མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོང་གི་ནོར་འཁྲུལ་ལས་སློབ་སྦྱོང་བླངས་ཏེ་མདུན་སྐྱོད་བྱ་རྒྱུའི་རེ་བ་འཆང་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་༼ཀ་ལོན་སྦུག་གི་ཐུག་བཟོ་བ།༽ཞེས་པའི་དཔེ་དེབ་ཨ་རིའི་དཔེ་སྐྲུན་ཁང་ཞིག་གནས་འགྲེམ་སྤེལ་བྱས་པ་དང་བསྟུན་ཏེ། དེབ་དེའི་སྐོར་ལ་སྤྱི་ཚོགས་ནང་གླེང་སློང་ཆེན་པོ་འབྱུང་བཞིན་ཡོད། ཉེ་ལམ་དེབ་དེའི་རྩོམ་པ་པོ་ཨེནེ་ཐོར་སི་ཊོན་ (Anne F Thurston) དྷ་རམ་ས་ལར་འབྱོར་བ་དང་བསྟུན་ཏེ། འདི་གའི་གསར་འགོད་པས་ཁོང་མོར་བཅར་འདྲི་ཞུས།

དྲི་བ། ཁྱེད་རང་ད་རེས་བཙན་བྱོལ་བོད་མིའི་བསྟི་གནས་བཞུགས་སྒར་དྷ་རམ་ས་ལར་ཡོང་དོན་ཅི་ཡིན།

ལན།  ལོ་སྔོན་མའི་ཕྱི་ཟླ་ ༩ བའི་ནང་ང་འདིར་ལྟ་སྐོར་ཡོང་བ་ཡིན། སྐབས་དེར་མི་མང་པོར་ཐུག་འཕྲད་བྱུང་བའི་ཁྲོད་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་སུ་ཐུག་སྟེ། ངེད་གཉིས་ཀྱིས་ཨ་རིའི་ཇོན་ཧོབ་ཁེན་གཙུག་ལག་སློབ་གཉེར་ཁང་ (Johns Hopkins unniversty) དུ་རྒྱ་ནག་གི་རྨང་རིམ་སྤྱི་ཚོགས་ཀྱི་རྗེས་འབྲས་ལ་ལྟོས་པའི་དཔལ་འབྱོར་ཡར་རྒྱས་ཀྱི་སློབ་ཚན་སྐོར་ལ་གླེང་མོལ་བྱས་པ་ཡིན། གླེང་མོལ་དེ་བརྒྱུད་ང་དྷ་རམ་ས་ལ་ཡོང་རྒྱུའི་ཐག་གཅོད་བྱུང་བ་མ་ཟད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་ཚོར་རྒྱ་ནག་གི་གནས་སྟངས་སྐོར་ལ་སློབ་ཁྲིད་བྱ་རྒྱུ་བྱས་པ་ལྟར། ངས་ད་ལྟ་ཁོ་ཚོར་སློབ་ཀྱིན་ཡོད།

དྲི་བ། ཁྱེད་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱི་མི་ཚེའི་ལོ་རྒྱུས་སྐོར་གྱི་དེབ་ཅིག་བྲིས་པ་དེ་ཉེ་ལམ་འགྲེམ་སྤེལ་བྱས་སོང་། དེབ་འདི་འབྲི་དགོས་པའི་བསམ་བློ་ཇི་ལྟར་འཁོར་སོང་།

ལན། ཐོག་མར་ང་རང་གི་གྲོགས་མཆོག་ཨེལ་སེ་ཝོལ་ཁཱར་ (Elsie Walker) ཡིས་རྒྱལ་ལོ་དོན་གྲུབ་ངོ་སྤྲོད་གནང་བྱུང་། ཨེལ་སེ་ཝོལ་ཁཱར་ནི་སྐྱབས་མགོན་༧ཏཱ་ལའི་བླ་མ་མཆོག་དང་རྒྱལ་ལོ་དོན་གྲུབ་རྣམ་གཉིས་ཀྱི་ཡུན་རིང་གཤིབ་པའི་གྲོགས་པོ་རེད། རྒྱལ་ལོ་དོན་གྲུབ་ཀྱིས་དེབ་འདི་ལོ་མང་པོ་ཞིག་གི་གོང་ནས་འབྲི་འདོད་ཡོད་པ་དང་འབྲི་དགོས་ཡོད་ཀྱང་བྲིས་ཐུབ་མེད་སྟབས། མཐར་ཁོང་གིས་རང་གི་གྲོགས་པོ་ཨལི་སེ་ཝལ་ཁེར་ལ་ཁོའི་དེབ་འབྲི་རོགས་ཤིག་བཙལ་རོགས་ཞེས་སྐུལ་མ་བཏང་ཡོད་པ་དང་། ཁོ་མོ་ངའི་གྲོགས་མོ་ཡིན་པ་མ་ཟད་ངའི་དེབ་ཁ་ཤས་ཤིག་བཀླགས་ཡོད་པའི་ཁྲོད་ནས་དམིགས་བསལ་༼གཙོ་འཛིན་མའོ་ཡི་རང་རྣམ།༽ཞེས་པའི་དེབ་དེར་དགའ་བོ་ཡོད་པ་མ་ཟད། དེབ་དེའི་ལེའུ་དང་པོར་ཧ་ཅང་དགའ་བོ་བྱུང་ཡོད་སྟབས། ཁོ་མོས་ང་རྒྱལ་ལོ་དོན་གྲུབ་ཀྱི་དེབ་འབྲི་མཁན་མཚམས་ཤོས་སུ་འདོད་དེ། རྒྱལ་ལོ་དོན་འགྲུབ་དང་ཨལི་སེ་ཝལ་ཁེར་གཉིས་ཝ་ཤིན་ཊོན་དུ་ངའི་ནང་ལ་ཕེབས་པར་བརྟེན། ང་དང་ཁོང་ཐོག་མར་ཐུག་འཕྲད་བྱས་པ་ཡིན། ཐོག་མར་ངའི་བསམ་བློའི་ནང་དེབ་དེ་འབྲི་རོགས་བྱ་རྒྱུའི་འདོད་པ་མེད། གང་ཡིན་ཞེ་ན། སྐབས་དེར་ང་བྲེལ་བ་ཆེན་པོ་ཡོད་སྟབས་འབྲི་རྒྱུ་ཁག་པོ་ཆགས་ཡོད། རྗེས་སུ་དུས་ཚོད་ཀྱི་གོམ་འགྲོས་ཁྲོད་ནས་དེབ་དེ་འབྲི་མཁན་མེད་སྟབས་ངས་རྒྱལ་ལོ་དོན་གྲུབ་དང་མཉམ་དུ་འབྲི་རོགས་བྱས་པ་ཡིན།

དྲི་བ། དེབ་འདིས་གཞུང་དང་ཚོགས་པ་མདོར་ན་མི་སྒེར་སོགས་གང་མང་ཞིག་ལ་ཕོག་ཐུག་བཏང་ཡོད་པ་ཞིག་མཐོང་སོང་། དེའི་ཐོག་ཁྱོད་རང་ལ་བསམ་ཚུལ་གང་འདྲ་ཡོད་དམ།

ལན། ཐོག་མར་ང་ཚོས་དེབ་འདི་མགོ་བཙུགས་དུས་རྩོད་རྙོག་ཡོང་རྒྱུ་ཡིན་པ་ཧ་གོ་ཡོད་པ་མ་ཟད། སྐུ་ཞབས་དོན་གྲུབ་ལགས་ཀྱིས་ཀྱང་རྩོད་རྙོག་དེར་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་པ་རེད། ཁོ་རང་གིས་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་བཤད་དགོས་ཀྱི་ཡོད་པ་རེད། ངས་ཀྱང་རྩོད་རྙོག་ལྷག་རྒྱུ་ཡིན་པར་གྲ་སྒྲིག་གང་ཙམ་ཞིག་བྱས་ཡོད་སྟབས་སྐྱོན་མི་འདུག གལ་སྲིད་ཁྱེད་ཀྱིས་ངའི་དེབ་དེའི་མཇུག་གི་གཏམ་ལ་བལྟས་པ་ཡིན་ན། ང་རྒྱལ་ལོ་དོན་གྲུབ་དང་མོས་མཐུན་མེད་པའི་གནད་དོན་ཁག་ཅིག་མཐོང་གི་རེད། ང་རང་མོས་མཐུན་མེད་པའི་གནས་ཚུལ་ཁག་ཅིག་ནི། དཔེར་ན། ངས་ཁོང་གིས་པཎ་ཆེན་རིན་པོ་ཆེ་དང་ཚ་རོང་ལ་ལྟ་ཕྱོགས་ཐད་ཉམས་ཞིབ་མཐིལ་ཕྱིན་པ་ཞིག་བྱུང་མེད་པའི་ཚོར་བ་བྱུང་སོང་། འདི་མི་གཅིག་གི་ལྟ་སྟངས་ཡིན་སྟབས་ཕྱོགས་གཞན་གྱི་ལྟ་སྟངས་ཤིག་ཀྱང་ངེས་པར་དུ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། དེ་བཞིན་དུ་གནད་དོན་གཞན་མང་པོ་ཡོད་པའང་བརྗོད་དགོས་པ་ཞིག་ཀྱང་རེད། དེབ་འདིའི་ཐོག་མི་གང་མང་མང་གིས་སོ་སོའི་དགོངས་ཚུལ་གསུང་རྒྱུར་རེ་བ་ཞུ་བཞིན་ཡོད། འདིའི་སྐོར་ལ་ཞིབ་འཇུག་མང་ཙམ་བྱ་དགོས་པའི་སྣང་བ་སྐྱེས་བྱུང་། རྒྱལ་ལོ་དོན་གྲུབ་ཀྱི་ལོ་རྒྱུས་དེབ་འདི་ད་དུང་མཇུག་རྫོགས་ཡོད་པ་མ་རེད།

དྲི་བ། དེབ་དེ་འབྲི་སྐབས་དུས་ཡུན་ཅི་ཙམ་འགོར་ཡོད་པ་དང་དཀའ་ངལ་འདྲ་འཕྲད་སོང་ངམ།

ལན། དེབ་དེ་འབྲི་བར་ལོ་ ༤ ཙམ་འགོར་སོང་། དཀའ་ངལ་དེ་ང་ལ་དེབ་འབྲི་རྒྱུའི་གཏན་འཇགས་ལས་ཀ་ཡོད་ལ་བྲེལ་ཚུབ་ཀྱང་ཆེན་པོ་ཡོད་སྟབས་དེབ་དེ་ཉིན་གང་འབྲི་ཐུབ་ཀྱི་མི་འདུག སྤྱིར་བཏང་དེབ་དེ་འབྲི་རྒྱུར་དུས་ཡུན་རིང་པོ་དེ་འདྲ་དགོས་ཀྱི་མེད་ཀྱང་ལས་ཀའི་བྲེལ་ཚུབ་ཀྱི་དབང་གིས་དེ་ལྟར་འབྲི་ཐུབ་མ་སོང་། རྒྱལ་ལོ་དོན་འགྲུབ་དང་ངེད་གཉིས་སྐབས་རེར་ལྟ་བ་མི་མཐུན་པ་འབྱུང་གི་ཡོད་ཀྱང་། ངེད་གཉིས་བར་ལ་དཀའ་ངལ་ཆེན་པོ་དེ་འདྲ་གང་ཡང་འཕྲད་མ་སོང་།  ངས་ཀ་ལོན་སྦུག་ཏུ་ཁོང་དང་མཉམ་དུ་ཡུན་རིང་བསྡད་པ་ཡིན། སྐབས་དེར་ཁོང་གིས་ང་ལ་ཧ་ལས་པའི་སྣེ་ལེན་ཡག་པོ་གནང་བྱུང་། ང་ད་དུང་ཁོང་གི་ཀ་ལོན་སྦུག་གི་གཟིམ་ཁང་ལ་དགའ་བོ་ཡོད་པ་དང་། དེ་ནི་ཡིད་འོང་ལྟ་ན་སྡུག་པའི་ས་ཆ་ཞིག་རེད་འདུག ཐོག་མ་གཅིག་བྱས་ན་དཀའ་ངལ་རེ་ཡོང་སྲིད་པར་དོགས་ནས་ངེད་གཉིས་ཀྱིས་སྔོན་ནས་གྲ་སྒྲིག་བྱས་པ་ཡིན། ཡིན་ནའང་ལས་ཀ་དངོས་སུ་བྱས་ཡོང་སྐབས། ངེད་གཉིས་བར་ལ་དངོས་གནས་དཀའ་ངལ་ཆེན་པོ་གང་ཡང་འཕྲད་མ་སོང་།  ང་རང་ ༡༩༧༨ ལོ་ནས་རྒྱ་ནག་ལ་འགྲོ་མགོ་བཙུགས་པ་ཡིན་ཡང་། རྒྱ་ནག་གཞུང་གིས་ངས་དེབ་དེ་འབྲི་རྒྱུའི་མོས་མཐུན་མ་བྱས་གོང་ལ་ང་ལ་ཐོངས་མཆན་སྤྲོད་མ་སོང་། ངས་བསམ་ན། དེབ་འདི་ཐོན་རྗེས་དེ་བས་ཀྱང་ང་དང་རྒྱ་ནག་བར་གྱི་རྩོད་རྙོག་ཅན་ཞིག་ཆགས་རྒྱུ་རེད་དྲན་ཏེ། ད་ལྟ་ནས་ཁོ་ཚོས་ང་རྒྱ་ནག་ལ་འགྲོ་རྒྱུ་བཀག་འགོག་བྱས་འདུག

དྲི་བ། ད་བར་ཁྱེད་ཀྱིས་དེབ་མང་པོ་ཞིག་བྲིས་ཡོད་ཁོངས་ནས་༼གཙོ་འཛིན་མའོ་ཡི་རང་རྣམ༽ཞེས་པ་དེ་སྐད་གྲགས་ཆགས་ཡོད་འདུག དེ་ག་འདྲ་བྱས་ནས་སྐད་གྲགས་ཆགས་པ་རེད་དྲན་གྱི་འདུག་གམ།

ལན། ངས་བལྟས་ན། དེབ་དེ་སྐད་གྲགས་ཆགས་དོན་ནི། དེབ་དེའི་ནང་གི་གནས་ཚུལ་ཤོད་མཁན་གཙོ་བོ་དེ་གཙོ་འཛིན་མའོ་ཡི་རྗེས་སུ་ལོ་ ༢༢  མཉམ་དུ་གཤིབ་པའི་མི་ཞིག་ཡིན་ཞིང་། ཁྱེད་ཀྱིས་མའོ་ཡི་དངོས་བྱུང་གློག་བརྙན་ལ་བལྟས་པ་ཡིན་ན། ཁོའི་རྒྱབ་ཕྱོགས་སུ་ག་དུས་ཡིན་ནའང་ཨེམ་ཆི་ལི་ (Li) མཐོང་ཐུབ་པ་མ་ཟད། ཁོས་ཉིན་ལྟར་མའོ་དང་མཉམ་དུ་གཤིབ་ནས་ལོ་མང་ཕྱིན་ཡོད། ཁོའི་མཐོང་སྣང་ལ་མའོ་ནི་འགྲོ་བ་མི་ཞིག་ཡིན་པའི་ལྟ་ཕྱོགས་འཛིན་པ་ལས་གནམ་བདེ་སྒོ་མོ་ཆེ་རུ་མི་མང་ལ་ལག་པ་གཡུག་གཡུག་བྱེད་བཞིན་པའི་མགོ་ཁྲིད་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་པ་མ་ཟད། མི་དཀྱུས་མ་ཞིག་གི་འཚོ་བ་ག་འདྲ་བྱས་ནས་སྐྱེལ་གྱི་ཡོད་པ་སོགས་དང་། དེའི་ནང་དུ་མའོ་ཡི་གསང་བ་མང་པོ་ཞིག་གསལ་སྟོན་བྱས་ཡོད། མི་གཞན་དང་མ་འདྲ་བ་ཞིག་ཡོད་པ་ནི། མའོ་དེ་ཧ་ཅང་རྙོག་འཛིང་ཅན་གྱི་མི་ཞིག་རེད། དེབ་དེ་ནི་མའོ་དང་ཐག་ཉེ་བའི་འགྲེལ་བཤད་ཁ་གསལ་ཤོས་དང་ཚད་ལྡན་ཤོས་དེ་ཆགས་ཡོད་སྟབས། སྐད་གྲགས་ཆགས་པ་རེད་བསམ་གྱི་འདུག

དྲི་བ། ཁྱེད་ཀྱི་རྒྱལ་ལོ་དོན་གྲུབ་ཀྱི་དེབ་འདིའི་ནང་ནས་ཀློག་པ་པོས་ཅི་ཞིག་སྦྱོང་དགོས་པ་དང་གནས་ཚུལ་འདིའི་སྟེང་ལ་འགྱུར་བ་ག་འདྲ་ཞིག་འགྲོ་གི་རེད་དྲན་གྱི་འདུག

ལན། ཐོག་མའི་བཅར་འདྲིའི་ནང་རྒྱལ་ལོ་དོན་གྲུབ་ཀྱིས་དེབ་འདི་འབྲི་དགོས་པའི་གནད་འགག་གཙོ་བོ་གང་ཡིན་ཞེ་ན། ཁོང་གི་དུས་སྐབས་ཀྱི་ཤུགས་རྐྱེན་རྫོགས་ཀྱིན་ཡོད་པ་ཁོང་གིས་ཡིད་ཆེས་བྱེད་བཞིན་ཡོད་པ་མ་ཟད། གང་ཐུབ་ཐུབ་ཀྱིས་བོད་ཀྱི་རྩ་དོན་དང་སྐྱབས་མགོན་ཏཱ་ལའི་བླ་མའི་ཆེད་དུ་བྱ་གཞག་བསྒྲུབས་ཡོད། ད་ལྟ་མི་རབས་རྗེས་མར་ཁོང་གི་མཛད་རྗེས་རྩིས་སྤྲོད་བྱེད་པའི་དུས་ལ་བསླེབས་ཡོད་སྟབས། དེབ་འདི་བྲིས་ཏེ་ཕྱི་རབས་པ་ཚོར་ཁོང་གི་ལག་རྗེས་ག་རེ་བཞག་ཡོད་པ་ཤེས་རྟོགས་ཐུབ་རྒྱུ་དང་། མི་རབས་གསར་པ་ཚོས་བོད་ཀྱི་རྩ་དོན་སྒྲུབ་སྐབས་ཁོང་གིས་ནོར་འཁྲུལ་ཤོར་བ་དག་ལས་སློབ་སྦྱོང་བྱས་ཏེ་མདུན་སྐྱོད་བྱ་རྒྱུའི་རེ་བ་འཆང་འདུག

དྲི་བ། ཁྱེད་ཀྱིས་དེབ་དེ་འབྲི་སྐབས་རྒྱལ་ལོ་དོན་གྲུབ་དང་༧་གོང་ས་མཆོག་བར་ཁྱད་པར་ག་རེ་མཐོང་སོང་།

ལན། ངས་དེབ་ཀྱི་གླེང་བརྗོད་ནང་དུ་ཁོ་གཉིས་ཧ་ཅང་མ་འདྲ་བ་རེད་ཅེས་བྲིས་ཡོད། རྦད་དེ་མི་མ་འདྲ་བ་གཉིས་རེད། ངའི་བསམ་བློའི་ནང་ཆེས་མ་འདྲ་བ་ཆེ་ཤོས་གཅིག་དེ་ཆོས་པ་ཞིག་དང་གཞན་དེ་ཆབ་སྲིད་ཀྱི་མི་སྣ་ཞིག་ཡིན་པ་མ་ཟད། དངོས་གནས་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་ཞིག་རེད་འདུག རྒྱ་ནག་གིས་བཤད་སྲོལ་ལྟར་ (Yin and Yang) ཉིན་སྲིབ་ལྟ་བུ་རེད། ཁོ་གཉིས་རྦད་དེ་ལྡོག་ཕྱོགས་རེད་འདུག

དྲི་བ། དེབ་འདི་པར་འགྲེམས་བྱས་པ་ཐོག་མ་ཡིན་སྟབས་ག་ཚོད་ཞིག་དཔར་ཡོད་པ་དང་། ཁྱེད་ཀྱིས་འདི་སྐད་རིགས་གཞན་ནང་བསྒྱུར་རྒྱུའི་འཆར་གཞི་འདྲ་ཡོད་དམ།

ལན། ངས་དངོས་གནས་དེབ་འདི་ག་ཚོད་ཅིག་དཔར་བསྐྲུན་བྱས་ཡོད་མེད་ཤེས་ཀྱི་མེད། འདི་དབྱིན་ཡུལ་དང་ཨ་རི། རྒྱ་གར་བཅས་ནས་དཔར་བསྐྲུན་བྱས་ཡོད་ཀྱང་། ག་ཚོད་ཅིག་དཔར་བསྐྲུན་བྱས་པ་དང་། ད་བར་ག་ཚོད་བཙོངས་ཡོད་པ་སོགས་ཧ་གོ་མ་སོང་། ངས་ཁོ་ཚོས་སྐད་རིགས་གཞན་ལ་བསྒྱུར་རྒྱུའི་འཆར་གཞི་ཡོད་པ་རེད་ཅེས་ལབ་ཐུབ་ཀྱི་མེད་ཀྱང་། ད་ལྟ་བོད་ཡིག་ནང་སྒྱུར་གྱིན་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། དེ་བཞིན། ངས་དེབ་འདི་དཔེར་ན་འཇར་མན་དང་ཧྥ་རན་སིའི་སྐད་ཡིག་སོགས་ནང་བསྒྱུར་རྒྱུའི་དོ་སྣང་བྱུང་ཡོད་པ་གོ་ཐོས་བྱུང་། ང་ལ་ཧྥ་རན་སིའི་སྐད་ནང་བསྒྱུར་རྒྱུའི་འདོད་པ་ཤུགས་ཆེན་པོ་ཡོད། གང་ཡིན་ཞེ་ན་ཧྥ་རན་སིའི་མི་མང་པོ་ཞིག་གིས་དབྱིན་ཇིའི་སྐད་ཤེས་ཀྱི་མེད། སྐད་རིགས་གཞན་ལ་བསྒྱུར་གྱི་ཡིན་ཟེར་མཁན་ཡོང་གི་ཡོད་སྟབས། ད་ལྟ་ཐག་གཅོད་གང་འདྲ་བྱས་ཡོད་མེད་ཤེས་ཀྱི་མེད།

དྲི་བ། ཁྱེད་ཀྱིས་དེབ་འདི་རྒྱ་ཡིག་ནང་བསྒྱུར་སྲིད་ཀྱི་རེད་བསམ་གྱི་འདུག་གམ།

ལན། ཡིན་དང་ཡིན། རྒྱ་ཡིག་ནང་བསྒྱུར་འདོད་ཆེན་པོ་ཡོད། ང་ད་རེས་རྒྱ་གར་གྱི་རྗེས་ལ་ཧོང་ཀོང་དུ་འགྲོ་རྒྱུ་ཡིན་སྟབས། ཧོང་ཀོང་གི་མི་ཚོས་དེབ་དེ་རྒྱ་ཡིག་ནང་བསྒྱུར་རྒྱུའི་རེ་འདོད་ཆེན་པོ་བྱེད་ཀྱི་རེད་བསམ་གྱི་འདུག ཡིན་ཡང་ངས་དེབ་དེ་རྒྱ་ཡིག་ནང་བསྒྱུར་བ་ཡིན་ན་རྒྱ་ནག་གཞུང་གིས་དེབ་དེའི་ཆ་ཤས་ཤིག་ཚུར་ལེན་བྱ་རྒྱུ་ཡིན་པའི་དོགས་པ་ཟ་གི་འདུག

དྲི་བ། དེབ་དེའི་ནང་རྒྱལ་ལོ་དོན་གྲུབ་ཀྱི་ལོ་རྒྱུས་ཆ་ཚང་བ་ཞིག་མེད་པའི་སྣང་བ་ཤར་སོང་། ཁྱེད་ཀྱིས་དེར་ག་འདྲ་ཞིག་ཚོར་གྱིན་འདུག་གམ།

ལན། ཐོག་མར་ངས་དེབ་དེའི་ནང་ཁོ་རང་གི་ལོ་རྒྱུས་ཆ་ཚང་ཚུད་མེད་པ་ཧ་གོ་མ་སོང་། གང་ཡིན་ཞེ་ན། ངའི་ལས་ཀ་ནི་ཁོང་གི་ས་ནས་གནས་ཚུལ་གང་ཐུབ་ཐུབ་ཅིག་རག་ཐབས་བྱ་རྒྱུ་དེ་ཡིན་སྟབས། སྐབས་རེར་དཀའ་ངལ་ཏོག་ཙམ་ཡོད། ཡིན་ཡང་ངས་ཁོང་གིས་གསུངས་འདོད་ཡོད་པའི་གནད་དོན་དེ་དག་ཁོང་གིས་གང་ཐུབ་གསུངས་ཡོད་སྟབས། ང་ལ་དེ་ལས་ལྷག་པ་གཞན་དགོས་རྒྱུ་གང་ཡང་མེད། 

དྲི་བ། ད་ལྟ་ཁྱེད་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནང་ལས་ཀ་བྱས་ནས་བོད་ཀྱི་སྐོར་ལ་གང་མང་ཤེས་རྟོགས་གནང་གི་ཡོད་དམ།

ལན། ངས་སློབ་སྦྱོང་བྱེད་མགོ་བཙུགས་ཡོད་པ་མ་ཟད་འདིར་འབྱོར་ནས་བདུན་ཕྲག་གཅིག་ཙམ་ལས་ཕྱིན་མ་སོང་། ང་ངའི་སློབ་ཕྲུག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་ཚོ་དང་གླེང་མོལ་བྱ་རྒྱུར་དགའ་བོ་ཡོད་པ་མ་ཟད། ད་ལྟ་ངས་ཁོ་ཚོའི་ས་ནས་མང་པོ་ཞིག་ཤེས་རྟོགས་བྱུང་། ད་ལྟ་ང་ཁོ་ཚོ་དང་གླེང་མོལ་བྱ་རྒྱུར་དགའ་པོ་ཡོད་པ་མ་ཟད། ཁོ་ཚོའི་ས་ནས་མང་པོ་ཞིག་སྦྱོང་གི་ཡོད། དེ་ཡང་བོད་ཀྱི་གཞི་རིམ་གྱི་གནས་ཚུལ་དང་ཤེས་བྱ་ནས་མགོ་འཛུགས་ཏེ་སློབ་སྦྱོང་བྱེད་ཀྱི་ཡོད།

གསར་འགོད་པ། འཇིགས་མེད་རྒྱ་མཚོ་དང་དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 1

  1. འབྲོང་བུ་སོག་ཚ། says:
    ལོ་ 11 སྔོན།

    ཁ་སེང་ངས་ཐེངས་མང་ཞུས་ཡོད། མི་རྗེ་ས་དབང་རྒྱ་ལོ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཀྱི་རྣམ་ཐར་ནང་མ་འཁོད་པ་མང་པོ་འདུག་ཞུས་པ་བཞིན་དེབ་འདི་ཉིད་འབྲི་བ་པོའི་ཀྱང་ཕྱོགས་མཚུངས་དགོངས་ཚུལ་དེ་ལྟར་འདུག་པས། ལྷ་སྲས་མཆོག་གི་ད་དུང་ཆ་ཚང་བ་ཞིག་ང་ཚོ་བོད་རིགས་ཡོངས་ལ་འཇོག་བཞག་གནང་བའི་རེ་བ་ཕུར་ཚུགས་སུ་འདེབས་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese