མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་ཝེ་ཋི་ནམ་གྱི་འབྲེལ་མོལ།

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨོ་བྷ་མས་ཝེ་ཋི་ནམ་དམར་ཤོག་ཚོགས་པའི་དྲུང་ཆེ་ཎུ་ཡན་ཕུ་ཌི་རུང་ཐུག་ནས་ཚོང་དོན་དང་དམག་དོན་སྐོར་ལ་གྲོས་མོལ་བྱས་ཡོད་འདུག

ཁ་སང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོའི་སྲིད་འཛིན་ལས་ཁུངས་ཨོ་ཝལ་ (Oval) ནང་དུ། ཝེ་ཋི་ནམ་དམར་ཤོག་ཚོགས་པའི་དྲུང་ཆེ་ཎུ་ཡན་ཕུ་ཌི་རུང་ (Nguyen Phu Trong) ཐུག་སྟེ། ཝེ་ཋི་ནམ་གཞུང་གིས་ཨ་རིས་སྣེ་ཁྲིད་བཞིན་ཡོད་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ ༡༢ བར་ལ་དཔྱ་ཁྲལ་མེད་པའི་ཚོང་འབྲེལ་བྱ་རྒྱུའི་ཐོག་མཉམ་ལས་བྱེད་ཕྱོགས་དང་། རྒྱལ་ཁབ་གཉིས་བར་ཚོང་དོན་དང་དམག་དོན་མཉམ་ལས་གོང་མཐོར་གཏོང་ཐབས། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གནད་དོན་དང་ཝེ་ཋི་ནམ་གྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་བཅས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་འདུག  

ཨ་རིའི་རླུང་འཕྲིན་དབྱིན་ཡིག་དྲ་བའི་ཐོག་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་གཏམ་བཤད་ཅིག་ལུང་འདྲེན་བྱས་ཡོད་པའི་ནང་། དུས་རབས་ཉི་ཤུ་པའི་ནང་རྒྱལ་ཁབ་གཉིས་བར་དཀའ་ངལ་ཕྲད་པ་ལྟར། མ་འོངས་པར་མུ་མཐུད་ནས་ཆབ་སྲིད་ཀྱི་ལྟ་གྲུབ་དང་ལམ་ལུགས་འཛིན་ཕྱོགས་ཐད་མི་མཐུན་པ་ཤུགས་ཆེན་ཡོང་རྒྱུ་ཡིན་ཡང་། ད་ལྟ་ཕྱོགས་གཉིས་པོའི་མགོ་ཁྲིད་ཀྱིས་གཅིག་གིས་གཅིག་ལ་ཡིད་ཆེས་བྱས་ཏེ་མཐུན་འགྲིག་གི་འབྲེལ་ལམ་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་སྟབས། ངས་འབྱུང་འགྱུར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་ཕྱིན་ནས་མང་ཚོགས་ལ་ཁེ་ཕན་འཐོབ་ཀྱི་རེད་བསམ་གྱི་འདུག ང་ཚོས་ཞི་བདེ་རྒྱ་མཚོའི་རྒྱ་རྒྱུད་རྒྱལ་ཁབ་ཁག་གི་བར་ཚོང་འབྲེལ་གྱི་ལམ་བུ་གསར་པ་ཞིག་ཕྱེས་ཏེ། རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གནད་དོན་འདུམ་འགྲིག་བྱས་ཏེ་མངའ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཡོང་རྒྱུར་མཉམ་ལས་བྱ་རྒྱུ་བྱས་པ་ཡིན། ཞེས་བརྗོད་འདུག

ཎུ་ཡན་ཕུ་ཌི་རུང་ (Nguyen Phu Trong) གིས། ད་ལྟ་གལ་འགངས་ཆེ་ཤོས་ཤིག་ནི་ང་ཚོ་དགྲ་བོ་ནས་གྲོགས་པོར་འགྱུར་བ་མ་ཟད། མ་འོངས་པར་ཕྱོགས་གཉིས་བར་ཁྱབ་རྒྱ་ཆེ་བའི་མཉམ་ལས་བྱ་རྒྱུར་མོས་མཐུན་བྱུང་ཡོད་སྟབས། ངས་ང་ཚོའི་འབྲེལ་ལམ་མུ་མཐུད་འཕེལ་རྒྱས་འགྲོ་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད། ད་ལྟ་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་རྒྱལ་སྤྱིའི་ཁྲིམས་ལུགས་ལ་རྡོག་རོལ་བཏང་སྟེ་བྱ་འགུལ་སྤེལ་བཞིན་ཡོད་པ་དེས། རྒྱལ་ཁབ་ཕན་ཚུན་བར་རྙོག་འཛིང་ཇེ་ཆེར་གཏོང་གི་ཡོད་པ་རེད། ཅེས་བརྗོད་འདུག

ཨ་རི་དང་ཝེ་ཋི་ནམ་གྱི་འབྲེལ་བའི་འཕེལ་རིམ།

༡༩༧༥ ལོར་ཨ་རི་དང་ཝེ་ཋི་ནམ་གྱི་དམག་འཁྲུག་མཇུག་བསྒྲིལ་རྗེས། ཨ་རིས་ཝེ་ཋི་ནམ་ལ་བཅུ་ཕྲག་གཉིས་ལྷག་ཚོང་དོན་བཀག་སྡོམ་བྱས་ཡོད་ཀྱང་། ༡༩༩༤ ལོའི་ཟླ་ ༢ ཚེས་ ༣ ཉིན་ཨ་རིའི་སྲིད་འཛིན་བྷེལ་ཁེ་ལིང་ཌོན་གྱིས་ཚོང་དོན་བཀག་སྡོམ་གྱི་སྒོ་མོ་ཕྱེ་བ་དང་འབྲེལ་ཏེ། ༡༩༩༧ ལོར་པེ་ཌི་པེ་ཌར་སང་ (Pete Peterson) ལགས་ཨ་རིའི་ཝེ་ཋི་ནམ་གྱི་གཞུང་ཚབ་པར་བསྐོས་པ་མ་ཟད། ༢༠༠༠ ལོའི་ཟླ་ ༧ ཚེས་ ༡༣ ཉིན་རྒྱལ་ཁབ་གཉིས་བར་ཚོང་དོན་གྲོས་མཐུན་ཐོག་མ་བཞག་ཡོད། ༢༠༠༡ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་ཨ་རིའི་སྲིད་འཛིན་བྷུ་ཤི་ཡིས་ཨ་རི་དང་ཝེ་ཋི་ནམ་བར་ཚོང་དོན་གྲོས་མཐུན་ཐེངས་གཉིས་པ་དེ་བཞག་པ་མ་ཟད། ཝེ་ཋི་ནམ་ཨ་རིའི་ཚོང་འབྲེལ་བྱ་ཡུལ་གྱི་རྒྱལ་ཁབ་ཡག་ཤོས་ལ་ངོས་འཛིན་བྱས་ཤིང་། རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ནང་བཞུགས་རྒྱུར་རྒྱབ་སྐྱོར་དང་། ཨ་རིས་ཝེ་ཋི་ནམ་གྱི་དཔལ་འབྱོར་འཕེལ་རྒྱས་ཡོང་ཆེད་ལོ་རེར་ཨ་སྒོར་ས་ཡ་ ༤ ནས་ ༥ བར་སྤྲོད་རྒྱུ་ཐག་གཅོད་བྱས་ཡོད། ༢༠༠༧ ལོར་རྒྱལ་ཁབ་གཉིས་བར་ཚོང་དོན་དང་མ་འཇོག་བྱེད་སྟངས་ཐོག་ (TIFA) ཞེས་པའི་གྲོས་མཐུན་ཞིག་བཞག་སྟེ། སྐུ་ཚབ་ཕན་ཚུན་བར་ཡང་ཡང་ཐུག་ནས་གྲོས་མོལ་བྱས་ནས་གནད་དོན་ཁག་ཅིག་ཐོག་གྲོས་འཆམ་དང་ཡང་ཁ་ཤས་ཐོག་བསམ་ཚུལ་མ་མཐུན་པའི་གནས་སྟངས་བྱུང་ཡོད།

ཨ་རི་དང་རྒྱ་ནག་ཝེ་ཋི་ནམ་བཅས་ཀྱི་འབྲེལ་བའི་དཀྱོག་མཚམས།

༢༠༡༠ ལོར་ཨོ་བྷ་མས་ཨ་རིས་སྣེ་ཁྲིད་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་བྷུར་ཎེ་དང་ཅི་ལེ། མ་ལེ་ཞི་ཡ་དང་ནེའུ་ཛར་ལན་ཌི། པེ་རུ་དང་སིང་གྷ་པུར་བཅས་ཀྱི་བར་ (Trans-Pacific Partnership) ཞེས་པའི་གྲོས་མཐུན་ཞིག་འཇོག་རྒྱུ་ཡིན་པ་མ་ཟད། དེའི་ཁོངས་ཝེ་ཋི་ནམ་བཞུགས་དགོས་པའི་སྐུལ་མ་བཏང་བ་བཅས་ལ་བརྟེན་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་ཕྱིན་ཏེ། ༢༠༠༡ ནས་ ༢༠༡༡ ལོ་བར་ཨ་སྒོར་ཐེར་འབུམ་ ༢༠ ལྷག་གི་ཚོང་འབྲེལ་བྱས་ཡོད། ༢༠༡༢ ལོས་ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་ནག་དང་ཧྥི་ལི་ཕིན། མཱ་ལེ་ཞི་ཡ་དང་བྷུར་ཎེ། ཝེ་ཋི་ནམ་བཅས་ཀྱི་བར་རྩོད་རྙོག་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་སེ་ཧྥར་ལེའི (Spratlys) དང་ལྷོ་ངོས་བྱེ་གླིང་ཧྥེ་རའེ་ཁཱོར་སེ་རེབ་ (Fiery Cross Reef) མཚོ་གླིང་ཐོག་གནམ་ཐང་གཙོས་འཛུགས་སྐྲུན་ལས་གཞི་ཁག་གཅིག་གསར་རྒྱག་དང་། ཞི་བདེ་རྒྱ་མཚོའི་ཐོག་མཁའ་དབྱིངས་དབྱེ་མཚམས་ཐིག་ཚད་གསར་བཟོ་དང་མཚོ་ཁུལ་མང་པོ་ཞིག་གི་བདག་དབང་རྩོད་ལེན་བྱས་ཡོད་སྟབས། སྔར་ཡོད་དམར་ཤོག་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་བསྟུན་ཏེ། ཟླ་འདིའི་ཚེས་ ༧ ཉིན་ཝེ་ཋི་ནམ་དམར་ཤོག་ཚོགས་པའི་དྲུང་ཆེ་ཎུ་ཡན་ཕུ་ཌི་རུང་ (Nguyen Phu Trong) ཨ་རིར་བསྐྱོད་དེ་ཕོ་བྲང་དཀར་པོའི་ནང་ཨོ་བྷ་མ་ཐུག་སྟེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་གཏོང་ཐབས་སྐོར་ལ་གྲོས་མོལ་བྱས་སྐབས། ཕོ་བྲང་དཀར་པོའི་མདུན་དུ་མང་ཚོགས་ཁག་གཅིག་གིས་ལག་ཏུ་འཕྲེད་དར་བཟུང་སྟེ་ཝེ་ཋི་ནམ་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་འགས་ཨོ་བྷ་མར་མཚན་འཁོད་སྙན་ཞུ་བྲིས་ནས་ཎུ་ཡན་ཕུ་ཌི་རུང་ཨ་རིར་མགྲོན་འབོད་བྱས་པར་སྐྱོན་འཛུགས་བྱས་འདུག

གསར་འགྱུར་བརྒྱུད་ལམ་དང་མི་སྒེར་གྱི་ལྟ་ཕྱོགས།

དེ་རིང་དབྱིན་ཡུལ་གྱི་གྷར་ཌིན་གྱིས། ཎུ་ཡན་ཕུ་ཌི་རུང་ནི་ཝེ་ཋི་ནམ་གྱི་སྲིད་འཛིན་ཌི་རུན་ཏན་སན་ (Truong Tan Sang) དང་སྲིད་བློན་ཎུ་ཡན་ཏན་ཏུང་ (Nguyen Tan Dung)། རྒྱལ་ཡོངས་འཐུས་ཚོགས་ཀྱི་ཚོགས་གཙོ་ཎུ་ཡན་སིང་ཧུང་ (Nguyen Sinh Hung) བཅས་ཐེ་པའི་དབང་ཤུགས་ཆེ་ཤོས་གྲས་ཀྱི་མི་བཞིའི་ཁྲོད་ཀྱི་གཅིག་ཡིན་པ་མ་ཟད། རྒྱལ་ཁབ་སྐྱོང་མཁན་གྱི་གལ་ཆེན་མི་སྣ་ཞིག་ཆགས་ཡོད་ཀྱང་། ད་ལྟ་ཝེ་ཋི་ནམ་གཞུང་གིས་ཐག་གཅོད་གང་བྱས་ཀྱང་ཆབ་སྲིད་འཐུས་ཚོགས་ཀྱི་འཐུས་མི་ ༡༦ གི་མོས་མཐུན་མ་བྱས་པར་འགྲོ་ཐབས་མེད་སྟབས། ད་ཐེངས་ཎུ་ཡན་ཕུ་ཌི་རུང་གིས་ཨ་རི་དང་གྲོས་མོལ་བྱས་པ་དག་ལ་མ་འོངས་པར་དོན་འབྲས་སྨིན་རྒྱུ་ཡིན་མིན་སུས་ཀྱང་ཤོད་ཚོད་ཐེག་གི་མ་རེད་ཅེས་དང་། ཨ་རིའི་ཝ་ཤིན་ཌོན་ཆ་འཕྲིན་གྱིས། ཝ་ཤིན་ཌོན་གྱི་ཕྱི་སྲིད་གནད་དོན་ཆེད་མཁས་པ་ཚོས། འདི་ལོ་ཨོ་བྷ་མ་ཨེ་ཤ་ཡའི་ནང་རྒྱལ་དོན་སྐོར་སྐྱོད་བྱེད་སྐབས། ཝེ་ཋི་ནམ་ལ་འགྲོ་རྒྱུ་ཡིན་པའི་གླེང་སློང་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། ཕོ་བྲང་དཀར་པོས་འདིའི་སྐོར་ལ་གསལ་བསྒྲགས་གང་ཡང་སྤེལ་མེད་སྟབས། ད་ལྟ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་ལམ་ཚད་གཞི་ངེས་ཅན་ཞིག་ཐོག་སླེབ་མེད་པ་ར་འཕྲོད་བྱས་པ་རེད། ཅེས་བྲིས་འདུག

ཨ་རིའི་ཁེད་ལི་ཧྥོར་ནེ་ཡར་རྟེན་གཞི་བྱས་པའི་ཧུའུ་ཌན་ཝེ་ (Huu Dinh Vo) ཡིས། ཨ་རིས་ཝེ་ཋི་ནམ་གཞུང་དང་ཚོང་འབྲེལ་གྲོས་མཐུན་འཇོག་སྐབས། ཝེ་ཋི་ནམ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་དགོས་པའི་ཆ་རྐྱེན་བཏོན་ཏེ། གྲོས་མཐུན་མ་བཞག་ན་དམར་ཤོག་ཚོགས་པའི་དཔོན་རིགས་ཚོར་ཁེ་ཕན་འཐོབ་རྒྱུ་ལས་མང་ཚོགས་ལ་ཕན་ཐོགས་ཡོང་རྒྱུ་ཁག་པོ་ཡིན་སྟབས། ཨ་རིས་ད་ཐེངས་ཀྱི་གྲོས་མོལ་འདི་ནས་ལེགས་ཆ་བླངས་ཏེ། མ་འོངས་པར་ནོར་འཁྲུལ་གཉིས་པ་མ་ཤོར་བའི་རེ་བ་ཡོད། ཅེས་བརྗོད་འདུག 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༥ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༥ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese