མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀ་ལོན་སྦུག་གི་ཐུག་བཟོ་བའི་གླེང་མོལ་བཀླགས་པའི་སེམས་ཚོར།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp
གཡུ་སྒང་དགེ་འདུན།

སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་༼ཀ་ལོན་སྦུག་གི་ཐུག་བཟོ་བ།༽ཞེས་པའི་དཔེ་དེབ་ཨ་རིའི་དཔར་སྐྲུན་ཁང་ཞིག་གིས་འགྲེམ་སྤེལ་བྱས་པ་དང་བསྟུན་ཏེ། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་དཔེ་དེབ་དེ་དངོས་སུ་ཀློག་པ་པོ་འཇམ་དབྱངས་བཀྲ་ཤིས་ལགས་སུ་གླེང་མོལ་བྱས་པའི་ནང་དོན་ཁག་བོད་ཀྱི་དུས་བབ་དྲ་ཐོག་ཏུ་མུ་འགོད་བྱས་པ་བཀླགས་རྗེས་ཀྱི་ཚོར་སྣང་ཞིག་བརྗོད་འདོད་བྱུང་། 

རང་ཉིད་ཀྱི་དབྱིན་ཡིག་མི་ཤེས་སྟབས་སྐུ་ཞབས་འཇམ་དབྱངས་བཀྲ་ཤིས་ཀྱིས་བརྗོད་དོན་དེ་དེབ་དེའི་ནང་དོན་གནད་ཟིན་ཞིག་བཤད་ཐུབ་ཡོད་དང་མེད་ཀྱི་ཐད་ནས་བཤད་མི་ཤེས་མོད། འོན་ཀྱང་།  སྐུའི་གཅེན་པོའི་དེབ་དེ་ལ་མཚོན་ན། ང་ཚོའི་སྤྱི་ཚོགས་ནང་རེ་སྒུག་བྱེད་སྡོད་མཁན་གྱི་ཁྲོད་དུ་སྐུའི་གཅེན་པོ་རེད་བསམ་མཁན་སོགས་ལས་ལྷག་པར་དུ་རྒྱལ་གཅེས་པ་དང་རྒྱལ་བཙོང་བ་ཞེས་བཟང་ཕྱོགས་ངན་ཕྱོགས་གཉིས་ཐད་ནས་གླེང་མཁན་ཡོད་པ་དེའི་ཐད་ནས་ལྟ་འདོད་གྱིས་མིག་ཧྲིག་ཧྲིག་དང་ཨམ་ཅོག་ཀྲོང་ཀྲོང་བྱེད་མཁན་ཧ་ཅང་མང་།

དེར་བརྟེན། སྐུའི་གཅེན་པོ་ཁོང་གིས་ཀྱང་ཐུགས་བསམ་ནན་བཞེས་ཀྱིས་དཀའ་རྙོག་ག་རེ་བྱུང་ཡང་ཁོང་རང་གིས་འགན་འཁུར་རྒྱུ་ཡིན་གསུངས་འདུག་པ་ཞིག་འཁོད་འདུག་སྟབས། དེ་ནི་དངོས་གནས་དྲང་གནས་བུ་རྒོད་པོ་ཞིག་གིས་གནང་སྟངས་དངོས་དེ་རེད། རྩོམ་ཡིག་དང་ལོ་རྒྱུས། ལས་དོན་སོགས་གང་ཡིན་ཡང་གཞན་ལ་ལག་པ་ཕྱི་ས་མ་བྱས་པར་རང་ཉིད་ཀྱིས་འགན་ཁུར་ནས་བཤད་པར་ཧ་ཅང་རྗེས་སུ་ཡི་རངས་ཡོད།

རང་ཉིད་ཀྱི་མི་ཚེའི་ནང་སྤྱི་དོན་ལ་དཀའ་ལས་བརྒྱབ་སྐད་ཆ་ཡག་ཉེས་མང་པོ་ཞིག་གི་སྣེ་ནས་མི་སྣ་སྐད་གྲགས་ཅན་བཤད་ཕོད་པ་སྒྲུབ་ཕོད་པ་དེ་ཚོའི་གྲས་ནས་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་ནང་རང་ཉིད་ལས་གཞན་རང་དང་དུས་མཉམ་གྱི་ལས་ཐོག་པ་ཕལ་ཆེར་སྐྱོན་ཅན་ཤ་སྟག་ཏུ་སྒྲུབ་སྟེ་དེབ་གྲངས་ཀློག་ན་མི་ཚར་བ་དེ་འདྲ་ཡང་ཡོད་པ་རེད། དེའི་ནང་བདེན་པ་མི་འདུག་ཟེར་གྱི་མེད། བདེན་པ་ཡོད་པ་དངོས་ཡོད་གནས་ཚུལ་རེད། ཡིན་ནའང་རྩོམ་པ་པོ་རང་ཉིད་ཀྱིས་ཕ་རོལ་པོ་ནག་པོར་བསྒྲུབ་དགོས་ན་རང་གཞན་གཉིས་ཀ་ཚེ་ངོགས་སུ་ཡོད་སྐབས་བཤད་དགོས་ལ། མ་མཐར་ཡང་རང་ཉིད་ཚེ་ངོགས་སུ་ཡོད་པ་ཙམ་མ་ཟད་རང་འགན་འཁུར་ནས་རྩོམ་དགོས་པ་དེ་བཤད་མི་དགོས་པ་ཞིག་རེད།

ངས་འདི་ལྟར་བཤད་ན། ནང་ཆོས་ཀྱི་ཁྲོད་ནས་གཞུང་ལུགས་མང་པོ་ཞིག་རྩོམ་པ་པོ་གྲོངས་པའི་རྗེས་ལ་བཏོན་ཡོད་པའི་མིང་འདོན་སྲིད་མོད། དེ་དག་དང་འདི་ཚོ་རྩ་བའི་ཆ་ནས་ཐ་དད་རེད། འདི་ནི་རྒྱལ་ཁྲིམས་ལྟར་བདེན་དཔང་ཡོད་མེད་དང་དངོས་གཙོའི་སྒང་ནས་འགྲོ་དགོས་དུས་ཡག་ས་ནས་བཤད་ན་རང་ཉིད་བདེན་པའི་རྒྱལ་ཁ་ཡོད་པས་ཕ་རོལ་པོས་ཁ་གཏད་གཅོག་མ་ཐུབ་པ་དེ་འདྲ་བྱུང་ན་བཀྲ་ཤིས་བདེ་ལེགས་རེད། དེ་འདྲ་མིན་པར་ཁ་བདེ་བོ་དང་། དབང་ཚད་མཐོ་བོ། མི་འཇོན་པོ་ཡོད་བསམ་པའི་ཆ་ནས་བྱུང་བའི་སྐད་ཆར་གྱུར་པ་ཡིན་ན། དེའི་རིགས་དྲང་བདེན་གྱི་ཁྲིམས་ལྟར་སོང་ན་བདེན་པར་འཛིན་རྒྱུ་ཁག་པོ་ཡིན་པས་ཚད་འཛིན་བྱེད་མི་ཐུབ་པ་ཞིག་ཆགས་ཡོད།

སྐུའི་གཅེན་པོ་མཆོག་གིས་དེབ་དེའང་བོད་པའི་གནས་སྟངས་ཀྱི་དུས་ལ་དཔག་ན་སྔ་ཡོད་སྲིད་མོད། ཁོང་དང་ལས་ཐོགས་པ་སྐོར་ཞིག་གི་ཐད་ནས་བསམ་བློ་བཏང་ན་འཕྱིས་ཡོད་པ་ཞིག་རེད། ཡིན་ནའང་ཁོང་གིས་རང་ཉིད་ལ་ཁ་མཆུ་སོགས་ཇི་འདྲ་རྒོད་ཀྱང་། རང་ཉིད་ལ་ཕ་རོལ་བས་རྒོད་ལན་ཇི་ལྟར་སྤྲོད་མིན་ཆ་མ་འཚལ་ཡང་། དེ་དག་ལ་གདོང་གཏད་དེ་མདུན་མཆོངས་བྱས་ཏེ་མི་ཚེའི་ལོ་རྒྱུས་བརྩམས་པ་དེ་ཕོ་རབ་ཅིག་གིས་གནང་སྟངས་རེད། ཡིན་ནའང་བརྗོད་དོན་རེ་ཟུང་ལ་ཀླན་ཀ་སློག་མཁན་དངོས་ཀྱི་ཚེའི་འཕེན་པ་རྫོགས་ཟིན་པས་ཁོའི་མི་རབས་རྗེས་མས་ཀླན་ཀ་སློག་སྲིད་པས་དེའི་རིགས་ནི་ཟིང་ཆ་ཆེ་བའི་ལས་དོན་དུ་མི་འགྱུར་བའི་ངེས་པ་མེད་པ་ཞིག་རེད།

རྒྱལ་པོའི་ལས་ལ་སྤྲང་སྡུག།  སྤྲང་པོའི་ལས་ལ་སུ་སྡུག། གི་དཔེ་ལྟར་རེད་དེ། ལོ་གྲངས་བརྒྱད་ཅུ་གྱ་བདུན་ལ་སོན་པའི་མི་ཞིག་གིས་རང་གི་ཚེ་སྟོད་ལ་མྱོང་བའི་སྐྱིད་སྡུག་གི་གཏམ་རྒྱུད་དེ་དག་ཚེ་མཇུག་མ་རྫོགས་སྔོན་དུ་དྲང་པོ་དྲང་བཞག་དང་བདེན་པ་བདེན་ཐུབ་ཀྱིས་གསལ་བཤད་ཅིག་བྱེད་ཐུབ་པ་བྱུང་ན་སྙམ་པའི་ཀུན་སློང་ཞིག་གིས་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་བྲིས་པ་ཙམ་མ་ཡིན་པར་རང་གི་མི་ཚེ་དང་མི་རིགས་ཤིག་གི་སྐྱིད་སྡུག་དང་འབྲེལ་བ་ཡོད་པའི་རྐྱེན་གྱིས་བྲིས་པ་ཞིག་ཡིན་ཐག་ཆོད་རེད།

དཔྱིད་ཉི་ཞིག་ལ་དྲོ་འཁྱག་གསུམ།། མི་ཚེ་ཞིག་ལ་སྐྱིད་སྡུག་གསུམ།། ཞེས་པའི་དཔེ་ལྟར། ཡག་ཉེས་ཅི་འབྱུང་བཤད་དཀའ་བའི་ཡུལ་དུ་གྱུར་ཡོད། ད་དུང་སྐུའི་གཅེན་པོ་ཁོང་གིས་ཁ་མཆུ་ཅི་འདྲ་ཞིག་འབྱུང་མིན་དང་སྐྱིད་སྡུག་ག་འདྲ་ཞིག་མྱོང་དགོས་མིན་མི་ཤེས་ཀྱང་། དེ་དག་རེ་རེ་ལ་གདོང་མཆོངས་རྒྱག་པ་ནི། རང་ཉིད་ལ་ངོ་གནོང་མི་དགོས་པའི་གདེང་ཚོད་ཡོད་པའི་རྟགས་མཚན་ཞིག་ཡིན་པར་ངེས། དེ་མ་གཏོགས་བོད་ཡིག་གི་སྒང་ནས་བཏོན་ཆོག་ཀྱང་དེའི་སྒང་ནས་མ་བཏོན་པར་ཁྱབ་ཆེ་ཤོས་དབྱིན་ཡིག་གི་སྒང་ནས་བཏོན་དགོས་དོན་མེད་པར་འདོད།

དྲ་ལམ་ཁག་ཏུ་གླེང་རྙོག་མང་པོ་ཞིག་ཡོང་གི་ཡོད་ཀྱང་། དེ་དག་དེབ་དེ་ཀློག་ཡོད་མེད་ཀྱི་ཆ་ནས་བཤད་ན། ཁྱི་ལ་ལ་རིག་ནས་ཟུག། ཁྱི་ལ་ལ་མ་རིག་པར་ཟུག། ཅེས་པའི་དཔེ་ལྟར། མ་རིག་པར་ཟུག་མཁན་ཧ་ཅང་མང་། སྤྱིར་ཀློག་མཁན་འཇམ་དབྱངས་ལགས་ཀྱིས་བཤད་པ་དེ་དག་དེབ་ཀྱི་སྤྱིའི་བརྗོད་དོན་དང་ཏག་ཏག་བསྡད་ཡོད་ན་སྔ་ཕྱི་བར་གསུམ་ན་ནང་འགལ་ཏོག་ཙམ་རེ་ཡོད་རྒྱུ་རེད་བསམ་པའི་དོགས་སློང་ཞིག་ཡོང་སྲིད་པ་ཞིག་རེད། ཡིན་ནའང་དེབ་དེ་བོད་ཡིག་ལ་ནང་དོན་མགོ་མཇུག་མ་ལོག་པར་བསྒྱུར་ཐུབ་པ་ཞིག་བྱུང་ན་སྐབས་དེར་གླེང་སློང་བྱུང་ན་འགྲིག་གི་རེད་མ་གཏོགས། ད་ལྟ་ད་དུང་རྙོག་གླེང་བྱས་ན་སྔ་དྲགས་པ་རེད་སྙམ།

མཐའ་སྡོམ་༸གོང་ས་མཆོག་གིས་བཀའ་སློབ་ཅིག་ཏུ་ “རྒྱལ་ལོ་དོན་གྲུབ་ལ་མཚོན་ན། ངའི་སྤུན་ཡིན་པའི་ཆ་ནས་དག་སྐྱེལ་བྱས་པ་མིན་ཡང་། ཉམས་མྱོང་གིས་མ་ལྡང་པའི་དབང་གིས་ལས་དོན་ཐོག་དགེ་སྐྱོན་མང་པོ་བྱུང་ཡོད། སྐབས་རེར་ང་བློ་ཕམ་དགོས་པ། བཀའ་ཤག་བློ་ཕམ་དགོས་པ་ཐེངས་མང་པོ་བྱས་ཡོད། ཡང་དེ་དང་ཆབས་ཅིག་རྒྱལ་དོན་གྱིས་མ་གཏོགས་བཀའ་ཤག་སོགས་གཞན་དག་སུས་ཀྱང་བྱེད་མ་ཐུབ་པའི་ལས་ཀ་ཡང་མང་པོ་བྱས་ཡོད། བྱས་རྗེས་བཞག་ཡོད། ལས་ཀར་ནོར་འཁྲུལ་མང་པོ་བྱུང་ཡོད་ཀྱང་རྩ་བའི་ལྷག་བསམ་ཡོད་པ་ཚོད་ཐིག་གི་ཡོད།” ཅེས་གསུངས་ཡོད། 

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༧ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 2

  1. ལྷ་་སྤྱན་གསུམ་པ says:
    ལོ་ 11 སྔོན།

    གནད་དོན་དེ་ནི་འདིར་ཁ་གསལ་དུ་ཡོད་པའི་གནད་དོན་ཡ་མཚན་ཅན་དེ་རེད། སོགས་ཚས་དབྱིན་ཡིག་མི་མཁྱེན་པ་འདྲ།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 11 སྔོན།

    སྐུ་ཡི་གཅེན་པོ་དང་མི་རྗེ་ས་དབང་བཀའ་བློན་ཁྲི་ཟུར་སྐུ་ངོ་རྒྱ་ལོ་དོན་གྲུབ་མཆོག་གིས་ལྗགས་རྩོམ་གནང་བའི་མི་ཚེའི་ལོ་རྒྱུས་ནང་། གཅིག་སྟོང་དགུ་བརྒྱ་དོན་ཅུ་དོན་གྲངས་ནང་རང་གཞུང་དོན་གཅོད་སྐུ་གཅོད་སྐུ་ངོ་ལྷའི་ལྡིང་མཆོག་གིས་དབུས་ལས་བྱེད་དང་། བོད་མི་བརྒྱ་ཕྲག་ཁ་ཤས་མི་རྗེ་ས་དབང་མཆོག་གི་གནང་ཕྱོགས་ཀྱིས་རྐྱེན་པས་འབྲུག་གཞུང་གི་རྩོན་ཁང་ནང་ཕྱི་མའི་ལྔ་ལམ་དུ་སོང་ཡོད་པས། དང་པོ་དེ་དག་གི་སྐོར་དག་སྐྱེལ་ཡང་དག་པ་ཞིག་ཡོད་པའི་རེ་བ་ཞུ་བཞིན་ཡོད། དེ་མཚམས་རིམ་པས་མཇལ་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese