མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་སྲིད་བློན་སོག་ཡུལ་ནང་སྐོར་སྐྱོད་གནང་།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ནཱ་རེན་ཌ་མུ་དྷེས་སོག་ཡུལ་བསྐྱོད་དེ་སྲིད་འཛིན་དང་སྲིད་བློན་སོགས་ལ་ཐུག་འཕྲད་གྲོས་མོལ་བརྒྱུད་ཨ་སྒོར་ཐེར་འབུམ་གཅིག་གི་ཚོང་དོན་གྲོས་མཐུན་བཞག་ཡོད་འདུག

རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་རྒྱ་ནག་ནང་སྐོར་སྐྱོད་གྲུབ་རྗེས་སོག་ཡུལ་དུ་བསྐྱོད་ཡོད་པ་དང་། ཁ་སང་ཚེས་ ༡༧ ཉིན་སོག་པོའི་རྒྱལ་ས་ཨུ་ལན་བྷ་ཌར་གྱི་སྲིད་འཛིན་ལས་ཁུངས་སུ། སོག་པོའི་སྲིད་འཛིན་ཨིལ་བྷེག་རྡོར་རྗེ་ (Tsakhiagiin Elbegdorj ) དང་། སྲིད་བློན་སི་ཁང་བྷེ་ལེགས་ (Chimed Saikhanbileg) བཅས་དང་ཐུག་སྟེ། རྒྱ་གར་དང་སོག་ཡུལ་བར་ཐབས་ཇུས་འབྲེལ་ལམ་གོང་འཕེལ་གཏོང་ཐབས་དང་། འགྲུལ་སྐྱེལ་གནམ་གྲུའི་བར་མཉམ་ལས་ཞབས་ཞུ་བསྒྲུབ་རྒྱུ་གཙོས། རྒྱལ་ཁབ་གཉིས་བར་གྱི་གསོ་རིག་མཉམ་འབྲེལ་བྱ་རྒྱུ་དང་། རྒྱ་གར་ནང་སྲིད་ལྷན་ཁང་དང་སོག་ཡུལ་གྱི་ཁྲིམས་སྐྱོང་ལྷན་ཁང་བར་མཉམ་ལས་བྱས་ཏེ་མཐའ་སྲུང་དམག་མི་དང་ཉེན་རྟོག་པར་སྦྱོང་བརྡར་སྤྲོད་རྒྱུ། དེ་བཞིན་རྒྱལ་ཁབ་གཉིས་པོས་སོག་ཡུལ་གྱི་བདེ་སྲུང་ལྷན་ཁང་འོག་དྲ་རྒྱའི་བདེ་འཇགས་ཐོག་སྦྱོང་བརྡར་སྤྲོད་མཁན་གྱི་ལྟེ་གནས་ཤིག་འཛུགས་རྒྱུ་མ་ཟད། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་ཕྱི་འབྲེལ་ཞབས་ཞུ་ཁང་དང་སོག་ཡུལ་གྱི་ཕྱི་འབྲེལ་ལྟེ་གནས་ཁང་བར་མཉམ་ལས་བྱ་རྒྱུ། རྒྱ་གར་གྱི་བསྐྱར་སྤྱོད་ནུས་ཁུངས་ལྷན་ཁང་དང་སོག་ཡུལ་གྱི་བསྐྱར་སྤྱོད་ནུས་ཁུངས་ལྷན་ཁང་བར་རོགས་རམ་བྱ་རྒྱུ་དང་། རྒྱ་གར་གྱི་ཊ་ཊ་དྲན་རྟེན་སྨན་ཁང་(Tata Memorial Centre of India) དང་སོག་ཡུལ་རྒྱལ་ཡོངས་སྐྲན་ནད་གསོ་རིག་སློབ་གྲྭའི་བར་མཉམ་ལས་བྱ་རྒྱུ་སོགས་ཨ་སྒོར་ཐེར་འབུམ་གཅིག་གི་ཚོང་དོན་གྲོས་མཐུན་ཁག་ ༡༣ བཞག་ཡོད་པ་མ་ཟད། དེ་བཞིན་དེ་སྔོན་རྒྱལ་ཁབ་གཉིས་བར་བཞག་པའི་མཛའ་འབྲེལ་གྲོས་མཐུན་བསྐྱར་གསོ་དང་། རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཁོངས་འཇུག་རྒྱུར་རྒྱབ་སྐྱོར་བྱེད་ཕྱོགས་ཐད་གྲོས་མོལ་བྱས་ཡོད་འདུག

ནཱ་རེན་ཌ་མུ་དྷེས་ཚོང་གི་ཚད་ཐིག་ (BS) ཞེས་པའི་ཐོག་བརྗོད་དོན། “དོན་སྙིང་ལྡན་པའི་འགྲུལ་བཞུད་ནི་རྒྱང་ཐག་ག་ཚོད་ཕྱིན་མིན་ལ་གཞི་མ་བཞག་པར་དམིགས་ཡུལ་ག་ཚོད་བསྒྲུབས་ཡོད་མེད་གཞིར་འཇོག་གི་ཡོད་སྟབས། སོག་ཡུལ་གྱི་སྐོར་སྐྱོད་དེ་དུས་ཡུན་རིང་པོ་མིན་ཡང་གྲུབ་འབྲས་ཐོན་ཡོད། རྒྱ་གར་བ་དང་སོག་པོས་འཛམ་གླིང་མི་མང་དང་རྒྱལ་ཁབ་ཁག་ལ་བློ་སེམས་གཉིས་མཐུན་པ་ཡིན་ན་རྒྱང་ཐག་ལེ་བར་ག་ཚོད་ཆོད་ཀྱང་། དེ་ལ་ཟློག་ཐབས་ཤིག་ཡོད་པ་མ་ཟད་འབྲེལ་ཐག་ཆོད་དཀའ་བ་ཞིག་ཡིན་པའང་གསལ་སྟོན་བྱས་ཡོད་སྟབས། ང་ཚོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ནི་འབྲེལ་ལམ་གཞན་དང་བསྡུར་ས་མེད་པའི་རྩ་ཆེའི་འབྲེལ་ལམ་ཞིག་ཆགས་ཡོད།”ཅེས་བརྗོད་འདུག

སོག་པོའི་སྲིད་བློན་སི་ཁང་བྷེ་ལེགས་ཀྱིས། “ང་ཚོས་རྒྱ་གར་ནི་ཁྱིམ་མཚེས་རྒྱལ་ཁབ་གསུམ་པ་དང་ཆོས་ཕྱོགས་ཀྱི་བརྟེན་ས་གཙོ་བོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་སྟབས། ང་ཚོ་རྒྱལ་ཁབ་གཉིས་བར་ས་བབས་གནས་སྟངས་དབང་གིས་ཕན་ཚུན་རྒྱང་ཐག་རིང་པོ་ཆོད་ཡོད་ཀྱང་། ང་ཚོའི་འབྲེལ་ལམ་ནི་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་སྟབས། རྒྱལ་ཁབ་སུས་ཀྱང་ཁ་བྲལ་གཏོང་ཐུབ་ཀྱི་མ་རེད།”ཅེས་བརྗོད་འདུག

ཨ་རིའི་ (The Wall Street Journal ) དང་དེ་རིང་གི་རྒྱ་གར་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ༡༩༥༥ ལོའི་ཟླ་ ༡༢ ཚེས་ ༢༤ ཉིན་རྒྱ་གར་གཞུང་གིས་སོག་ཡུལ་དང་འབྲེལ་བ་བཙུགས་རྗེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་ཕྱིན་ཡོད་སྟབས། ༡༩༥༧ ལོར་རྒྱ་གར་གྱི་སྲིད་འཛིན་ར་ཋ་ཁེར་ཤི་ཎན་ (S Radhakrishnan) སོག་ཡུལ་དུ་བསྐྱོད་ཡོད་པ་དང་། ༡༩༥༩ ལོར་སོག་ཡུལ་གྱི་སྲིད་བློན་ཚེ་བརྟན་བྷལ་ (Yumjaagin Tsedenbal) རྒྱ་གར་ནང་སྐོར་སྐྱོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གསར་འཛུགས་བྱས་ཡོད་འདུག

༡༩༧༠ ལོར་སོག་ཡུལ་རྒྱལ་སར་རྒྱ་གར་གྱི་གཞུང་ཚབ་ཁང་བཙུགས་ཏེ་བསོད་ནམས་ནོར་བུ་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱས་ཡོད་ཀྱང་། རྒྱ་གར་གཞུང་གིས་སོག་ཡུལ་ལ་དེ་ཙམ་དོ་སྣང་སྤྲད་མེད་སྟབས། རྒྱ་ནག་དང་སོག་ཡུལ་བར་འབྲེལ་ལམ་ཡག་ཏུ་ཕྱིན་ནས་ལོ་རེར་ཨ་སྒོར་ས་ཡ་ ༣༧ ལྷག་གི་ཚོང་འབྲེལ་བྱེད་བཞིན་ཡོད་སྟབས། རྒྱ་གར་གྱི་མཁས་པ་ཚོས་སོག་ཡུལ་རྒྱལ་ཁབ་ཆུང་ཆུང་ཡིན་ཡང་ཐོན་ཁུངས་ཡག་པོ་ཡོད་པར་བརྟེན། རྒྱ་གར་གཞུང་གིས་སྣང་མེད་གཏོང་མི་རུང་བའི་བསམ་ཚུལ་བཤད་ཡོད་པ་མ་ཟད། ༡༩༩༠ ལོའི་རྒྱ་གར་གྱི་སོག་ཡུལ་གཞུང་ཚབ་པ་སྐུ་ཞབས་བ་ཀུ་ལགས་ཀྱིས་རྒྱ་གར་གཞུང་གིས་སོག་ཡུལ་དང་ཆོས་ཕྱོགས་ཀྱི་འབྲེལ་བ་ཡག་པོ་ཉར་དགོས་པའི་ལམ་སྟོན་གནང་ཡོད་སྟབས། ༢༠༡༡ ལོར་རྒྱ་གར་གྱི་སྲིད་འཛིན་པར་ཌི་བྷ་ (Pratibha Patil) སོག་ཡུལ་ལ་ཕྱིན་ནས་འབྲེལ་ལམ་བསྐྱར་གསོ་བྱས་ཡོད།

ཁ་སང་སྔ་དྲོ་རནཱ་རེན་ཌ་མུ་དྷེས་སོག་ཡུལ་གྱི་ནང་པའི་དགོན་པ་དགའ་ལྡན་དགོན་པར་བསྐྱོད་དེ་མཁན་པོ་ཧམ་བྷ་བླ་མ་མཆོག་ལ་རྒྱ་གར་ནས་འཁྱེར་བའི་བྱང་ཆུབ་ལྗོན་ཤིང་གི་སོན་རྩ་ཞིག་གནང་ཡོད་པ་མ་ཟད། ནང་ཆོས་ཀྱི་གལ་འགངས་ཐད་ལ་གཏམ་བཤད་དང་། དེའི་རྗེས་སོག་ཡུལ་ནང་ཨ་དྷར་བེ་ཧ་རེ་བ་ཇེ་བྷ་ཡེ་བརྡ་འཕྲིན་ཚན་རྩལ་གྱི་ལྟེ་ གནས་ཁང་ཞེས་པ་ཞིག་དབུ་འབྱེད་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་སྲིད་བློན་རྣམ་གཉིས་ཀྱིས་རྟ་རྩལ་འགྲན་སར་རྩེད་མོ་བརྩེད་ཡོད་པ་མ་ཟད། སྐབས་དེར་སོག་ཡུལ་གྱི་སྲིད་བློན་གྱིས་ནཱ་རེན་ཌ་མུ་དྷེར་སོག་པོའི་སྒྲ་སྙན་ (morin khuur) ཞེས་པ་དང་། རྟ་མཆོག་ཁན་ཌ་ཁཱ་ (Kanthaka) ཞེས་པ་ཞིག་སྤྲད་ཡོད་འདུག ཉིན་རྒྱབ་ནཱ་རེན་ང་མུ་དྷེས་སོག་ཡུལ་གྱི་གྲོས་ཚོགས་ནང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དང་མ་འོངས་ལས་དོན་ཞེས་པའི་ཐོག་གཏམ་བཤད་བྱས་ཡོད་སྐོར་སོགས་བཀོད་འདུག

རྒྱ་གར་བང་ཆེན་གྱིས། དེ་སྔོན་རྒྱ་གར་གཞུང་གིས་ཉི་ཧོང་དང་མཐོང་དཀོན་པའི་ལྕགས་གཏེར་ཐོན་སྐྱེད་བྱ་རྒྱུ་མཉམ་ལས་གྲོས་མཐུན་བཞག་ཡོད་པ་མ་ཟད། ད་ཐེངས་སོག་ཡུལ་གྱི་འབྲེལ་ལམ་བཙུགས་ནས་གྲོས་མཐུན་མང་དག་ཅིག་བཞག་ཡོད་པ་དེ་ནི། རྒྱ་ནག་གཞུང་གིས་ཨེ་ཤ་ཡ་སྣེ་འཁྲིད་རྒྱུར་འགོག་རྒོལ་བྱ་ཆེད་ཡིན་ཞེས་བྲིས་འདུག

མུ་དྷེས་རྒྱ་ནག་དང་སོག་ཡུལ་གྱི་རྒྱལ་དོན་སྐོར་སྐྱོད་ཁག་བསྒྲུབས་རྗེས། དེ་རིང་སྔ་དྲོ་ལྷོ་ཀོ་རི་ཡར་བསླེབས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese