གནད་དོན་ཚང་མའི་ཐོག་གྲོས་བསྡུར་བྱས་ཡོད་པ་མ་ཟད། ལྷག་པར་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་མཁན་གྱི་དོན་རྐྱེན་ཁག་ལའང་གྲོས་མོལ་བྱས་པ་ཡིན། འདས་པའི་བཅུ་ཕྲག་ཅིག་སྔོན་ནས་བཟུང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་རྙོག་འཛིང་ཅན་ཏུ་འགྱུར་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱིས་འགན་འཁུར་བླངས་ནས་འབྲེལ་ལམ་ཡག་ཏུ་གཏོང་ཐུབ་པ་བྱེད་དགོས། ངས་ནན་བཤད་བྱས་ནས་ཞུ་རྒྱུ་ཞིག་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་མཁན་གྱི་གནད་དོན་ཁག་ལ་ཕུགས་རྒྱང་རིང་པོའི་བསམ་གཞིགས་བྱས་ཏེ། ད་ཐེངས་འབྲེལ་མོལ་འདི་བརྒྱུད་གཉིས་ཕན་གྱི་ཐག་གཅོད་ཅིག་བྱེད་ཐུབ་པའི་རེ་བ་རྒྱག་གི་ཡོད་པ་མ་ཟད། ས་མཚམས་ཁུལ་དུ་བརྟན་ལྷིང་དང་ཞི་བདེ་ཡོང་བའི་སྐུལ་ལྕག་ཀྱང་བྱེད་བཞིན་ཡོད།” ཅེས་བརྗོད་འདུག

རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་གསར་ལམ་ཐོག “ང་ཚོས་རྒྱལ་ཁབ་གཉིས་བར་མི་མཐུན་པའི་ཆ་མང་པོ་ཡོད་པ་ཁས་ལེན་བྱེད་ཀྱི་ཡོད་ཀྱང་། དཀའ་རྙོག་དེ་དག་ཆབ་སྲིད་ཀྱི་ཐབས་ལམ་སྤྱད་ནས་ཕན་ཚུན་ཡིད་ཆེས་བསླེབ་ཐབས་བྱས་ནས་སེལ་དགོས་པ་ཆགས་ཡོད་སྟབས། ས་མཚམས་རྩོད་ཉོག་ནི་འབྲེལ་ལམ་ཡག་པོ་ཡོང་མིན་གྱི་འགོག་རྐྱེན་ཆེ་ཤོས་དེ་ཆགས་ཡོད་པར་བརྟེན། རྒྱལ་ཁབ་གཉིས་པོས་ས་མཚམས་ཁུལ་དུ་བརྟན་ལྷིང་ཡོང་བ་བྱས་ནས་ཕན་ཚུན་ཡིད་ཆེས་ཐོབ་པ་བྱེད་དགོས།”ཞེས་བརྗོད་འདུག

ཟླ་འདིའི་ཚེས་ ༡༥ ཉིན་དེ་རིང་གི་རྒྱ་གར་ (India Today) དང་རྒྱ་གར་གྱི་བདེན་དོན་ (F.India) ཞེས་པའི་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། འདས་ལོའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱེད་སྐབས། རྒྱ་ནག་གི་དམག་མིས་ལ་དྭགས་ཁུལ་དུ་སིམ་འཛུལ་ཐེངས་གཉིས་བྱས་ཡོད་པ་དང་། རྒྱ་གར་གཞུང་འབྲེལ་བརྒྱུད་ལམ་དྷུར་ཌར་ཤིན་(Doordarshan) གྱིས་ཞི་ཅིན་ཕིན་སྐོར་གྱི་གནས་ཚུལ་རྒྱང་སྲིང་བྱེད་སྐབས་ཞི་ཅིན་ཕིན་བཅུ་གཅིག་ (Eleven Xi Jinping) ཞེས་པ་བཤད་ཡོད། ད་རེབ་ནཱ་རེན་ཌ་མུ་དྷེས་རྒྱ་ནག་ནང་སྐོར་སྐྱོད་མ་བྱས་གོང་། རྒྱ་གར་གཞུང་སྔོན་མས་རྒྱ་གར་བྱང་ཤར་ཁུལ་གྱི་ས་མཚམས་ཁག་ཏུ་དམག་མི་༩༥༠༠༠ ལྷག་འགྲེམས་འཇོག་བྱས་ཡོད་པ་དག་ལས་དམག་མི་ ༦༠༠༠༠ ཙམ་ཕྱིར་འཐེན་བྱས་ཡོད་པ་མ་ཟད། རྒྱ་གར་གྱི་བྷེ་ཇེ་པི་ཚོགས་པའི་ཚོགས་གཙོ་ཨ་མེ་ཌ་ཤཱ་ (Amit Shah) ཡིས་བཞུགས་སྒར་དྷ་རམ་ས་ལར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཕྱིར་བཤིག་བརྒྱབ་པ་སོགས་བྱས་ནས་རྒྱ་ནག་ལ་བསྟུན་མཁས་བྱས་ཡོད་ཀྱང་། ནཱ་རེན་ཌ་མུ་དྷེ་རྒྱ་ནག་ལ་མ་ཕེབས་སྔོན་གྱི་ཉིན་དེར་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ ༼གོ་ལའི་དུས་བབ༽ཐོག་ཆེད་བརྗོད་རྩོམ་ཡིག་ཅིག་སྤེལ་ཏེ། ནཱ་རེན་དྷ་མུ་དྷེས་ཉི་ཧོང་དང་འབྲེལ་བ་བྱས་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྩིས་བྱེད་བཞིན་ཡོད་སྐོར་སོགས་བྲིས་ཡོད་པ་མ་ཟད། མུ་དྷེ་རྒྱ་ནག་ནང་བསླེབས་རྗེས་རྒྱ་ནག་གི་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་ལམ་ (CCTV)སྟེང་རྒྱ་ནག་གི་ས་ཁྲའི་ཁོངས་སུ་རྒྱ་གར་ཨ་རུན་ནཱ་ཅལ་མངའ་སྡེ་དང་ཨག་སེ་ཆེན་ (Aksai Chin) གཉིས་བཅུག་ཡོད་པ་དང་། ཇ་མུ་དང་ཀཱ་ཤེ་མེར་མངའ་སྡེ་རྒྱ་གར་གྱི་ས་ཁྲ་ལས་ཕྱིར་བཏོན་ནས་བསྟན་ཡོད།

དེ་བཞིན་རྒྱ་ནག་གི་ཝུ་པོ་སྤྱི་ཚོགས་དྲ་རྒྱ་ཐོག་མུ་དྷེ་ལ་དགའ་མོས་བྱེད་མཁན་ ༤༥༠༠༠ ལྷག་བྱུང་ཡོད་ཀྱང་། མང་པོ་ཞིག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་རྒྱ་ཁོངས་ཡིན་ཚུལ་བརྗོད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་སྟབས། ད་ལྟ་རྒྱལ་ཁབ་གཉིས་བར་གྲོས་མཐུན་ག་ཚོད་ཅིག་བཞག་ཀྱང་མ་འོངས་པའི་ལོ་ཤས་རིང་ཕན་ཚུན་ཡིད་ཆེས་ཐོབ་པའི་མཉམ་ལས་འབྲེལ་ལམ་ཡོང་རྒྱུ་ཁག་པོ་ཡིན་སྐོར་སོགས་བཀོད་འདུག

དེ་རིང་རྒྱ་ནག་གི་ ༼གོ་ལའི་དུས་བབ།༽ཐོག་ཧྲང་ཧེ་རྒྱལ་སྤྱིའི་འབྲེལ་ལམ་ཤེས་ཡོན་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་རྩོམ་པ་པོ་ལེའུ་ཀྲུང་ཡེ་ (Liu Zongyi) ཡིས་ ༼མུ་དྷེའི་ནེག་སན་གྱི་དཔྱད་གསུམ་དག་པའི་ལྟ་བས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གྱི་ངལ་དུབ་སེལ་རྒྱུ་རེད།༽ (Modi’s Nixonian pragmatism refreshes ties) ཅེས་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་ཁོས། མུ་དྷེ་ནི་ཨ་རིའི་སྲིད་འཛིན་ནེག་སན་ལྟར་རྒྱལ་ཁབ་གཉིས་ཀྱི་དཀའ་ཉོག་དང་མི་མཐུན་པའི་ཆ་རྣམས་སེལ་ནས་འབྲེལ་ལམ་བསྐྱར་གསོ་བྱེད་མཁན་ཞིག་དང་། ལག་བསྟར་དོན་འཁྱོལ་བྱེད་མཁན་གྱི་མགོ་ཁྲིད་ཅིག་ཡིན་སྟབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་གི་རེད་ཅེས་དང་། ཡང་རྒྱ་གར་གྱི་རྩོམ་པ་པོ་སུག་དྷེར་ཝར་མ་ཡིས་རྒྱ་གར་གྱི་གཟའ་ཉི་མའི་དུས་དེབ་ (Sunday Indian) ཞེས་པའི་ཐོག རྒྱ་ནག་གི་རྩོམ་པ་པོས་སྲིད་བློན་མུ་དྷེ་དངོས་ཐོག་བདེན་འཚོལ་བྱེད་མཁན་གྱི་མགོ་ཁྲིད་ཅིག་ཡིན་སྐོར་བརྗོད་ཡོད་ཀྱང་། དེ་ནི་རྩོམ་པ་པོས་ཟུར་ཟ་བྱས་ནས་བྲིས་པ་ཞིག་ཡིན་པ་ལས་བརྟག་དཔྱད་བྱས་ནས་བྲིས་པ་ཞིག་མིན། ངས་བྱས་ན་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་མིན་ནི་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་ཆབ་སྲིད་ལངས་ཕྱོགས་གང་འདྲ་འཛིན་མིན་ལ་ཐུག་ཡོད་སྟབས། མ་འོངས་པར་རྒྱ་ནག་གཞུང་གིས་རྒྱ་གར་ལ་ངོ་གཉིས་བསྟན་རྒྱུ་མཚམས་བཞག་ཚེ་གཞི་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུ་རེད་ཅེས་སོགས་བྲིས་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese