མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་ཐོག་ཏུ་ལུས་པའི་སྐྱབས་བཅོལ་བ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཐའེ་ལན་ཌིའི་རྒྱལ་སར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་སྐུ་ཚབ་འཛོམས་ནས་མཚོ་ཐོག་ཏུ་ལྷག་པའི་རོ་ཧན་ཡཱའི་མི་རིགས་སྐྱབས་བཅོལ་བ་དག་གི་དཀའ་ངལ་སེལ་རྒྱུའི་ཐག་གཅོད་བྱས་འདུག

དེ་རིང་སྔ་དྲོར་ཐའེ་ལན་ཌིའི་རྒྱལ་ས་བྷེང་ཁཱོག་ནང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ ༡༧ གྱི་སྐུ་ཚབ་དང་ཨ་རི་དང་སུད་སི། མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཚོགས་བཅས་ཀྱི་སྐུ་ཚབ་བར་བཞུགས་མོལ་ཚོགས་འདུ་ཞིག་བསྐོངས་ཏེ། ཚོགས་ཐོག་ཏུ་མཱ་ལེ་ཞི་ཡ་དང་ཧིན་རྡུ་ཎེ་ཞི་ཡའི་མཚོ་ཁུལ་དུ་ལྷག་པའི་འབར་མ་དང་བྷང་ལ་ཌེ་ཞི་ནས་སྐྱབས་བཅོལ་དུ་ཡོང་བའི་རོ་ཧན་ཡཱའི་མི་རིགས་ཀྱི་དཀའ་ངལ་དང་གནས་སྟངས་སྐོར་ལ་བགྲོ་གླེང་བྱས་ཏེ། མཐར་རྒྱལ་ཁབ་ཁག་གིས་མཉམ་རུབ་ཐོག་ཁོ་ཚོའི་དཀའ་ངལ་སེལ་རྒྱུའི་ཐག་གཅོད་བྱས་ཡོད་འདུག

ཐའེ་ལན་ཌིའི་ཕྱི་སྲིད་བློན་ཆེན་ཊ་ཎ་སཱ་ཁཱེ་ (Tanasak Patimapragorn) ཡིས་རོའུ་ཌར་གསར་ལམ་ཐོག “ང་ཚོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་ཐའེ་ལན་ཌིའི་གཞུང་བར་མཉམ་ལས་བྱས་ཏེ། ཨེ་ཤ་ཡའི་རྒྱལ་ཁག་ནང་སྐྱབས་བཅོལ་ཡོང་མཁན་གྱི་རོ་ཧན་ཡཱའི་མི་རིགས་ཀྱི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཡིན། དང་པོ། ང་ཚོས་སྐྱབས་བཅོལ་ཡོང་མཁན་ཚོར་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱས་ནས་རོགས་རམ་བྱ་རྒྱུ་དང་། གཉིས་པ། མི་ཚོང་རྒྱག་མཁན་ཚོར་རྒོལ་ལན་སློག་རྒྱུ། གསུམ་པ། དཀའ་ངལ་དེའི་བྱུང་རྐྱེན་གང་ཡིན་རྩད་ཞིབ་བྱས་ནས་ཐག་གཅོད་བྱ་རྒྱུ་ཡིན། ད་ལྟ་འབར་མ་དང་མཱ་ལེ་ཞི་ཡ། ཧིན་རྡུ་ཎེ་ཞི་ཡ་བཅས་ནི་དོན་རྐྱེན་དེའི་བྱུང་ས་ཆགས་ཡོད་སྟབས། རྒྱལ་ཁབ་གཞན་ལས་ལྷག་པ་ནུས་པ་འདོན་དགོས།” ཞེས་བརྗོད་ཡོད་སྟབས། འབར་མའི་ཕྱི་སྲིད་བློན་ཆེན་ལིན་ (Htein Lin) གྱིས། “ཉེ་ལམ་མཚོ་ཐོག་བརྒྱུད་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་འགྲོ་མཁན་ནི་འབར་མའི་མི་སེར་ཙམ་མིན་པར་རྒྱལ་ཁབ་གཞན་གྱི་མི་སེར་ཡང་ཡོད་སྟབས། ཁྱེད་ཀྱིས་དཀའ་ངལ་དེའི་བྱུང་ས་འབར་མ་ཡིན་སྐོར་བརྗོད་པ་དེ་ནི་ལན་ཁག་གཞན་ལ་དཀྲིས་ནས་རང་སྐྱོན་སྦས་སྐུང་བྱས་པ་ཞིག་ཡིན་སྟབས། ང་ཚོས་ཁས་ལེན་བྱེད་ཀྱི་མ་རེད། ཡིན་ཡང་ང་ཚོས་བྱེད་ཐུབ་པ་ནི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་མཉམ་ལས་བྱས་ཏེ། མི་ཚོང་རྒྱག་མཁན་མེད་པ་བཟོས་ཏེ། མ་འོངས་པར་གནས་ཚུལ་དེ་རིགས་མ་འཐོན་པ་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག

ཟླ་འདིའི་མགོ་སྟོད་དུ་ཐའེ་ལན་ཌིའི་མཚོ་དམག་གིས་མཱ་ལེ་ཞི་ཡ་དང་ཧིན་རྡུ་ཎེ་ཞི་ཡའི་མཚོ་ཁུལ་བརྒྱུད་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་དུ་འགྲོ་མཁན་གྱི་གྲུ་གཟིངས་ཤིག་བཀག་སྟེ། གྲུ་ཐོག་ཏུ་ཡོད་པའི་ཡུལ་གྱར་བ་ ༣༠༠༠ ལྷག་ལ་ཟས་གོས་སོགས་ཀྱི་རོགས་རམ་སྤྲད་རྗེས་ཐའེ་ལན་ཌིའི་མཚོ་ཁོངས་ནས་མཐར་སྤྲོད་བཏང་ཡོད་སྟབས། རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་ཁག་གིས་མཱ་ལེ་ཞི་ཡ་གཞུང་གིས་ཡུལ་གྱར་བ་དེ་ཚོར་བདག་སྐྱོང་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་། མཱ་ལེ་ཞི་ཡ་གཞུང་གིས་ད་ལྟ་འབར་མའི་སྐྱབས་བཅོལ་བ་ ༡༢༠༠༠༠ ལྷག་ལ་ལྟ་སྐྱོང་བྱེད་བཞིན་ཡོད་སྟབས། སྐྱབས་བཅོལ་བ་གཞན་ལེན་རྒྱུ་མིན་སྐོར་བརྗོད་ཡོད་འདུག བདུན་ཕྲག་སྔོན་མའི་ནང་ཧིན་རྡུ་ཎེ་ཞི་ཡ་དང་མཱ་ལེ་ཞི་ཡ་གཞུང་གིས་མཚོ་ཐོག་ཡུལ་གྱར་བ་ཚོར་འཕྲལ་སེལ་སྡོད་ཁང་གོ་སྒྲིག་བྱ་རྒྱུ་ཡིན་ཡང་། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་ཁོ་ཚོའི་ཕུགས་ཀྱི་སྡོད་ཁང་དང་མཐུན་རྐྱེན་ཁག་སྦྱོར་དགོས་པའི་དགོས་འདུན་བཏོན་པ་ལྟར་ཁས་ལེན་བྱས་ཡོད་སྟབས། གནས་སྐབས་རིང་སྐྱབས་བཅོལ་བ་དག་ཧིན་རྡུ་ཎེ་ཞི་ཡ་དང་མཱ་ལེ་ཞི་ཡ་ནང་སྡོད་བཅུག་ཡོད་ཀྱང་། ད་དུང་ཡུལ་གྱར་བ་ ༢༦༠༠ ལྷག་མཚོ་ཐོག་ཏུ་ལྷག་ཡོད། 

ད་ལྟ་མཚོ་ཐོག་བརྒྱུད་ཉེན་ཁར་མ་འཛེམ་པར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་དུ་འགྲོ་མཁན་དག་ནི། འབར་མའི་ཁ་ཆེ་གྲངས་ཉུང་མི་རིགས་རོ་ཧན་ཡཱ་ (Rohingya ) ཟེར་བ་དག་ཡིན་ཞིང་། ཁོ་ཚོར་འབར་མའི་གཞུང་དམངས་གཉིས་ཀྱིས་དབྱེ་འབྱེད་བྱས་ཏེ། ཉིན་རེའི་བཟའ་བཏུང་ཡན་ཆད་ལའང་དཀའ་ངལ་འཕྲད་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་བཞིན་ཡོད་སྟབས། རྒྱལ་ཁབ་གཞན་ནང་ཉེན་གཡོལ་འགྲོ་དགོས་ཐུག་ཡོད་ཀྱང་། ཐའེ་ལན་ཌི་དང་མཱ་ལེ་ཞི་ཡ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་སྐྱབས་བཅོལ་ཉར་རྒྱུར་ངོས་ལེན་བྱེད་ཀྱི་མེད་སྟབས། ད་ཆ་ཡུལ་གྱར་བ་དེ་དག་ལ་ལྟོག་སྐོམ་དང་ནད་ཚ་སེམས་སྡུག་སོགས་ཀྱི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་འདུག

ཟླ་འདིའི་ཚེས་ ༢༨ ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ནང་ཛ་དྲག་ཚོགས་འདུ་འདུས་ཏེ། ཚོགས་མའི་རྒྱལ་ཁབ་ཁག་གིས་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ། འབར་མའི་ཡུལ་གྱར་བ་དག་གི་དཀའ་ངལ་སེལ་དགོས་པའི་གླེང་སློང་བྱས་ཡོད་ཅིང་། སྐབས་དེར་ལྷན་ཚོགས་ཐོག་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཧུ་སན་ (Zeid Ra’ad Al Hussein) མཆོག་གིས་བརྙན་པར་བརྒྱུད་གཏམ་བཤད་ཅིག་སྤེལ་ཏེ། ད་ལྟ་འབར་མའི་ནང་རོ་ཧན་ཡཱའི་མི་རིགས་ལ་མི་རིགས་དབྱེ་འབྱེད་སོགས་ཀྱི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་སྟབས། འབར་མའི་གཞུང་ལ་གནོན་ཤུགས་སྤྲད་ནས་ཁོ་ཚོའི་དཀའ་ངལ་སེལ་དགོས་སྐོར་བརྗོད་ཡོད་སྟབས། ཨུ་རུ་སུའི་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ནི་འགྲོ་བ་མིའི་ཐོབ་ཐང་གནད་དོན་གླེང་སློང་བྱེད་ས་ཞིག་མིན་སྟབས། ཇེ་ནི་ཝའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཐག་གཅོད་བྱས་ན་འགྲིག་གི་རེད་ཅེས་དང་། རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་དེ་ནི་འབར་མ་རྒྱལ་ནང་གི་གནད་དོན་ཞིག་ཆགས་ཡོད། ཡིན་ཡང་ང་ཚོས་དེར་སེམས་འཚབ་བྱེད་བཞིན་ཡོད་ཅེས་བརྗོད་འདུག

ཁ་སང་ཨོ་སི་ཊོ་ལི་ཡའི་གསར་འགྱུར་བརྒྱུད་ལམ་ཞིག་གིས་༧གོང་ས་མཆོག་ཨོ་སི་ཊོ་ལི་ཡར་ཕེབས་གྲབས་ཡོད་པ་དང་བསྟུན་ཏེ། འབར་མའི་རོ་ཧན་ཡཱའི་མི་རིགས་ཀྱི་དཀའ་སྡུག་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། “ངོས་ཀྱིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཨན་སན་སུ་ཀཱེ་མཆོག་གིས་ད་ལྟའི་འབར་མའི་གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་དེ་སེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ངོས་ཀྱིས་ལྕམ་ཨན་སན་སུ་ཀཱེ་མཆོག་ཐེངས་གཉིས་མཇལ་མྱོང་ཡོད། ཐེངས་གཅིག་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དང་། གཞན་དེ་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་རེད། སྐབས་དེར་ངོས་ཀྱིས་ལྕམ་སྐུ་མཆོག་ལ་རོ་ཧན་ཡཱའི་མི་རིགས་ཀྱི་དཀའ་ངལ་དེ་སེལ་ཐབས་གནང་དགོས་སྐོར་ཞུས་སྐབས། ཁོ་མོས་ངོས་ལ་དཀའ་ངལ་དེ་སེལ་རྒྱུ་དཀའ་ལས་ཁག་པོ་དང་རྙོག་གྲ་ཚ་པོ་ཡོད་སྐོར་གསུངས་བྱུང་ཡང་། ངོས་ཀྱིས་ད་ལྟ་ལྕམ་སྐུ་མཆོག་གིས་དཀའ་ངལ་དེ་སེལ་ཐབས་གནང་དགོས་པ་རེད་བསམ་གྱི་ འདུག”ཅེས་གསུངས་འདུག

དེ་རིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་གཞུང་གིས། ཇི་སྲིད་འབར་མ་གཞུང་གིས་རོ་ཧན་ཡཱ་མི་རིགས་ལ་དབྱེ་འབྱེད་བྱེད་རྒྱུ་མཚམས་མ་བཞག་པར། དེ་སྲིད་དུ་ཁོ་ཚོས་རྒྱ་གར་རྒྱ་མཚོ་བརྒྱུད་རྒྱལ་ཁབ་གཞན་ནང་ཉེན་ཁར་མ་འཛེམ་པར་སྐྱབས་བཅོལ་ལ་འགྲོ་རྒྱུ་མཚམས་འཇོག་བྱ་རྒྱུ་ཁག་པོ་ཡིན་སྟབས། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་འབར་མའི་གཞུང་གིས་གྲངས་ཉུང་མི་རིགས་ལ་ཐོབ་ཐང་གཅིག་མཚུངས་སྤྲོད་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese