དེ་རིང་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ནུབ་ཁུལ་དུ་ཚད་རིམ་ ༦.༥ ཅན་གྱི་ས་ཡོམ་ཞིག་བརྒྱབ་སྟེ་མི་ ༦ རྐྱེན་ལམ་དུ་ཤོར་འདུག
ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ སྟེང་ཤིན་ཅང་ནུབ་ཁུལ་དུ་ཚད་རིམ་ ༦.༥ ཅན་གྱི་ས་ཡོམ་བརྒྱབ་སྟེ། ད་སྔ་ཤེས་རྟོགས་བྱུང་བར་མི་ ༦ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། སྡོད་ཁང་ ༣༠༠༠ ལྷག་ལ་ཚད་གཞི་མི་འདྲ་བའི་གནོད་སྐྱོན་ཐེབས་ཡོད་འདུག
ས་འགུལ་བྱུང་ས་གཙོ་བོ། ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཧོ་ཊན་ (Hotan) མངའ་ཁུལ་པེ་ཞན་རྫོང་ (Pishan) ཡིན་ཞིང་ས་ཡོམ་གྱི་རང་ཚད་སྤྱི་ལེ་ ༡༠ ཡིན་འདུག ས་ཡོམ་དེས་ཁང་རྩེག་མང་པོར་གཡོ་འགུལ་ཆེན་པོ་ཐེབས་ཡོད་ཀྱང་མི་རྣམས་ཁང་པའི་ཕྱི་ལོགས་སུ་འབྲོ་ཐུབ་ཡོད་འདུག