མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གསུམ་ཉལ་བའི་སྲིད་བྱུས།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༦༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ལ་བཅར་མཁན་ཚོ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས། བུད་མེད་ལྷན་ཚོགས་ཀྱིས་མི་རིགས་འཕེལ་རྒྱས་ཐོག་ཐུགས་འགན་འཁུར་དགོས་པའི་བཀའ་སློབ་ཡང་བསྐྱར་གནང་འདུག ད་ལོ་གཅིག་པུར་༧གོང་ས་མཆོག་གིས་གནད་དོན་འདིའི་ཐོག་བཀའ་སློབ་རིམ་པ་གསུམ་གནང་པ་ངས་བརྒྱུད་ལམ་ཁག་ནས་དངོས་སུ་མཐོང་ཐོས་བྱུང་ཞིང་། ད་དུང་ངས་མ་གོ་མ་མཐོང་ས་རུ་དེ་ལས་ཀྱང་མང་བ་གསུངས་ཡོད་སྲིད།

ཉེ་ལམ་ཕྱི་ཟླ་གཉིས་པའི་ནང་ཡུ་རོབ་ཌེན་མག་གི་བོད་མི་ཚོར་༧གོང་ས་མཆོག་གིས། སྔོན་མ་ཆོས་རྒྱལ་ཚོའི་སྐབས་སུ་བོད་པའི་མི་འབོར་ས་ཡ་བརྒྱ་སྐོར་ཡིན་པ་དང་། འབྲོམ་གྱི་མི་རྩིས་ཆེན་མོའི་སྐབས་ལ་ས་ཡ་བཅུ་ཡོད། རྗེས་སུ་རིམ་གྱིས་ས་ཡ་དྲུག་ལ་མར་ཆག་ཡོད་ཚུལ་གསུངས། ད་དུང་བོད་པའི་རབ་བྱུང་ཕོ་མོ་དང་གཟའ་གསུམ་གྱི་ལམ་སྲོལ་རྙིང་ཧྲལ་དེས་བོད་པའི་མི་འབོར་འཕེལ་རྒྱས་ལ་གནོད་ཀྱིན་ཡོད་སྐོར་གསུངས་ཏེ། ནུབ་ཕྱོཊ་ཡུལ་གྲུ་ཁག་གི་བོད་མི་ཚོས་མི་འབོར་འཕེལ་རྒྱས་དང་། རིཊ་རྒྱུད་གཙང་མ་ཉར་འཛིན་ལ་འགན་འཁུར་དགོས་སྐོར་ནན་གྱིས་གསུངས།

༧གོང་ས་མཆོག་གི་གསུང་ཙམ་མ་རེད། བོད་པའི་མི་འབོར་གྱི་ཛ་དྲག་གནད་དོན་དེ། བོད་མིའི་སྒྲིག་འཛུགས་ཀྱིས་གསལ་བོར་མཐོང་གི་ཡོད་ལ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཀྱང་ཤེས་ཀྱི་ཡོད། བོད་མི་སྒེར་བ་ཚོས་ཀྱང་སོ་སོའི་ཕ་མར་གཅེན་གཅུང་ག་ཚོད་ཡོད་པ་དང་། སོ་སོར་སྤུན་སྲིང་ཅི་ཙམ་ཡོད་པ། སོ་སོ་རང་ལ་ཕྲུ་གུ་ག་ཚོད་ཡོད་པ་སོགས་བསྡུར་ནས་བལྟས་ན། བོད་པར་ཞེན་ཁོག་ལ་རྒྱ་ཡོད་མཁན་ཞིག་ཡིན་ན། ཞེ་བློ་དེ་བོ་ཞིག་དང་གཉིད་ཡུལ་སྐྱིད་པོ་ཞིག་ཡོང་ཐབས་མེད་སྟབས། ༧གོང་ས་མཆོག་ཀྱང་ཨུ་ཐུག་སྟེ་འདི་ལྟར་གསུངས་དགོས་བྱུང་ཡོད།

བོད་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་སྔ་ཕྱི། དེ་བཞིན་སྤྱི་འཐུས་གྲོས་ཚོགས་སོགས་སུ། གནད་དོན་འདིའི་སྐོར་ལ་བསམ་ཚུལ་མང་པོ་བྱུང་ཡོད་ལ། རྒྱ་ཆེའི་མང་ཚོགས་ཀྱིས་བཀའ་ཤག་ལ་སྙན་སྐུལ་དང་། གྲོས་ཚོགས་ནང་འདི་འབྲེལ་གྱི་གནད་དོན་ཐོག་གྲོས་ཆོད་བཞག་པའང་ཉུང་ཉུང་མིན་ཡང་། བཀའ་ཤག་གིས་ཉིན་འགྱངས་ཞག་འཕུལ་བྱས་ཏེ་ད་བར་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་ཞིག་བྱས་མེད་ལ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཀྱང་ཁ་ནས་བཤད་པ་དང་ལག་ལེན་བསྟར་བ་མིང་དོན་མཚུངས་པ་ཞིག་བྱུང་མེད།

ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ཉིན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་སྟེང་། བཙན་བྱོལ་སྤྱི་ཚོགས་ནང་ཕྲུ་གུ་མང་པོ་གསོ་སྐྱོང་བྱེད་དགོས་པ་དང་། ཕྲུ་གུ་གསུམ་ཡན་ཡོད་རིགས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་དམིགས་བསལ་ལྟ་སྐྱོང་དགོས་པའི་དགོངས་ཚུལ་བཏོན། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༦ ཉིན་གནད་དོན་དེའི་ཐོག་བཀའ་ཤག་གིས་སྲིད་བྱུས་དོན་ཚན་ལྔ་གཏན་འབེབས་བྱས། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་སྐོར་ཐོས་ཀྱང་། སྲིད་བྱུས་དེར་ད་དུང་ཡང་ཁ་མི་གསལ་བ་དང་འཐུས་མི་ཚང་སའི་ཞན་ཆ་མང་པོ་ཡོད་རབས་གོ།

བོད་པའི་མི་འབོར་འཕེལ་རྒྱས་ཀྱི་བཀག་རྡོ་གཙོ་བོ་དག་ནི། དང་པོ། བོད་ནང་ལ་མཚོན་ན་རྒྱ་ནག་གི་འཆར་ལྡན་བུ་སྐྱེས་སྲིད་བྱུས་དང་། གཉིས་པ། རང་སྐེ་བཙིར་བྱེད་ཕྱང་ཐག་རབ་བྱུང་ཕོ་མོའི་སྡེ་ཡིན། གསུམ་པ། བཙན་བྱོལ་ནང་ལ་མཚོན་ན་འཚོ་བའི་ཆ་རྐྱེན་ཞན་ཞིང་སློབ་ཡོན་རྡོག་ཁྲེས་ལྕི་བ། བཞི་པ། དུས་ཀྱི་འགྱུར་བའི་དབང་གིས་སོ་སོ་གཅིག་པུ་སྐྱིད་འདོད་རྫིག་འདོད་ཙམ་ལས་ཕྲུ་གུ་གསོ་སྤེལ་གྱི་བསམ་བློ་མེད་པ་སོགས་རེད། གནད་དོན་དང་པོ་སེལ་རྒྱུ་རང་ལག་ཏུ་མེད་ཀྱང་གཉིས་པ་དང་གསུམ་པ། བཞི་པ་སོགས་སེལ་ཐུབ་པ་ཞིག་ཡིན་ལ། འཕྲལ་མ་ཉིད་དུ་སེལ་དགོས་པ་ཞིག་ཀྱང་ཡིན།

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༧ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༧ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese