མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པདྨ་ཆོས་སྒྲོན་ལ་མཛངས་མའི་དབུ་རྒྱན་གཡོཊ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྡེ་ར་རྡུན་བདེ་སྐྱིད་གླིང་གཞིས་ཆགས་ནས་ཡིན་པའི་བུ་མོ་པདྨ་ཆོས་སྒྲོན་ལགས་ལ་འདི་ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་སོང་།

དེ་རིང་དགོང་དྲོའི་ཆུ་ཚོད་ ༧།༣༠ ཙམ་ལ་དྷ་ས་བོད་ཀྱི་ཟློས་གར་ཐང་དུ། འདི་ལོའི་བོད་ཀྱི་མཛངས་མའི་རྟིང་རྩོད་འགྲན་སྡུར་གྱི་དགོང་ཚོགས་ཚོགས་སོང་བ་དང་། འགྲན་སྡུར་གྱི་གཟུ་དཔང་དུ་དྷ་རམ་ས་ལའི་གློག་བརྙན་དུས་སྟོན་མཉམ་འབྲེལ་གསར་འཛུགས་གནང་མཁན་ལྕམ་མོ་ནི་ཀཱ་ནཱ་ཐཱ་རཱ་ཇི་(Monika Nataraj) དང་། ཡོ་ག་དགེ་རྒན་ཤོན་ཤོ་(Shawn Shaw)རྣམ་གཉིས་གདན་འདྲེན་བྱས་འདུག་ལ། ཐེངས་འདིའི་དགོང་ཚོགས་ཐོག་ཕྱི་ལོ་ ༢༠༠༧ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་སྒྲོལ་མ་ལགས་དང་ ༢༠༡༡ ལོའི་མཛངས་མ་བསྟན་འཛིན་དབྱངས་སྐྱིད་ལགས། དེ་བཞིན། ༢༠༡༤ ལོའི་མཛངས་མ་བསྟན་འཛིན་དབྱངས་འཛོམས་ལགས་དང་། ཧི་མ་ལ་ཡའི་རོལ་དབྱངས་ཚོགས་པ་སོགས་གླུ་གར་འཁྲབ་སྟོན་པ་ཁག་ཅིག་དང་། ལྟད་མོ་བ་བཅས་ཁྱོན་མི་གྲངས་ ༣༠༠༠ ཡས་མས་འཛོམས་འདུག

རྟིང་རྩོད་འགྲན་སྡུར་ཁྲོད་འགྲན་ཞུགས་པ་བུ་མོ་གསུམ་གྱིས་ཕོ་མོ་འདྲ་མཉམ་དང་དེང་སང་འགོས་ཁྱབ་ཏུ་འགྲོ་བཞིན་པའི་ཨེ་ཙི་སྔོན་འགོག་བྱེད་ཐབས་སོགས་ཀྱི་ཐོག་གཏམ་བཤད་དང་། སྒྱུ་རྩལ་འཁྲབ་སྟོན། ཆས་གོས་འགྲན་སྡུར། གཟུ་དཔང་གཉིས་ཀྱི་དྲི་བར་ལན་འདེབས་བཅས་བྱས་པ་བརྒྱུད། རྡེ་ར་རྡུན་ནས་ཡིན་པའི་པདྨ་ཆོས་སྒྲོན་ལགས་ལ་འདི་ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་གཡོགས་ཏེ། ཧིན་སྒོར་འབུམ་ ༡ གི་བྱ་དགའ་དང་། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུ་ནས་ཡིན་པའི་བློ་བཟང་སྐྱིད་འཛོམས་ལགས་ལ་ཧིན་སྒོར་ཁྲི་ ༥ དང་། བལ་ཡུལ་སྦོག་ར་ནས་ཡོང་བའི་ཚེ་རིང་སྒྲོལ་མ་ལགས་ལ་ཧིན་སྒོར་ ༢༥༠༠༠ བཅས་ཀྱི་བྱ་དགའ་སྤྲད་སོང་།

མཛངས་མ་པདྨ་ཆོས་སྒྲོན་ལགས་ཀྱིས་གསར་འགོད་པར། ང་ལ་བོད་ཀྱི་མཛངས་མའི་རྒྱལ་ཁ་འཐོབ་ངེས་རེད་བསམ་མ་སོང་ལ། ང་ལ་དེ་འདྲའི་ནུས་པ་ཆེན་པོ་ཡོད་པ་རེད་ཀྱང་བསམ་མ་སོང་། ཡིན་ནའང་། བོད་ཀྱི་མཛངས་མའི་སྡིངས་ཆ་འདི་དཔེ་ཡག་པོ་འདུག ང་འདིར་བསླེབས་པ་དང་གདེང་ཚོད་བསླེབས་སོང་ལ། ང་རང་གི་སེམས་སུ་སྐད་ཆ་གང་ཡོད་པ་དེ་བཤད་རྒྱུ་རག་སོང་བས་དཔེ་སྐྱིད་པོ་བྱུང་། ཞེས་དང་། བྱ་དགའི་དངུལ་གྱི་ནང་ནས་ཧིན་སྒོར་ཁྲི་ ༡ གིས་བལ་ཡུལ་གྱི་ས་ཡོམ་ཁྲོད་དཀའ་ངལ་འཕྲད་མཁན་ཚོར་རོགས་སྐྱོར་བྱ་རྒྱུ་དང་། དེ་མིན་དགོན་པ་ལ་ཞལ་འདེབས་ཕུལ་དགོས་པ་སོགས་དངུལ་སྤྲོད་དགོས་ས་གཞན་ཡང་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་མོས་བོད་ཀྱི་མཛངས་མ་ཟེར་དུས་ལུང་པ་ཞིག་གི་སྐུ་ཚབ་དང་། དམིགས་བསལ་གྱིས་བོད་ཀྱི་བུད་མེད་ཀྱི་སྐུ་ཚབ་ཅིག་ཡིན་སྟབས། ཁོང་མོ་མཐོ་སློབ་ཏུ་ཡོད་སྐབས་ནས་བུད་མེད་དང་བུད་མེད་ཚོགས་པར་རོགས་རམ་མང་པོ་བྱས་ཡོད་པ་ལྟར་མུ་མཐུད་དེའི་ཐོག་དོ་ཁུར་བྱ་རྒྱུ་དང་།  གཞན། ཁོ་མོ་ཆུང་དུས་ནས་ཨ་མས་སེམས་ཅན་ལ་སྙིང་རྗེ་དགོས་པའི་བསླབ་བྱ་གནང་བ་ལྟར། མ་འོངས་པར་སེམས་ཅན་བྱམས་སྐྱོང་གི་ལས་ཀ་བྱ་འདོད་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༣ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 2

  1. ཤར་མདའ། says:
    ལོ་ 11 སྔོན།

    བོད་མི་རིགས་ཡིན་ན་ཡང་མི་རིགས་ཤིག་རེད་མོ་དེ་འདྲ་ཡིན་དུས་ངེས་པར་འདི་དགོས་པ་ཞིག་རེད་གཙོ་བོ་དྲང་བདེན་གྱིས་ལམ་ནས་འདེམས་དགོས་པ་རེད་མ་གཏོགས་དབང་རྒྱལ་ལགས་ལ་དོན་དམ་བཤད་ན་ཞལ་དྲོ་ཟེར་དགོས་པ་འདྲ་བོ་རེད། གང་ཡིན་ཟེར་ན་འུ་ཚོ་བོད་མི་རིགས་ལ་བུད་མེད་མེད་སོང་ནི་མ་རེད་མོ་དེ་འདྲ་ཡིན་དུས་ངེས་པར་མཛངས་མའི་འགྲན་བསྡུར་དགོས་པ་ཞིག་རེད་ལ་དེ་ཡང་བོད་མི་ཚང་མའི་རྒྱབ་སྐྱོར་གནང་དགོས་པ་རེད་ལ་གནང་འོས་པ་ཞིག་རེད་དྲན་སོང་།

    Reply
  2. ཨ་ཕའི་བུ། says:
    ལོ་ 11 སྔོན།

    བོད་ཀྱི་མཛངས་མའི་འགྲན་བསྡུར་ལ་ཡང་ན་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ནས་དོ་སྣང་དང་དོ་ཁུར་སོགས་རྒྱབ་སྐྱོར་ཚད་ལྡན་གནང་དགོས་འདུག་མ་གཏོགས། དེ་མིན་བློ་བཟང་དབང་རྒྱལ་གཅིག་པོས་ཁོ་རང་ངོ་ཚ་མེད་པའི་ཐོག་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཞབས་འདྲེན་ཞུ་རོགས་རེད་འདུག

    མཛངས་མའི་དགོངས་ཚོགས་ལ་ལྟས་མོ་བལྟ་བར་འགྲོ་མཁན་ཚོ་ཡང་ཞབས་འདྲེན་གང་འདྲ་ཞུ་གི་ཡོད་མེད་བལྟ་བར་འགྲོ་བ་ལས་ཁྱད་མཚར་གྱི་ངོས་ནས་བལྟ་བར་འགྲོ་མཁན་མེད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese