མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ཕྱོཊ་ཀྱི་བྱེད་སྒོར་མི་ཞུཊ་པའི་དམ་བཅའ་ཞོག

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁ་ཆེ་ཆོས་ལུཊ་ཀྱི་དུས་ཆེན་སྐབས་ཚོང་ལས་གཉེར་མཁན་གྱི་ཁ་ཆེ་བ་ཚོས་ལས་མཚམས་འཇོག་མི་ཆོག་ལ། ལས་བྱེད་པ་དང་དགེ་རྒན་སོགས་དུས་ཆེན་གྱི་བྱེད་སྒོར་མི་ཞུགས་པའི་དམ་བཅའ་དགོས་སྐོར་གྱི་བཀའ་རྒྱ་བསྒྲགས་འདུག

ཕྱི་ཚེས་ ༡༨ ཉིན་ནས་ཉིན་གྲངས་ ༣༠ རིང་འཛམ་གླིང་གི་ཡུལ་ཕྱོགས་གང་སར་ཡོད་པའི་ཁ་ཆེ་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོས། ཁ་ཆེ་ཆོས་ལུགས་ཀྱི་དུས་ཆེན་ཆེ་ཤོས་(Ramadan)ཞེས་པ་སྲུང་གཙི་བྱེད་བཞིན་སྟབས། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ཀྲང་ཁྲིན་ཞན་གྱིས། ཤིན་ཅང་ཁུལ་གྱི་བརྟན་ལྷིང་ལ་ཆོས་ལུགས་ཐལ་དྲག་རིང་ལུགས་པའི་བསྟུད་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྐོར་བརྗོད་དེ། ཤིན་ཅང་ཁུལ་གྱི་ཁ་ཆེའི་གུང་ཁྲན་ཏང་ཡོན་དང་གཞུང་ཞབས་པ། དགེ་རྒན། སློབ་མ་སོགས་ཐེངས་འདིའི་དུས་ཆེན་གྱི་བྱེད་སྒོར་འཛུལ་ཞུགས་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་པ་མ་ཟད། དེ་སྔོན་དྲག་སྤྱོད་ཀྱི་དོན་རྐྱེན་བྱུང་མྱོང་བའི་རྫོང་དང་གྲོང་ཁྱེར་ཁག་གི་སྲིད་གཞུང་གི་ལས་བྱེད་ཚོ། ཐེངས་འདིའི་དུས་ཆེན་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་ནང་འཛུལ་ཞུགས་བྱ་རྒྱུ་མིན་པའི་དམ་བཅའ་འཇོག་དགོས་སྐོར་བསྒྲགས་ཡོད་འདུག

ཡང་སྲིད་གཞུང་གི་བསྒྲགས་གཏམ་ནང་། ད་ལོའི་དུས་ཆེན་སྐབས་ཁ་ཆེའི་ཟ་ཁང་ཚོས་སྒོ་བརྒྱབ་པ་ཡིན་ན་ཉེས་ཆད་གཅོད་རྒྱུ་དང་། སློབ་མ་ཚོས་དབྱར་ཀའི་གུང་སེང་སྐབས་བདུན་ཕྲག་རེ་རེ་བཞིན་ཕྱིར་སློབ་གྲྭར་ལོག་སྟེ་ཆབ་སྲིད་སློབ་སྦྱོང་བྱེད་དགོས་སྐོར་དང་། དེ་བཞིན། ཁ་ཆེ་མང་པོ་གནས་སྡོད་བྱས་ཡོད་པའི་ཡེ་ལི་ས་ཁུལ་གྱི་རྫོང་ཞིག་གི་སྲིད་གཞུང་དྲ་བའི་ཐོག རྫོང་དེའི་ཁོངས་སུ་ཡོད་པའི་ཁ་ཆེ་ཚོང་པ་ཚོས་དུས་ཆེན་སྐབས་རྒྱུན་ལྡན་ལྟར་ཚོང་ལས་གཉེར་དགོས་པའི་བརྡ་ཁྱབ་བཏང་ཡོད་པ་མ་ཟད། སྐབས་དེར་ཁ་ཆེའི་ཟ་ཁང་ཚོའི་ཟས་རིགས་ལ་འཕྲོད་བསྟེན་ཞིབ་བཤེར་ཉུང་དུ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག

དེའི་ཐད་ཕྱི་ཕྱོགས་སུ་ཡོད་པའི་ཡུ་གུར་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས། རྒྱ་ནག་གཞུང་གིས་ཁ་ཆེའི་ཆོས་ལུགས་ཀྱི་བྱེད་སྒོར་དམ་དྲག་བྱེད་པའི་སྲིད་བྱུས་སྤེལ་བཞིན་པ་དེས། ཤིན་ཅང་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་མེད་པ་དང་དྲག་པོའི་དོན་རྐྱེན་སློང་གི་ཡོད་ཀྱང་། རྒྱ་ནག་གཞུང་གིས་གནད་དོན་དེ་གཏན་ནས་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད། ཉེ་བའི་ལོ་ཤས་ནང་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ལས་བྱེད་པ་དང་ལོ་ན་ ༡༨ མན་གྱི་བྱིས་པ་ཚོ་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་པར་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་ཆོས་ལུགས་རང་དབང་ལ་སྲུང་སྐྱོབ་དགོས་པའི་སྐོར་ཡང་ཡང་རྗོད་ཀྱི་ཡོད་ཀྱང་། རྒྱ་ནག་ནང་ཁུལ་དུ་ཆོས་ལུགས་བྱེད་སྒོ་ཁག་ལ་བཀག་སྡོམ་བྱས་ཏེ། ཆོས་ལུགས་སྡེ་ཁག་གི་འཁོར་སྐྱོད་ཚོང་ལས་ཁོ་ན་མ་གཏོགས་ཆོག་མཆན་སྤྲོད་ཀྱི་ཡོད་པ་མ་རེད། ཅེས་བརྗོད་འདུག

འཇར་མན་དུ་ཡོད་པའི་འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཌི་ལི་ཤཱ་ཡིས། རྒྱ་ནག་གཞུང་གིས་ཁ་ཆེའི་དུས་ཆེན་བསླེབ་ལ་ཉེ་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་སྔར་ལས་ཤུགས་ཆེ་རུ་བཏང་སྟེ། རིམ་པ་ཁག་གི་ཡུ་གུར་ལས་བྱེད་ཚོ་དུས་ཆེན་སྐབས་ལྷ་ཁང་དུ་མི་འགྲོ་བ་དང་སྨོན་ལམ་མི་རྒྱག་པའི་ངག་ཐོག་དང་ཡིག་ཐོག་གི་དམ་བཅའ་དགོས་པ་མ་ཟད། སོ་སོའི་ཁྱིམ་མི་དང་གཉེན་ཉེ་ཚོ་ལྷ་ཁང་དུ་མི་འགྲོ་བ་དང་དུས་ཆེན་གྱི་བྱེད་སྒོར་མི་ཞུགས་པའི་ཁག་ཐེག་བྱེད་དགོས་ཀྱི་ཡོད་པ་རེད། ནམ་རྒྱུན་ལྷ་ཁང་དུ་འགྲོ་ཆོག་པའི་ལས་བྱེད་ཉུང་ཤས་ཤིག་ཡོད་པ་དེ་ཚོར་ཡང་གཞུང་གི་ཆོག་མཆན་མེད་ན་འགྲོ་ཆོག་གི་མ་རེད། རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་བཏང་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱེད་པར་ཁ་གཡར་ཏེ། རྒྱུན་མཐུད་ནས་ཡུ་གུར་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་ལ་རྒོལ་རྡུང་བཏང་བ་ཡིན་ན། ནམ་ཡང་ཤིན་ཅང་ནང་བརྟན་ལྷིང་ཡོང་མི་སྲིད་སྐོར་བརྗོད་འདུག

ལོ་རེའི་ཕྱི་ཟླ་ ༦ པའི་ཟླ་མཇུག་ནས་བཟུང་ཉིན་གྲངས་ ༣༠ རིང་ཁ་ཆེའི་ཆོས་ལུགས་ཀྱི་ལྟེ་གནས་སུ་འབོད་པའི་ཨེ་ཛི་རལ་གྱི་རྒྱལ་ས་(Jerusalem)ཡི་གཙོས་འཛམ་གླིང་གང་སར་ཡོད་པའི་ཁ་ཆེའི་ཆོས་ལུགས་པ་ཚོ། ས་གནས་ཀྱི་ལྷ་ཁང་ཁག་ཏུ་འདུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་རྒྱ་ཆེན་པོ་བྱེད་སྲོལ་ཡོད་ཀྱང་། འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་ནང་དུས་ཆེན་དེའི་བྱེད་སྒོ་ཁག་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག ཞིབ་འཇུག་བྱས་པ་ལྟར་ན། ད་ལྟའི་ཆར་འཛམ་གླིང་ཐོག་ཁྱོན་ཁ་ཆེ་ཆོགས་ལུགས་ཀྱི་རྗེས་འཇུག་པ་དུང་ཕྱུར་ ༡༠ ལྷག་ཡོད་པ་དང་། རྒྱ་ནག་ནང་ཁྱོན་ཁ་ཆེ་བ་ས་ཡ་ ༢༠ ཙམ་ཡོད་པའི་ནང་ནས་མི་གྲངས་ས་ཡ་ ༡༣ ལྷག་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་གནས་སྡོད་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦

མཆན། 2

  1. འདེན་འཚོལ་ says:
    ལོ་ 11 སྔོན།

    ཡ་་་་་་རྒྱ་ནག་གཞུང་གིས་སེམས་ཅན་མང་པོ་ཞིག
    གིས་སྲོག་སྐྱབས་འདུག་་་་་་་་དེ་མ་ཏོག་ཡང
    སེམས་ཅན་གྲངས་ལས་འདས་པ་ཞིག་ཆོས
    ཕྱོགས་ཀྱི་མིང་འོག་ནས་སྲོག་འགྲོ་སྲིད་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་ ད་ལྟའི་ཆར་འཛམ་གླིང་ཐོག་ཁྱོན་ཁ་ཆེ་ཆོགས་ལུགས་ཀྱི་རྗེས་འཇུག་པ་དུང་ཕྱུར་ ༡༠ ལྷག་ཡོད་པ་དང་། རྒྱ་ནག་ནང་ཁྱོན་ཁ་ཆེ་བ་ས་ཡ་ ༢༠ ཙམ་ཡོད་པའི་ནང་ནས་མི་གྲངས་ས་ཡ་ ༡༣ ལྷག་ཤིན་ཅང་ཡུ་གུར་མི་རིགས་རང་ཁུལ་དུ་གནས་སྡོད་བྱས་ཡོད་འདུག ་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese