མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp
ངེས་དོན་གྱི་སྟོན་པ་༧གོང་ས་མཆོག་ལ་བཀའ་དྲིན་དྲན་པའི་གུས་ཕྱག་མཆོག་ཐུན་དངོས་གྲུབ་འགུག་པས་ལྕཊ་ཀྱུ་ཞེས་བྱ་བ་བཞུཊ་སོ།། །།

 

ཨོ་སྭ་སྟི།།
བྱེ་བ་ཕྲག་བརྒྱའི་ཞིང་གི་ཡོན་ཏན་ཀུན།།
གཅིག་ཏུ་བསྡུས་པའི་བླ་མེད་ཞིང་གི་མགོན།།
བསྐལ་མང་ཚོགས་གཉིས་ལས་གྲུབ་པད་རག་མདོག།།
རྒྱལ་བ་འོད་དཔག་མེད་ལ་གུས་ཕྱག་འཚལ།།

གང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི།།
སྙིང་རྗེ་ཆེན་པོའི་རྩལ་ལས་དཔལ་ཤར་བ།།
རྟ་བདུན་འོད་ཀྱི་འཁྱུད་པས་གངས་རི་མདངས།།
འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྲིད་ན་རྒྱལ།།

ལཱོ་ཀའི་འགྲོ་ལ་དམིགས་མེད་བརྩེ་བས་གཟིས།།
རབ་འབྱམ་རྒྱལ་བའི་གསང་གསུམ་ཐུགས་བསྐྱེད་གར།།
འོད་སྣང་མཐའ་ཡས་ཧྲི་ལས་རྫུས་སྐྱེས་སྐུ།།
པདྨ་ཀཱ་ར་ཚེ་རབས་གཏན་གྱི་སྐྱབས།།

གངས་རིའི་ལྗོངས་སུ་ཆོས་རྒྱལ་སེམས་དཔའི་ཚུལ།།
སྲོང་བཙན་སྒམ་དང་ཆོས་རྒྱལ་ལྷའི་མེ་ཏོག།།
བསྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་གཡུང་དྲུང་བོན།།
བཤེས་གཉེན་ཚུལ་གྱི་བསྟན་པའི་བླ་སྲོག་བཟུང་།།

མཁྱེན་རབ་དབང་ཕྱུག་རྒྱལ་བ་ཙོང་ཁ་པའི།།
ལུང་རྟོག་གསུང་གི་བདུད་རྩི་བཅུད་མྱང་ཞིང་།།
ཕུལ་བྱུང་སྲས་ཀྱི་མཐུ་བོའི་ཚུལ་འཛིན་པ།།
ཕྱག་ན་པདྨོ་དགེ་འདུན་གྲུབ་པར་འདུད།།

གང་གི་ཐུགས་བསྐྱེད་བརྟན་པོས་གོ་བསྒོས་ནས།།
དགེ་འདུན་རྒྱ་མཚོ་བསོད་ནམ་རྒྱ་མཚོ་དང་།།
ཡོན་ཏན་རྒྱ་མཚོའི་བར་དུ་རྒྱལ་བའི་བསྟན།།
རྒྱ་སོག་འགྲོ་མང་འདུལ་མཛད་ཕྱག་གི་ཡུལ།།

ཆོས་རྒྱལ་ཆེན་པོ་ཚང་པ་ལྷའི་མེ་ཏོག།།
སླར་ཡང་སྲིད་པར་བཟུང་བས་ཚུལ་བསྟན་ཅིང་།།
ལུགས་ཟུང་ཁྲིར་བཞུགས་བཀའ་གཏེར་བསྟན་པ་སྤེལ།།
ངག་དབང་བློ་བཟང་རྒྱ་མཚོར་ཕྱག་འཚལ་བསྟོད།།

སྔགས་འཆང་རིག་འཛིན་ཚང་དབྱངས་རྒྱ་མཚོ་དང་།།
གསུམ་ལྡན་འཛིན་པ་སྐལ་བཟང་རྒྱ་མཚོ་བཅས།།
དུས་དང་འགྲོ་ངོར་མཚམ་པའི་མཛད་སྤྱོད་ཀྱི།།
གངས་ཅན་ཆོས་སྲིད་བསྟན་པའི་མངའ་བསྐྱོངས།།

འཇམ་དཔལ་ལུང་རྟོགས་ཚུལ་ཁྲིམས་རྒྱ་མཚོ་དང་།།
མཁས་གྲུབ་རྒྱ་མཚོ་འཕྲིན་ལས་རྒྱ་མཚོའི་བར།།
ཕྱག་ན་པདྨོའི་སྐུ་ཕྲེང་བཅུ་གཉིས་ཀྱི།།
གདུལ་དཀའ་དམུ་རྒོད་མ་དོར་བརྩེ་བས་གཟིགས།།

སྐུ་ཕྲེང་བཅུ་གསུམ་ཐུབ་བསྟན་རྒྱ་མཚོ་ཡིས།།
རང་བཙན་བདེན་པའི་རྒྱལ་རྔ་བརྡུང་དང་ལྷན།།
ཆོལ་གསུམ་སྤུན་ཟླ་རྡོག་རྩ་གཅིག་བསྒྲིལ་གྱི།།
དགྲ་བོ་ཕྱིར་བསྐྲད་མངའ་འབངས་བྱམས་བརྩེས་བསྐྱངས།།

མདོར་ན་རྒྱལ་ཀུན་མཁྱེན་བརྩེ་ནུས་པ་ཀུན།།
གཅིག་ཏུ་སྤུངས་པ་ལས་ཀྱང་ཆེས་མཐོ་བ།།
བདག་སོགས་འགྲོ་ལ་རྙེད་དཀའི་ནོར་གྱི་མཆོག།།
སྟོན་པ་ཏཱ་ལའི་བླ་མ་སྲིད་ན་རྒྱལ།།

རྨད་བྱུང་དཔལ་ལྡན་ལྷ་མོའི་བླ་མཚོ་ལས།།
སྒྲིབ་མེད་གསལ་བའི་ལུང་བསྟན་ཇི་བཞིན་དུ།།
ངོ་མཚར་མཚན་དཔེ་བཞད་པའི་གཏམ་བཟང་གྲགས།།
སྤྲུལ་པའི་བླ་མཚོ་དེ་ལ་གུས་ཕྱག་འཚལ།།

ཁྲི་ཤོར་རྒྱལ་མོའི་མི་རིང་ཡུལ་གྱི་ཆ།།
རྒྱ་བོད་ཐ་དད་ལོ་རྒྱུས་རྡོ་རིང་ཆེད།།
སྟག་འཚེར་ཞེས་པར་མདོ་སྨད་ཆོལ་ཁའི་ཡུལ།།
སྐུ་ཡི་འཁྲུངས་ཡུལ་དེ་ལ་གུས་ཕྱག་འཚལ།།

ཐབས་ཀྱི་མཆོག་གྱུར་ཆོས་སྐྱོང་ཚེ་རིང་དང་།།
ཤེས་རབ་མཆོག་གྱུར་བསོད་ནམས་མཚོ་མོ་ཟུང་།།
རིགས་ཀྱི་མྱུ་གུ་བལྟམས་པའི་ཡབ་ཡུམ་གང་།།
དྲིན་ཆེན་རྣམ་པ་གཉིས་ལ་གུས་ཕྱག་འཚལ།

རབ་བྱུང་བཅུ་བདུན་ཆུ་མོ་ཕག་གི་ལོ།།
སྣྲོན་ཟླའི་ཡར་ཚེས་ལྔ་ཉིན་སྐུའི་པདྨ།།
ངོ་མཚར་སྐྱེ་འགྲོའི་དཔལ་དུ་མཚན་དཔེ་བཞད།།
ཚེས་བཟང་དུས་བཟང་དེ་ལ་གུས་ཕྱག་འཚལ།།

མདོ་སྨད་ཡུལ་ནས་དབུས་སུ་སྤྱན་འདྲེན་ཞུས།།
ཇོ་ཤཱཀ་མདུན་དུ་དབུ་སྐྲའི་ལྕང་ལོ་བསིལ།།
བོད་མའི་རིག་བདག་གང་ལ་བཀུར་བས་མགོན།།
རྒྱལ་ཚབ་རྭ་སྒྲེང་དེ་ལ་གུས་ཕྱག་འཚལ།།

གང་གི་བསྟི་གནས་གྲུ་འཛིན་གཉིས་པ་རུ།།
མི་འཇིགས་གསེར་གྱི་ཁྲི་ལ་འཁོད་ནས་ཀྱང་།།
ལུགས་གཉིས་ཕན་བདེའི་མགོན་དུ་རྟག་བརྟན་གནས།།
གནས་མཆོག་པོ་ཊ་ལ་ལ་གུས་ཕྱག་འཚལ།།

བསྟན་དང་བསྟན་འཛིན་དམར་པོས་འཇིགས་ཉེར་སྐབས།།
བསྟན་སྲུང་དྭངས་བླང་དམག་གི་སྐུ་སྲུང་འོག།།
འཕགས་ཡུལ་ཞབས་སོར་འཁོད་ཐུབ་བཀའ་དྲིན་དཔལ།།
ཆུ་བཞི་སྒང་དྲུག་དམག་ལ་གུས་ཕྱག་འཚལ།

རྟ་བདུན་དབང་པོར་འགྲན་པའི་ཡིད་འོང་སྐུ།།
ཞི་དུལ་གར་གྱི་སྟོན་པའི་ཞལ་སྐྱིན་མཛད།།
ཞལ་འཛུམ་མདངས་ཀྱི་སྐྱེ་རྒུར་སྤྲོ་བ་སྟེར།།
ཏཱ་ལའི་བླ་མའི་སྐུ་ལ་གུས་ཕྱག་འཚལ།།

མདོ་སྔགས་རིག་གནས་སྤྱི་དང་གནའ་དེང་གཞུང་།།
རིས་མེད་འཛམ་གླིང་ཧྲིལ་པོའི་ལྟ་གྲུབ་སོགས།།
འཆད་པའི་ལྗག་ལ་སྤྲུལ་པའི་གློག་ཞག་འཁྱུག།།
ཏཱ་ལའི་བླ་མའི་གསུང་ལ་གུས་ཕྱག་འཚལ།།

སྟོང་དང་རྟེན་འབྱུང་ལྟ་བའི་གནས་ལུགས་ཀུན།།
ཇི་བཞིན་ས་ལེར་གཟིགས་པའི་མཁྱེན་རབ་ཀློང་།།
མི་འགྱུར་དམ་བཅའ་གསུམ་གྱི་སྐྱེ་འགྲོ་བསྐྱབ།།
ཏཱ་ལའི་བླ་མའི་ཐུགས་ལ་གུས་ཕྱག་འཚལ།།

ཕྱོགས་དུས་རྒྱལ་བའི་མཁྱེན་བརྩེ་ནུས་པ་ཀུན།།
གཅིག་ཏུ་བསྡུས་པའི་ཡེ་ཤེས་རང་རྩལ་གྱི།།
གླིང་འདིའི་ཉེས་ཚོགས་འཇོམ་ལ་ཡིད་བཞིན་ནོར།།
ཏཱ་ལའི་བླ་མའི་ཡོན་ཏན་གུས་ཕྱག་འཚལ།།

ཁྱེད་ཀྱི་བྱམས་བརྩེ་གསུང་གི་བདུད་རྩི་ཡིས།།
གྲངས་མེད་འགྲོ་ལ་བླང་དོར་མིག་སྩལ་ཅིང་།།
ཞི་བསིལ་བདེ་བའི་དབུགས་དབྱུང་འཐོབ་པ་སོགས།།
ཏཱ་ལའི་བླ་མའི་འཕྲིན་ལས་གུས་ཕྱག་འཚལ།།

མཁྱེ༵ན་པའི་ལེགས་བཤད་གོ་ལར་ཧྲིལ་པོ་རུ།།
ཇི་ལྟར་ཇི་སྙེད་མཁྱེན་པའི་རྣམ་དཔྱོད་ཀྱི།།
ཚན་རྩལ་མཁས་རྒུས་བསྟོད་པའི་མེ་ཏོག་ཡི།།
ཟུར་ཕུད་ལྔ་པའི་མཚན་གྱི་ཅོད་པན་ཕུལ།།

བརྩེ༵་བའི་ཐུགས་རྗེས་དུང་ཕྱུར་བདུན་བཅུའི་འགྲོར།
བཟང་སྤྱོད་གོང་མཐོར་བཏང་བའི་བློ་སྟོབས་ཀྱི།།
ཞི་བདེ་བདུད་རྩི་མན་ངག་ཆད་མེད་དུ།།
སྩལ་བས་མཛད་པ་སྤྱན་རས་གཟིགས་དང་མཚུངས།

ནུས༵་པའི་བྱང་སེམས་བརྩོན་པའི་གོ་ཆ་ཡི།།
སྟོབས་ཆེན་རྒྱལ་ཁབ་ངན་སྤྱོད་ལས་བསྒྲལ་ཏེ།།
སྟོང་དང་རྟེན་འབྱུང་ཞི་བདེའི་ལམ་བཟང་ལ།།
འཁྲིད་པར་ནུས་པའི་ཕྱག་ན་རྡོ་རྗེ་དངོས།།

འདས་པའི་དུས་སུ་པད་འབྱུང་ཨ་ཏི་ཤ།།
ད་ལྟའི་དུས་སུ་ཞི་བདེའི་དེད་དཔོན་ཆེ།།
མ་འོངས་དུས་སུ་རིགས་ལྡན་དྲག་པོ་རྩལ།།
གང་འདུལ་དེར་སྟོན་མཛད་ཁྱེད་གུས་ཕྱག་འཚལ།།

གཞན་ཕན་སྐར་ཆ་བརྒྱད་ཅུ་ལོ་ཡིས་བསྐང་།།
ས་ཡ་དྲུག་གི་རེ་ལྟོས་ཞི་བདེར་བཅོལ།།
དམར་པོའི་དགྲ་ལ་བྱམས་སེམས་སྤྱོད་པས་བསྐྱང།།
དོན་གྱི་སཏྭ་ཁྱོད་ལ་གུས་ཕྱག་འཚལ།།

མཆོག་གསུམ་སྐུ་གསུམ་རྩ་གསུམ་བདེན་པས་མཐུས།།
གངས་རིའི་མགོན་པོ་བསྟན་འཛིན་རྒྱ་མཚོའི་སྡེ།།
ཚེ་འཕྲང་བར་ཆད་ཞི་ཞིང་སྐུ་བསོད་རྒྱས།།
ཐུགས་བཞེད་ཇི་བཞིན་འགྲུབ་པའི་ཤིས་པ་སྩོལ།།

འདི་ནས་བཟུང་ཏེ་ཇི་སྲིད་སྙིང་པོའི་བར།།
མགོན་པོ་ཁྱེད་དང་ནམ་ཡང་མི་འབྲལ་ཏེ་།།
མཉེས་བཞིན་རྗེས་སུ་འཛིན་པས་མཐུ་འཐོབ་ཅིང་།།
སྲིད་ཞུ་བསྒྲུབ་པས་བྱེད་པོ་བདག་འགྱུར་ཤོག།།

བདག་ཅག་གི་སྟོན་པ་བླ་ན་མེད་པ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་གྲངས་བརྒྱད་ཅུ་སོན་པའི་འཁྲུངས་སྐར་གྱི་གྱ་སྟོན་དང་འབྲེལ། སྤྱི་ལོ་ ༢༠༡༥/༦/༣༠ ཉིན་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་མགོན་པོ་གང་གི་མཉེས་བཞིན་རྗེས་སུ་བཟུང་བས་སློབ་མ་དྷརྨ་ས་གཱ་རའམ།། ཤར་སྤྲུལ་དམ་ཆོས་རྒྱ་མཚོ་ཞེས་པ་དེས་སྒོ་གསུམ་གུས་པས་གསོལ་བ་རྩེ་གཅིག་ཏུ་བཏབས་པའོ།། །།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese