མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསང་བ་རྐུ་འཁྱེར་བྱས་པའི་གླེང་སློང་།

བོད་ཀྱི་དུས་བབ།
༢༠༡༥/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་གསར་ལམ་ཁག་ཏུ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཧྥ་རན་སིའི་སྲིད་འཛིན་རིམ་པ་གསུམ་གྱི་ཁ་པར་དང་དྲ་ཚིགས་སོགས་སུ་ལྐོག་འཛུལ་བྱས་ཏེ་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་ཡོད་ཚུལ་བཀོད་འདུག

ཟླ་འདིའི་ཚེས་ ༢༩ ཉིན་ཧྥ་རན་སི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཉེ་ལམ་ཝུ་ཁེ་ (WikiLeaks) ཡིས་འདོན་སྤེལ་བྱས་པའི་གསང་བའི་ཡིག་ཚགས་ལུང་འདྲེན་བྱས་ཏེ། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཧྥ་རན་སིའི་དཔལ་འབྱོར་བློན་ཆེན་གཉིས་དང་སྲིད་འཛིན་རིམ་པ་ཁག་གསུམ་གྱི་ཁ་པར་དང་དྲ་ཚིགས་ནང་ལྐོག་འཛུལ་བྱས་ཏེ་ཚོང་དོན་དང་སྲིད་དོན་གསང་བ་རྐུ་འཁྱེར་བྱས་ཡོད་སྐོར་བཀོད་འདུག

ཧྥ་རན་སིའི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་སྲིད་འཛིན་ཧོ་ལན་ཌི་ (François Hollande) མཆོག་གིས། ཨ་རིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོབ་དང་མི་སྒེར་གྱི་ཁ་པར་ལ་ལྐོག་ཉན་བྱེད་མཁན་ཚོར་ཆད་པ་ལྕི་མོ་གཅོད་དགོས་པའི་གྲོས་མཐུན་མང་པོ་བཞག་ཡོད་ཀྱང་། ད་ཆ་ཨ་རིས་གྲོས་མཐུན་དེ་དག་ལ་རྡོག་རོལ་བཏང་སྟེ། མུ་མཐུད་དུ་རྒྱལ་ཁབ་གཞན་གྱི་གསང་བ་རྐུ་འཁྱེར་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་འདས་པའི་ལོ་ཤས་གོང་ནས་བཟུང་ང་ཚོའི་རྒྱལ་ཁབ་ཀྱི་གསང་བ་མང་པོ་ཞིག་བརྐུས་ཡོད་སྟབས། ཨ་རིས་གང་མགྱོགས་རང་སྐྱོན་ངོས་ལེན་མ་བྱས་ཚེ། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་མ་ཟད། ཨ་རིར་རྒྱལ་ཁབ་གཞན་གྱི་ཡིད་ཆེས་ཆུང་དུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

ཟླ་འདིའི་ཚེས་ ༢༤ ཉིན་ཝུ་ཁེ་ཡིས་ཨོ་སི་ཊོ་ལི་ཡ་དང་དབྱིན་ཡུལ། ཁེ་ན་ཌ་དང་ནེའུ་ཛི་ལན་ཌི་བཅས་ནང་རྟེན་གཞི་བྱས་པའི་ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ ༢༠༠༢ ནས་ ༢༠༡༢ ལོའི་བར་ཧྥ་རན་སི་གཞུང་གིས་རྒྱལ་ཁབ་གཞན་དང་ཏར་འཕྲིན་དང་གློག་ཆས། རྡུལ་ཕྲན་གློག་ཤུགས་དང་འཕྲོད་བསྟེན་ཡོ་ཆས་བཅས་ཀྱི་ཐོག་ཨ་སྒོར་ས་ཡ་ ༢༠༠ ལྷག་གི་ཚོང་འབྲེལ་གན་རྒྱ་བཞག་ཡོད་པའི་ཆོད་ཡིག་ཁག་གི་གསང་བ་རྐུ་འཁྱེར་བྱས་ཡོད་པ་མ་ཟད། ཧྥ་རན་སིའི་སྲིད་འཛིན་ཇག་ (Jacques Chirac) དང་སར་ཁོ་ཛི་ (Nicolas Sarkozy)། ཧོ་ལན་ཌི་ (François Hollande) བཅས་སྲིད་འཛིན་རིམ་པ་གསུམ་གྱི་ཁ་པར་ལྐོག་ཉན་དང་། དཔལ་འབྱོར་བློན་ཆེན་དང་མཐོ་རིམ་དཔོན་རིགས་ཁག་གི་དྲ་ཚིགས་དང་ཁ་པར་ལ་ལྐོག་འཛུལ་བྱས་ཏེ་ཚོང་དོན་དང་སྲིད་དོན་གསང་བ་མང་པོ་རྐུས་ཡོད་པ་ཕྱི་བསྒྲགས་བྱས་ཡོད་སྟབས། ཧྥ་རན་སིའི་དཔལ་འབྱོར་བློན་ཆེན་ཟུར་པ་དང་ད་ལྟ་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་ལྷན་ཚོགས་ཀྱི་འགན་འཛིན་པེ་རར་མོ་སོ་ཁཱོ་(Pierre Moscovici) ལགས་ཀྱིས་ང་ཚོའི་མཐུན་གྲོགས་རྒྱལ་ཁབ་ཀྱིས་ང་ཚོར་སོ་ལྟ་དེ་འདྲ་བྱེད་བཞིན་ཡོད་པ་ནི་བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཡིན་སྟབས། ཨ་རིའི་དབང་འཛིན་པས་གནད་དོན་དེར་འགྲེལ་བཤད་གསལ་བོ་ཞིག་རྒྱག་དགོས་ཞེས་བརྗོད་འདུག

མདང་དགོང་ཧྥ་རན་སིའི་གསར་འགྱུར་བརྒྱུད་ལམ་བཅིངས་གྲོལ་ཞེས་པས་གནས་ཚུལ་སྤེལ་བའི་ནང་། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ ༢༠༡༡ ནས་ ༢༠༡༤ ལོའི་བར་གྱི་ཧྥ་རན་སིའི་དཔལ་འབྱོར་བློན་ཆེན་ཧྥན་ཁཱོ་སི་དང་པེ་རར་མོ་སོ་ཁཱོ་ལགས་རྣམ་གཉིས་ཀྱི་ཁ་པར་དང་དྲ་ཚིགས་ལ་ལྐོག་འཛུལ་བྱས་ཏེ། ཧྥ་རན་སིའི་ཁེ་ལས་ཆེ་ཁག་ ༡༠༠ ལྷག་གི་ཚོང་དོན་གསང་བ་བརྐུས་ཡོད་པ་མ་ཟད། ད་དུང་བརྒྱུད་ལམ་གཞན་པ་བཀོལ་སྤྱོད་བྱས་ཏེ་རྒྱལ་ཁབ་ཀྱི་ཚོང་དོན་དང་དཔལ་འབྱོར་གནས་བབ་ག་པར་ཁ་ཕྱོགས་སྒྱུར་གྱི་ཡོད་མེད་ཐོག་རྟོག་ཞིབ་བྱེད་བཞིན་འདུག ཅེས་བཀོད་འདུག

དྲ་ཐོག་བརྒྱུད་ལམ་ (Mediapart) ཞེས་པས་གནས་ཚུལ་བཏོན་པའི་ནང་། ༢༠༡༢ ལོ་ནས་བཟུང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཧྥ་རན་སིའི་དཔལ་འབྱོར་བློན་ཆེན་པེ་རར་མོ་སོ་ཁཱོའི་ཁ་པར་ལ་ལྐོག་ཉན་བྱས་ཡོད་པ་མ་ཟད། ཕྱི་ཕྱོགས་ཀྱི་ཚོང་དོན་འབྲེལ་ལམ་དང་ཕྱིར་ཚོང་བྱེད་ཕྱོགས་ཀྱི་གསང་བ་རྐུ་འཁྱེར་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གྱོང་གུད་ཆེན་པོ་བཟོས་ཡོད། ཅེས་དང་། བརྒྱུད་ལ་གཞན་ཞིག་ཏུ། ཧྥ་རན་སིའི་ནང་སྲིད་བློན་ཆེན་ཟུར་བ་ཁཱ་ལཱོ་ཌི་ཡིས། ཨ་རིའི་ཐལ་ཆ་ཆེ་བའི་བྱ་སྤྱོད་དེ་ནི་བཟོད་ཐབས་བྲལ་བ་ཞིག་ཡིན་སྟབས། གཞུང་གིས་སྐབས་བབ་ཀྱི་ཡ་ལན་སློག་དགོས་པ་མ་ཟད། ཆེས་མཐོའི་ལྷན་ཚོགས་སྐོང་ནས་མ་འོངས་པར་གནས་ཚུལ་དེ་རིགས་མི་འབྱུང་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། ད་ལྟ་ང་ཚོ་སྒེར་གྱི་གསང་བ་སྲུང་སྐྱོབ་བྱེད་ས་མེད་པའི་སྤྱི་ཚོགས་ཤིག་གི་ནང་ཁ་ཕྱོགས་བསྒྱུར་གྱི་ཡོད་སྟབས། མ་འོངས་པར་ང་ཚོས་དངངས་སྐྲག་དང་བློ་འཚབ་མེད་པའི་འཚོ་བ་ཞིག་བསྐྱལ་རྒྱུར་འབད་བརྩོན་བྱས་ཏེ། སྒེར་གྱི་གསང་བ་སྲུང་ཐུབ་པ་བྱེད་དགོས། ཞེས་བརྗོད་འདུག

ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཧྥ་རན་སི་དང་ཡུ་རོབ་ཀྱི་དཔོན་རིགས་ཚོའི་ཁ་པར་དང་དྲ་ཚིགས་ནང་ལྐོག་འཛུལ་བྱས་ཡོད་པ་ཤེས་རྟོགས་བྱུང་རྗེས། ཧྥ་རན་སི་གཞུང་གིས་ཨ་རིའི་ཧྥ་རན་སིའི་གཞུང་ཚབ་པ་འབོད་འགུག་གིས་གྲོས་མོལ་བྱས་ཡོད་སྟབས། ཨོ་བྷ་མས་ཧྥ་རན་སིའི་སྲིད་འཛིན་ཧོ་ལན་ཌི་ལ་ཁ་པར་བཏང་སྟེ་འདུམ་འགྲིག་བྱས་ཡོད་ཀྱང་། མི་མང་པོ་ཞིག་གིས་གནས་ཚུལ་དེས་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་འབྲེལ་ལམ་ཐོག་དོ་ཕོག་འགྲོ་སྲིད་སྐོར་རྗོད་བཞིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese